༄༅།།བོད་སྐད་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ།

发布时间:2018-07-10 10:25:52

མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་བོད་སྐད་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། བོད་སྐད(དབུས་གཙང་སྐད་)རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ནི། བོད་ཀྱི་སྐད་དང་ཡི་གེ་ཆ་འཕྲིན་ཅན་དུ་འགྱུར་བའི་ལམ་བུའི་ཐོག་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ཞིང་། དེ་ནི་མིག་རྒྱང་རིང་བའི་དོན་དག་གལ་ཆེན་དང་འབྲེལ་བ་ཡོད་ཅིང་བཀྲ་ཤིས་པའི་དོན་ཞིག་ཀྱང་ཡིན་པ་རེད། རིག་ནུས་ཡིག་སྒྱུར་མཉེན་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པ་ནི་མི་རིགས་ཀྱི་སྐད་ཡིག་ཆ་འཕྲིན་ཅན་དང་དེང་རབས་ཅན་ལ་སྐུལ་འདེད་དང་། མི་རིགས་ཁག་གི་མང་ཚོགས་དབར་སྤེལ་རེས་ལ་སྐུལ་འདེད་དང་། ཕུལ་བྱུང་གི་མི་རིགས་རིག་གནས་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅིང་།  བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཛུགས་བསྐྲུན་དང་ཆབ་སྲིད་འཛུགས་སྐྱོང་། སྐྱེས་ཁམས་དཔལ་ཡོན་འཛུགས་སྐྱོང་། མི་རིགས་སློབ་གསོ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད།

 

上一篇:མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྣམ་ཐར་མདོར་བསྡུས།

下一篇:བོད་ཡིག་སློབ་གསོའི་རྒྱུ་སྤུས་གནས་ཚུལ་དང་ལེགས་བཅོས་ཀྱི་བསམ་འཆར།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2715902 位访客