ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པ་སྤྲོད་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ།

发布时间:2018-05-23 10:14:46

 

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཟླ5པའི་ཚེས19ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པ་སྤྲོད་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ལིའུ་ཡེན་ཧྭ་ཡིས་བྱ་དགའ་སྤྲོད་པའི་མཛད་སྒོར་གཙོ་སྐྱོང་གནང་པ་རེད།

 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ནི་ཀྲུང་དབྱང་གིས་དངོས་སུ་ཆོག་མཆན་གནང་སྟེ་བཙུགས་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་ཡིན་ལ། བོད་རིག་པའི་ལས་རིགས་སྡེའི་ཆེས་མཐོའི་རིག་གཞུང་བྱ་དགའ་ཡང་ཡིན་པ་དང་། ལོ་བཞི་རེར་ཐེངས་རེ་འདེམས་ཀྱི་ཡོད་དེ།  དེའི་དམིགས་ཡུལ་ནི་སྤུས་ལེགས་འཐབ་ཇུས་ལག་བསྟར་དང་ཞིབ་འཇུག་གི་ཆུ་ཚད་མཐོར་འདེགས། ཀྲུང་གོའི་བོད་རིག་པའི་བྱ་གཞག་འཕེལ་རྒྱས་དང་དར་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་རེད། 2005ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྤྲོད་རྒྱུའི་དཔྱད་བསྡུར་བྱ་འགུལ་སྤེལ་བ་ནས་བཟུང་། བོད་རིག་པའི་བྱ་གཞག་ལ་རྒྱབ་སྐྱོར་དང་། མི་རིགས་རིག་གནས་དར་སྤེལ་ བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཁྲིད་སྟོན་ཡང་དག་ཡིན་ལ་རིག་གཞུང་ཆུ་ཚད་མཐོ་བ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ཡག་པ། རིམ་པ་ཁག་གི་ཏང་ཨུད་སྲིད་གཞུང་གིས་བེད་སྤྱོད་བྱེད་ཆོག་པའི་ཞིབ་འཇུག་གྲུབ་འབྲས་ཁག་ཅིག་ཐོན་པ་བརྒྱུད། རང་རྒྱལ་གྱི་རིག་གཞུང་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བ་དང་བོད་རིག་པའི་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་པར་སྐུལ་འདེད་ནུས་ལྡན་གནང་ཡོད་པ་རེད།

 

ཀྲུའུ་རེན་གཞོན་པ་སྲི་ཐར་གྱིས་གཟི་བརྗིད་མཚན་སྙན་ཐོབ་མཁན་ལྷག་པ་ཕུན་ཚོགས་ལ་བྱ་དགའ་གནང་བཞིན་པ།

 


 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པའི་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་ཐོབ་མཁན་ནོར་བྲང་ཨོ་རྒྱན།


 

བོད་ལྗོངས་ལོ་རྒྱུས་དེབ་ཐེར་ཆེན་མོརཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པའི་དམིགས་བསལ་བྱ་དགའ་ཐོབ་པ།

 

ད་རེས་ཀྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགར་རྒྱ་ཡིག་གི་ཞིབ་འཇུག་ཆེད་རྩོམ་དང་བོད་ཡིག་གི་ཞིབ་འཇུག་ཆེད་རྩོམ། རྒྱ་ཡིག་གི་རིག་གཞུང་དཔྱད་རྩོམ། བོད་ཡིག་གི་རིག་གཞུང་དཔྱད་རྩོམ། དབྱིན་ཡིག་གི་ཞིབ་འཇུག་གྲུབ་འབྲས་དང་རྨང་གཞིའི་དཔྱད་ཡིག་གྲུབ་འབྲས་སོགས་བྱ་དགའ་རིགས་ཆེ་བ་དྲུག་དང་། དེའི་ཁར་དམིགས་བསལ་བྱ་དགའ་དང་གཟི་བརྗིད་མཚན་སྙན་ལོགས་སུ་བཀོད་སྒྲིག་གནང་ཡོད་ལ། བོད་རིག་པ་ཞིབ་འཇུག་གི་ན་གཞོན་ཤེས་ལྡན་མི་སྣ་ཤེས་རྟོགས་དང་གསོ་སྐྱོང་། དེ་དག་གོང་བུ་གཅིག་སྒྲིལ་ཡོང་ཆེད། སྐབས་འདིའི་ཇོ་མོ་གླང་མའི་བྱ་དགར་གཞོན་ནུ་གྲུབ་འབྲས་བྱ་དགའ་ཡང་དམིགས་སུ་བཙུགས་ཡོད། བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཅུས་བདུན་པའི་ཅུས་ཀྲང་གཞོན་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་དྲུང་ཆེ་ཞུས་ཀྲི་ཐའོ་ཡིས་སྐབས་འདིའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་པའི་ཚན་ཞིབ་གྲུབ་འབྲས་ཁྱོན་བསྡོམས58ཡོད་པ་དང་།  བོད་རིག་པའི་ཆེད་མཁས་ཅན6ལ་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་ཐོབ་པ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་མིང་ཐོ་སྒྲོག་སྦྱངས་གནང་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཨན་ཆུས་ཡེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་སོགས་ཀྱིས་ལྷག་པ་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་སོགས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་པ་རེད།

ཇོ་མོ་གླང་མའི་བྱ་དགའི་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་ཐོབ་མཁན་ནོར་བྲང་ཨོ་རྒྱན་དང་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་ཁྲིད་ཀྱིས་དྲན་རྟེན་མཉམ་པར་བསྐྱོན་པ།

 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པའི་བྱ་དགའ་ཨང་དང་པོ་ཐོབ་མཁན་དག་གིས་དྲན་རྟེན་མཉམ་པར་བསྐྱོན་པ།

 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པའི་བྱ་དགའ་ཨང་གཉིས་པ་ཐོབ་མཁན་དག་གིས་དྲན་རྟེན་མཉམ་པར་བསྐྱོན་པ།

 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པའི་བྱ་དགའ་ཨང་གསུམ་པ་ཐོབ་མཁན་དག་གིས་དྲན་རྟེན་མཉམ་པར་བསྐྱོན་པ།


上一篇:མི་རིགས་ལག་རྩལ་དང་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་བྱས་ཏེ་ཕྱུག་འགྱུར་ལམ་བུར་སྐྱོད་པ།

下一篇:བསྟན་བཅོས་བཟང་བོ་མི་ཚེ་གཏན་གྱི་གྲོགས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2715892 位访客