ཕ་སྐད་ཀྱི་བླ་སྲོག་དབྱངས་ལ་འགུག་སའི་ངག་གི་སྡིངས་ཆ། སྒྱུ་རྩལ་གྱི་ཉིང་བཅུད་འོད་དུ་སྒྲོན་སའི་རེ་བའི་གར་སྟེགས།

发布时间:2018-07-02 03:11:23


 མདོ་སྨད་བྲག་དཀར་རྫོང་གི་ཆུང་འབྲིང་སློབ་མའི་ལེགས་རྩོམ་གྱེར་འདོན་༼ལོ་ཆུང་ངག་གི་ལེགས་རྩོམ་༽འགྲན་སྡུར་སྐབས་དང་པོ་༢༠༡༨ལོའི་ཟླཔའི་ཚེས༢༧ཉིན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་ནས་གཟབ་རྒྱས་ངང་སྤེལ།    ཐེངས་འདིའི་བྱེད་སྒོ་འདི་ནི་རྫོང་སློབ་གསོ་ཅུའུ་ཡིས་གཙོ་སྒྲུབ་དང་བྲག་དཀར་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོས་འགན་སྒྲུབ་བྱས་པ་རེད། 

སྲོན་རྒྱུན་ལེགས་རྩོམ་གྱེར་འདོན་ནི་ཀྲུང་གོའི་རིག་གནས་བང་མཛོད་ནང་གི་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་ཡིན་ལ།  དེ་ནི་ཡབ་མེས་ནས་བརྒྱུད་པའི་ཤེས་རབ་ཀྱི་དྭངས་མ་དང་།  ཡང་ན་མི་རིགས་ཀྱི་རང་བཀུར་དང་གཅིག་སྒྲིལ།    རིག་གནས་ཀྱི་གཟུང་ཐག་ཡིན་པས། དེ་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་ལ་གཟི་བརྗིད་ཀྱང་ཡིན།

སྙན་ངག་ནི་མི་རིགས་ཀྱི་རུས་རྐང་ལ་འཐིམ་པའི་རྣམ་ཤེས་ཡིན་ལ།  ལུས་ཟུངས་ཀྱི་དྭངས་མ་རུ་འཁོལ་བའི་ཟུངས་ཁྲག་གི་རྒྱུ་བ་ཡིན།  དེ་རིང་གི་ནམ་མཁའ་ནི་ལོ་ཆུང་དག་གི་སྙན་ངག་གི་མེ་ཏོག་འཐོར་ས་དང་སྙན་ངག་གི་འཇའ་ཚོན་བཀྲ་ས་ཡིན། ཕ་སྐད་ནི་ཕ་མེས་ཀྱིས་ངེད་ཅག་ལ་གནང་བའི་ལེགས་སྐྱེས་ཀྱི་ཐོག་མ་ཡིན་པ་དང།  ངེད་ཅག་གི་དྲན་པའི་ཁྲོད་དུ་ལུས་པའི་མཐའ་མཇུག་གི་སྙན་དབྱངས་ཡིན། 

རྫོང་སློབ་གསོ་ཅུའུ་ནས་སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སློབ་མ་རྣམས་ཀྱི་སྒྱུ་རྩལ་གྱི་འཇོན་ཐང་སྔོག་འདོན།   བྱང་ཚད་མཐོར་འདེགས། སྤོབས་པ་སྦྱོང་བརྡར།  སློབ་མར་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་མཐོར་འདེགས་བཅས་ལ་དམིགས་ནས་བྱེད་སྒོ་འདི་སྤེལ་བ་དང་།འགྲན་སྡུར་ལ་ཞུགས་མཁན་གྱི་སློབ་བུ་རྣམས་སྤོབས་པ་ཆེ་ཞིང་ཉམས་འགྱུར་ལྡན་ལ།    སྨྲ་བརྗོད་དག་ཞིང་སྐད་གདངས་གསལ   ཚིག་གི་གཅོད་མཚམས་བདེ་ལ་བྱང་ཆ་ལྡན་པ་མ་ཟད།  སྲོད་རྒྱུན་གྱི་ནང་དོན་དང་ཡར་སྐུལ་གྱི་ནུས་པ་ལྡན་ལ་གསར་བཏོད་ཀྱི་རྣམ་པ་སྔོན་ཐོན་ཡིན་པས་རྒྱ་ཆེ་དགེ་སློབ་ཡོངས་ནས་གཟེངས་བསྟོད་ཚད་མེད་བྱས་སོང་།

 


上一篇:རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་བོད་སྐད་དུ་འགྱུར་བ།

下一篇:འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར་མདོར་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731079 位访客