འཇམ་དབྱངས་བསྟོད་པ་གང་བློ་མ་བཞུགས་སོ།།

发布时间:2018-06-06 08:43:00

༄༅། ། འཇམ་དབྱངས་གང་བློ་མ་ཞེས་བྱ་བ་བཞུགས་སོ།།

文殊礼赞

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

敬礼上师怙主妙音

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །

怙主妙智离二障云清净如日极明朗

ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བུམ་འཛིན། །

所有诸义如实知故至尊胸间托经函

གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །

三有狱中一切含识无明暗覆苦所逼

འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། ། 

悲愍众生皆如独子宣说六十支音语

འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་གྲོལ་མཛད་ཅིང༌། །

如雷大震烦恼睡醒业力铁链使开解

མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། ། 

无明暗除所有苦芽为令断尽持宝剑

གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །

本来清净十地究竟功德体全佛子身

བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །

百一十二相好庄严除我心暗礼妙音

ཨོཾ་ཨ་ར་པ་ཙ་ན་དྷཱིཿ 

嗡阿日阿巴嘉那帝

བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་གསལ་གྱིས། །

大悲尊以极遍智光明 

བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །

尽除我心愚痴诸黑暗

བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །

契经及论教典皆证得

བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ། །

愿赐智慧辩才咸显现

ཉོན་རྨོངས་པ་ཡིས་གདུང་བའི་ཉམས་ཐག་བདག།

སྒྲིབ་གཉིས་སྤྲིན་བྲལ་རབ་གསལ་ཁྱེད་ཉིད་ལས། །

སྐྱབས་དང་རེ་ས་གཞན་ན་མེད་ལགས་པས།།

འཇམ་དབྱངས་ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །

 

ཆོས་ཀྱི་སྙིང་པོ་ལེན་འདོད་རིན་ཆེན་སེམས། །

དེ་ཡང་ཤེས་རབ་མཐུ་ལས་བྱུང་བ་ན། །

ཤེས་རབ་ནོར་གྱིས་དབུལ་བ་བདག་འདྲ་ལ། །

བླུན་དད་གང་ཡང་མ་འབྱོར་ངེས་པ་ཐོབ། །

 

ཉོན་མོངས་དགྲ་ཚོགས་གཞོམ་པ་བྱེད་པ་ལ། །

ཡེ་ཤེས་མཚོན་ཆ་མེད་པའི་ཇི་ལྟར་བྱ། །

ཡིན་ལུགས་མི་ཤེས་འཁོར་བའི་མུན་ཁུང་ནང་། །

ཤེས་རབ་འདྲེན་བྱེད་མེད་པས་ནོངས་བར་བྱེད། །

 

ཉིན་རེའི་བླངས་དོར་ཕྲ་མོ་ཕྲ་མོ་ཡང་། །

ཤེས་རབ་འདི་ཡིས་རིགས་མིན་འབྱེད་དགོས་ན། །

གཏན་གྱི་བདེ་བའི་བཙན་ས་ཟིན་པ་ལ། །

ཤེས་རབ་མེད་ན་གྲུབ་ཅེས་སྨྱོན་པའི་ཚིག།

 

དེའི་ཕྱིར་འཇམ་དབྱངས་མགོན་པོ་ཁྱེད་ཉིད་ནས། །

དགེ་བའི་བཤེས་སུ་རྟག་ཏུ་བྱོན་ནས་ནི། །

ཀུན་མཁྱེན་གཏན་བདེའི་རྒྱལ་ས་མ་ཟིན་བར། །

མཉེས་བཞིན་རྗེས་སུ་གཟུང་དུ་གསོལ་གསོལ་གསོལ། །

 

 

上一篇:༄། །འོ་མཚོ་འཕྱུར་བའི་རླབས་སྒྲ།

下一篇:༄༅།།རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་སྐྱིད་སྡུག་ལམ་འཁྱེར།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2509913 位访客