༄༅།།རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་སྐྱིད་སྡུག་ལམ་འཁྱེར།

发布时间:2018-06-06 08:53:14

བདག་གཞན་རྒྱུ་ལུས་ཀྱི་ཕུང་པོ་འདི།

 

ན་ན་ན་སྟེ་ན་བས་དགའ།

 

སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན།

 

ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང༌།

 

སྒྲིབ་གཉིས་སྦྱོང་བའི་ཆེད་དུ་ཡིན།

 

 

 

ན་བ་མེད་ན་མེད་དེ་དགའ།

 

ལུས་སེམས་བདེ་ན་དགེ་སྦྱོར་འཕེལ།

 

མི་ལུས་དོན་ཆེན་བྱེད་པ་ཡང༌།

 

སྒོ་གསུམ་དགེ་ལ་སྦྱོར་བ་ཡིན།

 

 

 

འབྱོར་པ་མེད་ན་མེད་དེ་དགའ།

 

སྲུང་བྲལ་བྱ་བྲེལ་དེ་ལ་མེད།

 

འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ།

 

འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས།

 

 

 

འབྱོར་པ་ཡོད་ན་ཡོད་དེ་དགའ།

 

བསོད་ནམས་ཀྱི་དགེ་ཚོགས་སྤེལ་བའི་ཚོགས།

 

འཕྲལ་ཕུག་གི་ཕན་བདེ་ཇི་སྙེད་པ།

 

བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས།

 

 

 

མྱུར་དུ་ཤི་ན་ཤི་བས་དགའ།

 

རྐྱེན་ངན་གྱིས་བར་དུ་མ་ཆོད་ཅིང༌།

 

མཚམས་སྦྱོར་གྱི་བག་ཆགས་བཟང་འགྲོགས་པའི།

 

མ་ནོར་གྱི་ལམ་དུ་ཆུད་པར་ངེས།

 

 

 

ཡུན་དུ་གསོན་ན་གསོན་པའི་དགའ།

 

ཉམས་མྱོང་གི་ལོ་ཏོག་སྐྱེ་བ་ལ།

 

གདམས་ངག་གི་བརླན་དྲོད་མ་ཡལ་བར།

 

ཡུན་དུ་བསྟེན་པས་སྨིན་པར་འགྱུར།

 

གཞན་ཡང་ཞལ་གདམས།

 

 

ཐོས་བསམ་སྒོམ་པའི་ཤེས་རབ་བསྟེན།།

ང་རྒྱལ་ཅན་ལ་མགུ་དུས་མེད།།

 

ཕྲག་དོག་ཅན་ལ་བདེ་དུས་མེད།།

 

འདོད་ཆགས་ཅན་ལ་ཆོག་དུས་མེད།།

 

ཞེ་སྡང་ཅན་ལ་མཐུན་དུས་མེད།།

 

སེར་སྣ་ཅན་ལ་ཡོད་དུས་མེད།།

 

འཁྲུལ་པའི་སེམས་ལ་བདེ་དུས་མེད།།

 

ཉོན་མོངས་ཆུང་ན་སྡུག་བསྔལ་ཆུང༌།།

 

ཉོན་མོངས་ཟད་དུས་སྡུག་བསྔལ་ཟད།།

 

དེ་ཕྱིར་མི་འདོད་ཀུན་གྱི་གཞི།།

 

ཉོན་མོངས་དགྲ་བོ་བཅོམ་ན་ལེགས།།


上一篇:འཇམ་དབྱངས་བསྟོད་པ་གང་བློ་མ་བཞུགས་སོ།།

下一篇:བོད་གངས་ཅན་གྱི་ལྗོངས་སུ་བཀའ་པོད་ཆེན་པོ་ལྔ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་གཞོན་ནུ་ཀུན་ཏུ་དགའ་བའི་གཏམ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2490139 位访客