མཚོ་སྔོན་གྱིས་གངས་ཤུད་ལུས་རྩལ་པ༥༧བདམས་ཏེ་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཁྲོད་ཞུགས་པར་གྲ་སྒྲིག་བྱས་པ།

发布时间:2018-06-01 03:16:11

    མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    གངས་ཤུད་དང་འཚམ་པའི་ལུས་རྩལ་པ་བདམས་ཏེ༢༠༢༢ལོའི་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཁྲོད་ཞུགས་པར་གྲ་སྒྲིག་བྱ་ཆེད།  ཉེ་སྔོན།   ཞིང་ཆེན་ལུས་རྩལ་ཚན་རིག་ཞིབ་འཇུག་ཁང་གིས་གཟའ་འཁོར་གཅིག་རིང་གི་ཚོད་རྒྱུགས་དང་བསྡོམས་རྩིས་དབྱེ་ཞིབ་བྱས་པ་བརྒྱུད།    རང་ཞིང་ནས་ཕུལ་བྱུང་ལུས་རྩལ་འཇོན་མི57བདམས་ཏེ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་གྱི་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ནས་འདེམས་བསྐོ་ཚོད་རྒྱུགས་ཐེངས་གཉིས་པའི་ཁྲོད་ཞུགས་པར་འོས་སྦྱོར་བྱས།

 རྒྱུས་ལོན་པ་ལྟར་ན།   འདེམས་བསྐོ་ཚོད་རྒྱུགས་ཁྲོད།   ལུས་རྩལ་ཚན་རིག་ཁང་གིས་གངས་ཐོག་གི་འབྲེལ་ཡོད་ས་ཁོངས་ཀྱི་ཆེད་མཁས་པ་གདན་ཞུས་ཏེ་ཆེད་དོན་ཞིབ་འཇུག་གི་གྲོས་མོལ་ཚོགས་འདུ་བསྡུས་ཤིང་།   ཚོགས་ཐོག་ཏུ་གངས་ཐོག་ལུས་རྩལ་རྣམ་གྲངས་ཀྱི་ཁྱད་ཆོས་བླང་བྱ་ཟུང་འབྲེལ་སྒོས་ཞིབ་ཕྲའི་བྱ་བའི་ཇུས་གཞི་སྒྲིག་བཟོ་བྱས་ཏེ།  འདེམས་བསྐོའི་ཚད་གཞི་དང་ཚོད་རྒྱུགས་བྱེད་ཐབས་གཏན་འཁེལ་བྱས། ཐེངས་འདིའི་ལུས་རྩལ་པ་འདེམས་བསྐོའི་ཚོད་རྒྱུགས་ཁྲོད་གངས་ཐོག་ལུས་རྩལ་དང་འཚམ་པའི་ཕུལ་བྱུང་ལུས་རྩལ་པ་བདམས་པར་འགན་ལེན་བྱས། 

 གཟའ་འཁོར་གཅིག་རིང་གི་ཚོད་རྒྱུགས་དང་བསྡོམས་རྩིས་དབྱེ་ཞིབ་བྱས་པ་བརྒྱུད།  ལུས་རྩལ་པ་མི་སྒེར་གྱི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གྲུབ་འབྲས་དང་ཆེད་མཁས་པའི་བསམ་འཆར་གཞིར་བཟུང་སྟེ།   ལུས་ཕུང་བྱང་ཚད་བཟང་ལ་སེམས་ཁམས་བྱང་ཚད་མཐོ་བ། ལུས་རྩལ་ལག་རྩལ་ཅུང་བཟང་བའི་ཕུལ་བྱུང་ལུས་རྩལ་པ༥༧བདམས་ལ། དེ་དག་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ནས་འདེམས་བསྐོ་ཚོད་རྒྱུགས་ཐེངས་གཉིས་པའི་ཁྲོད་ཞུགས་པར་འོས་སྦྱོར་བྱས།

 


上一篇:《རྒྱུད་བཞི》འཛམ་གླིང་དྲན་ཤེས་ཡ་ཞི་ས་ཁུལ་གྱི་མིང་ཐོའི་ཁྲོད་བདམས་པ།

下一篇:ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བཀས་བཅད་པའི་བརྡ་གསར་བཞུགས་སོ། །

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2490109 位访客