༄༅།།《བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ་》ཀྱི་པར་ཕུད་འགྲེམས་སྤེལ་བྱས་པ། ​

发布时间:2018-06-04 09:53:21

         


མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན། གསར་འགོད་པས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་ལྔ་པའི་ཐོག་ནས་ཤེས་རྟོགས་བྱས་པར། བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ་དང་དུང་དཀར་བློ་བཟང་འཕྲིན་ལས། སྤྲུལ་སྐུ་ཞིག་ནས་དགེ་རྒན་ཆེ་མོ་བའི་མི་ཚེའི་ལམ་བུ་ཞེས་པའི་བརྙན་དེབ་པར་ཕུད་ཀྱི་འགྲེམས་སྤེལ་མཛད་སྒོ་པེ་ཅིང་དུ་གཉེར་བ་རེད།

 བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་བཀའ་འགྱུར་དང་བསྟན་འགྱུར་དང་དེ་བཞིན་རྙིང་མ་རྒྱུད་འབུམ》《ཆོས་མངོན་པའི་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་》《ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་སོགས་རྩོམ་སྒྲིག་བྱས་ནས་གྲུབ་པ་ཞིག་རེད། གློག་རྡུལ་པར་གཞིས་དཔེ་ཆབཀའ་བསྟན་དཔེ་བསྡུར་མལ་ཞིབ་བསྡུར་དང་དག་བཅོས་ནན་ཏན་བྱས་ཏེ་དེའི་ནང་དོན་གྱི་ཆ་ཚང་རང་བཞིན་དང་དབང་གྲགས་རང་བཞིན་འགན་ལེན་བྱས་པ་མ་ཟད། ད་དུང་པར་དབྱིབས་དང་། པར་ངོས། ཡིག་གཟུགས། ཡི་གེ་ཆེ་ཆུང་སོགས་ཐད་དཔེ་ཆ་དང་གཅིག་མཚུངས་ཡོང་བའང་བྱས་ཡོད། དེའི་ལྟ་ཀློག་ཡོ་བྱད་ཀྱིས་ཀློག་པ་པོར་མགྱོགས་མྱུར་དང་སྤུས་ལེགས་ཀྱི་ལྟ་ཀློག་ལག་ཆ་ཞིག་མཁོ་འདོན་བྱས་ཏེ་རྩིས་འཁོར་ཐོག་ནས་བཀའ་བསྟན་འགྱུར་ནང་བསྡུས་པའི་གསུང་རབ་ཀྱི་མ་དཔེ་ལྟ་ཀློག་བྱེད་ཐུབ་པ་དང་ཆབས་ཅིག་ནང་དོན་ཆ་ཚང་དཔྱད་འཚོལ་ཡང་བྱེད་ཐུབ་པས་མཁས་དབང་དང་གྲྭ་བཙུན་རྣམ་པར་སྦྱོང་སྤྱོད་དང་། ཞིབ་འཇུག་ཐད་སྟབས་བདེ་བསྐྲུན་ཡོད། བཀའ་བསྟན་འགྱུར་གློག་རྡུལ་པར་གཞིས་སྤྱད་པའི་བོད་ཡིག་གི་ཡིག་གཟུགས་ཧ་ཅང་མཛེས་པོ་ཡོད་པས་མིག་སྔའི་ཁྲོམ་རའི་ཐོག་བོད་ཡིག་སྤྱི་ཡོངས་པར་སྒྲིག་གི་མཛེས་ཆ་ཆེ་ཤོས་ལྡན་པའི་བོད་ཡིག་ཡིག་གཟུགས་ཤིག་རེད།

