ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང༌།

发布时间:2018-06-01 02:28:12

ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང༌། 

འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དེ་གསུམ་ཆ་མཉམ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ་ཆ་མཉམ་པ་ཉིས་ཁྲི་ཆིག་སྟོང་རེ་རེ་གསུངས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར། 

འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དེ་གསུམ་ཆ་མཉམ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ་ཆ་མཉམ་པ་ཉིས་ཁྲི་ཆིག་སྟོང་རེ་རེ་གསུངས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། ཚད་ནི་གླང་པོ་ཆེ་ས་སྲུང་གི་བུས་ཐེག་ཚད་ཀྱི་སྣག་ཚས་ཆོས་ཕུང་གཅིག་བྲིར་ནུས་སོ། །ཡང་རང་གྲོལ་དབང་དྲག་རྒྱ་མཚོའི་ཞལ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང༌། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གསུངས་པ་སྟེ། དེ་ཡང་རྩ་བ་འདོད་ཆགས་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་ཉིས་ཁྲི་ཆིག་སྟོང་གསུངས་སྟེ། དེ་ཡང་དབྱེ་ན་གཉེན་པོ་དམ་བཅའ་ལ་བརྟེན་པའི་ཁྲི་ཕྲག་གཅིག་རང་བཞིན་ལ་བརྟེན་པའི་ཁྲི་ཕྲག་གཅིག ཟུང་འཇུག་ལ་བརྟེན་པའི་ཁྲི་ཕྲག་གཅིག་གསུངས་སོ། །རྩ་བ་ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་མདོ་སྡེ་ཉིས་ཁྲི་ཆིག་སྟོང་གསུངས་སྟེ། དེ་ཡང་བྱང་སེམས་སྨོན་པ་ལ་བརྟེན་པའི་ཁྲི་ཕྲག་གཅིག འཇུག་པ་ལ་བརྟེན་པའི་ཁྲི་ཕྲག་གཅིག་ཟུང་འཇུག་ལ་བརྟེན་པའི་ཁྲི་ཕྲག་གཅིག རྩ་བ་གཏི་མུག་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་མངོན་པ་ཉིས་ཁྲི་ཆིག་སྟོང་གསུངས་སྟེ།  དེ་ཡང་དབྱེ་ན། སྐྱེ་མེད་ལ་བརྟེན་པའི་ཤེས་རབ་ཁྲི་ཕྲག་གཅིག འགག་མེད་ལ་བརྟེན་པའི་ཤེས་རབ་ཁྲི་ཕྲག་གཅིག་གཉིས་མེད་ཟུང་འཇུག་ལ་བརྟེན་པའི་ཤེས་རབ་ཁྲི་ཕྲག་གཅིག་གསུངས་སོ། །རྩ་བ་དུག་གསུམ་ལ་ཆ་མཉམ་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་ཡོ་ག་ཉིས་ཁྲི་ཆིག་སྟོང་གསུངས་ཏེ། དེ་ཡང་བསྐྱེད་རིམ་ལ་བརྟེན་པའི་ཁྲི་ཕྲག་གཅིག རྫོགས་རིམ་ལ་བརྟེན་པའི་ཁྲི་ཕྲག་གཅིག  བསྐྱེད་རྫོགས་ཟུང་འཇུག་ལ་བརྟེན་པའི་ཡེ་ཤེས་ཁྲི་ཕྲག་གཅིག་གསུངས་སོ། །ཅེས་གསུངས་སོ། །


上一篇:གུང་ཐང་སློབ་གཉེར་བསླབ་བྱ།

下一篇:《རྒྱུད་བཞི》འཛམ་གླིང་དྲན་ཤེས་ཡ་ཞི་ས་ཁུལ་གྱི་མིང་ཐོའི་ཁྲོད་བདམས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2490136 位访客