སྟོད་མངའ་རིས་སྐོར་གསུམ།

发布时间:2018-06-25 02:25:40

         མངའ་རིས་ས་གནས་ལ་ཁུལ་གསུམ་དུ་ཕྱེ་ནས་སྤུ་ཧྲེངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག་དང་་། ལི། བྲུ་ཤ སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་གསུམ་སྐོར་གཅིག་བཅས་ཡིན། མངའ་རིས་ཟེར་བའི་གོ་དོན་ནི་རྒྱལ་པོའི་ཆབ་འབངས་ཟེར་བ་སྟེ། མངའ་བདག་དཔལ་འཁོར་བཙན་འབངས་གྱེན་ལོག་སྐབས་བསད་རྗེས་དེའི་བུ་ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཆེ་བ་སྐྱིད་ལྡེ་ཉི་མ་མགོན་གཉིས་མངའ་རིས་སུ་བྲོས་ཤིང་། བཀྲ་ཤིས་བརྩེགས་པ་དཔལ་གྱིས་ལ་སྟོད་ཁུལ་དུ་བསྡད། སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་སོང་ནས་བུ་གསུམདཔལ་ལྡེ་རིག་པ་མགོན། བཀྲ་ཤིས་ལྡེ་་མགོན། ལྡེ་གཙུག་མགོན།བྱུང་བའི་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་ལ་དྭགས་བཟུང་། དེ་ལས་ལ་དྭགས་ཀྱི་རྒྱལ་རྒྱུད་བྱུང་། འབྲིང་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེངས་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། དེ་ལས་གུ་གེ་བཟུང་། དེ་ལས་གུ་གེ་རྒྱལ་རྒྱུད་ཡ་ཚེའི་རྒྱལ་རྒྱུདརྣམས་བྱང་། ཞིང་པའི་གྱེན་ལངས་ཀྱི་རྗེས་སུ་སྲོང་བཙན་སྒམ་པོའི་གདུང་རྒྱུད་ཀྱིས་ས་ཁུལ་དེ་གསུམ་བགོས་ནས་དབང་བསྒྱུར་བྱས་པས་དེགསུམ་གྱི་མངའ་འོག་གི་འབངས་ལ་མངའ་རིས་ཟེར། དེ་ལ་ས་དབྱིབས་ཀྱི་ཐོག་ནས་བཤད་ན་སྤུ་ཧྲེངས་གངས་ཀྱི་སྐོར་བ་གཅིག མང་ཡུལ་མཚོ་དང་ནགས་ཚལ་གྱིས་སྐོར་བ་དང་གཉིས།  ཞང་ཞུང་གཡའ་ཡིས་སྐོར་བ་དང་གསུམ་དུ་ཕྱེ་བའོ།


上一篇:བོད་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་ལེགས་སྦྱར་སྐད་ལས་བོད་སྐད་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་ཇི་ལྟར་བསྒྱུར་བའི་ཚུལ།

下一篇:སློབ་མའི་བསླབ་བྱ། 《弟子规》

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2490115 位访客