 དུང་དཀར་བློ་བཟང་འཕྲིན་ལས། སྤྲུལ་སྐུ་ཞིག་ནས་དགེ་རྒན་ཆེ་མོ་བའི་མི་ཚེའི་ལམ་བུ་ཞེས་པའི་དེབ་དེ་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་སྐུ་འཁྲུངས་ནས་ལོ་དགུ་བཅུ་འཁོར་བར་དྲན་གསོ་ཞུ་བའི་བརྩམས་ཆོས་ཤིག་རེད། རྩོམ་ཡིག་དང་པར་རིས་ཕུན་སུམ་ཚོགས་པའི་བརྙན་དེབ་དེ་ཁོང་སྐུ་ཚོ་ཞུགས་སྐབས་ཀྱི་རྩ་ཆེའི་པར་རིས་150ལྷག་ཙམ་དང་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁོང་གི་བུ་ཕྲུག་བཅས་ཀྱིས་བྲིས་པའི་རྗེས་དྲན་རྩོམ་ཡིག་ལས་གྲུབ་ཡོད། ལྷག་པར་དུ་དེབ་དེས་བོད་རིགས་ཀྱི་སྲོལ་རྒྱུན་ཤེས་ཡོན་ཅན་ཞིག་གི་སྤྱིར་བཏང་མིན་པའི་མི་ཚེ་ཧྲིལ་པོ་གསོན་ཉམས་དོད་ལ་ཇི་མ་ཇི་བཞིན་དུ་མཚོན་ཡོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་1927ལོར་སྐུ་འཁྲུངས་ཤིང་། དགུང་ལོ་5ཕེབས་སྐབས་བཀྲ་ཤིས་ཆོས་གླིང་དགོན་གྱི་དུང་དཀར་སྤྲུལ་སྐུ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་ལ་ངོས་འཛིན་གནང་། དགུང་ལོ་20ལ་ཕེབས་སྐབས་ཁོང་ལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགེ་ལུགས་པའི་མཚན་གནས་མཐོ་ཤོསདགེ་བཤེས་ལྷ་རམས་པའིམཚན་གནས་ཐོབ་པ་དང་། དགུང་ལོ་24ལ་ཕེབས་སྐབས་སྔགས་རྒྱུད་ཀྱི་སྔགས་རམས་པའི་མཚན་གནས་ཨང་གཉིས་པ་ཐོབ་པ། དགུང་ལོ་28ལ་ཕེབས་སྐབས་རྒྱུད་སྟོད་ཀྱིདགེ་བསྐོསལ་བདམས་པ་བཅས་བོད་བརྒྱུད་ནང་བསྟན་ཆོས་ལུགས་མདོ་སྔགས་ལ་སྦྱངས་པ་མཐར་ཕྱིན་མཛད་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། མཁས་དབང་དུང་དཀར་འཕྲིན་ལས་མཆོག་གིས་ཡུན་རིང་ནང་བོད་རིག་པ་སློབ་ཁྲིད་དང་ཞིབ་འཇུག་ལས་དོན་ལ་གཞོལ་ནས་རིག་གཞུང་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། ད་དུང་བོད་ཀྱི་རིག་གནས་སྔོག་འདོན་དང་། ལེགས་སྒྲིག དར་སྤེལ་བཅས་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ལྷག་དོན་དུ་བོད་རིག་པའི་ཞིབ་འཇུག་བྱ་གཞག་ཐད་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་གནང་ནས་བོད་རིག་པའི་ཁོངས་གཏོགས་སུ་མཚན་སྙན་གྲགས་ཆེན་པོ་ཡོད། ཁོང་གིས་བརྩམས་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་དང་དུང་དཀར་ཚིག་མཛོད་ཆེན་མོ་སོགས་ནི་རྗེས་རབས་པ་ཚོར་བཞག་པའི་བསམ་བློའི་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ཞིག་རེད།

上一篇:༄༅། །ལེགས་བཤད་འཕྲུལ་གྱི་དྲ་བ་བཞུགས་སོ། ། དཔལ་ལྡན་ས་སྐྱ་པཎྜི་ཏ།

下一篇:༄། །འོ་མཚོ་འཕྱུར་བའི་རླབས་སྒྲ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731110 位访客