མངའ་རིས་དམངས་གཞས་གཞས་ཚིག རྨ་བྱ་ང་ནི་ཡོང་ཡོང་།

发布时间:2018-05-31 10:18:35

བྱ་ལགས། བྱ་ལགས།  

བྱ་ལགས་ཁྱེད་རང་ཡོང་ཡོང་དེ། གང་གི་ཕྱོགས་ནས་ཡོང་ཡིན་བྱ་ལགས། 

རྨ་བྱ་ཁྱེད་རང་ཡོང་ཡོང་དེ། གང་གི་ཕྱོགས་ནས་ཡོང་ཡིན་བྱ་ལགས།


བྱ་ལགས། བྱ་ལགས།  

བྱ་མོ་ང་རང་ཡོང་ཡོང་དེ། རྒྱ་གར་ཤར་ནས་ཡོང་ཡིན་བྱ་ལགས། 

རྨ་བྱ་ང་རང་ཡོང་ཡོང་དེ། རྒྱ་གར་ཤར་ནས་ཡོང་ཡིན་བྱ་ལགས།


བྱ་ལགས། བྱ་ལགས།  

བྱ་མོ་ཁྱེད་རང་འགྲོ་བ་དེ། གང་གི་ཕྱོགས་ལ་འགྲོ་ཡིན་བྱ་ལགས།

 རྨ་བྱ་ཁྱེད་རང་འགྲོ་བ་དེ།  གང་གི་ཕྱོགས་ལ་འགྲོ་ཡིན་བྱ་ལགས།


བྱ་ལགས། བྱ་ལགས།  

བྱ་མོ་ང་རང་འགྲོ་བ་དེ། གངས་རིའི་ཕྱོགས་ལ་འགྲོ་ཡིན་བྱ་ལགས། 

རྨ་བྱ་ང་རང་འགྲོ་བ་དེ། གངས་རིའི་ཕྱོགས་ལ་འགྲོ་ཡིན་བྱ་ལགས།


བྱ་ལགས། བྱ་ལགས།  

བྱ་མོ་ཁྱེད་རང་འགྲོ་སྲོལ་དེ།  ག་འདྲ་བྱས་ནས་འགྲོ་ཡིན་བྱ་ལགས། 

རྨ་བྱ་ཁྱེད་རང་འགྲོ་སྲོལ་དེ། ག་འདྲ་བྱས་ནས་འགྲོ་ཡིན་བྱ་ལགས།


བྱ་ལགས། བྱ་ལགས། 

བྱ་མོ་ང་རང་འགྲོ་སྲོལ་དེ། འདི་འདྲ་བྱས་ནས་འགྲོ་ཡིན་བྱ་ལགས། 

རྨ་བྱ་ང་རང་འགྲོ་སྲོལ་དེ། འདི་འདྲ་བྱས་ནས་འགྲོ་ཡིན་བྱ་ལགས།      

 


上一篇:བསྟན་བཅོས་བཟང་བོ་མི་ཚེ་གཏན་གྱི་གྲོགས།

下一篇:༄༅། །ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་བཞུགས་སོ། །

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2715947 位访客