མི་རིགས་ལག་རྩལ་དང་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་བྱས་ཏེ་ཕྱུག་འགྱུར་ལམ་བུར་སྐྱོད་པ།

发布时间:2018-05-22 08:52:04

འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བཀྲ་བསྟན་མི་རིགས་རིག་གནས་ལག་ཤེས་བཟོ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་དགེ་རྒན་གྱིས་དགེ་ཕྲུག་ལ་ཐང་ག་བཞེངས་སྟངས་བསླབ་བཞིན་པ།                 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བཀྲ་བསྟན་མི་རིགས་རིག་གནས་ལག་ཤེས་བཟོ་ལས་ཚད་ཡོད་འགན་འཁྲི་ཀུང་སི་ནི༢༠༡༤ལོར་བཙུགས་པ་ཞིག་ཡིན་ཞིང་། ཀུང་སི་འདི་ཉིད་རི་བོ་ཆེ་རྫོང་ཐོན་ལས་གླིང་དུ་གནས་ཡོད་པ་དང་མིག་སྔར་ཀུང་སིའི་གཏན་འཇགས་རྒྱུ་ནོར་ཁྲི་སུམ་བརྒྱ་ལྷག་ཙམ་ཟིན་གྱི་ཡོད་པ་རེད། ཀུང་སི་བཙུགས་པ་ནས་བཟུང་སྔ་རྗེས་སུ་རིན་པ་མི་དགོས་པར་ས་གནས་དེ་གའི་ཞིང་འབྲོག་པ་ན་གཞོན༢༠༠ལྷག་ལ་ལག་ཤེས་བསླབ་པར་ཤང་དང་གྲོང་རྡལཡི་མི་ཚུད་ཡོད་ཅིང་། དེའི་ཁྲོད་ཀྱི་མི༧༠ནི་ཁྱིམ་ཚང་དབུལ་པོ་ནས་ཡིན། ད་ལྟ་དགེ་ཕྲུག་མང་ཆེ་བ་ཀུང་སི་ནས་སྦྱངས་པའི་ལག་ཤེས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད། །

 པ་སངས་ཚེ་རིང་གི་ཆུང་མ་པད་མས་མཉམ་ལས་ཁང་དུ་བལ་སྐུད་འཁེལ་བཞིན་པ། 

 

བཟའ་ཚོ་གཉིས་ཀྱིས་མཉམ་ལས་ཁང་དུ་སྣམ་བུའི་རྒྱུ་ཆ་འདེམས་བཞིན་པ།

 གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱི་པ་སངས་ཚེ་རིང་དང་ཁོང་གི་ཆུང་མ་པད་མ་གཉིས་ཀྱིས་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་བྱས་ཏེ། བོད་ལྷམ་བཟོ་རྩལ་ལ་ལེགས་བཅོས་བཏང་ནས་ཁྲོམ་རར་སྐྱོད་ཐུབ་པ་བྱས་ཡོད། ཁོང་ཚོས་དར་རྒྱས་མི་རིགས་སྲོལ་རྒྱུན་ཞིང་པའི་མཉམ་ལས་ཁང་བཙུགས་པ་དང་བཟོ་གྲྭའི་འཁོར་ཁང་གི་གཞི་ཁྱོན་ཆེ་རུ་བཏང་ནས། སྔ་རྗེས་སུ་མི་གྲངས༡༤༡ལ་དབུལ་སྐྱོར་བྱས་པ་མ་ཟད་ལོ་རེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར༡༣༤༠འཕར་བ་བྱས་ཡོད།།

 



  



上一篇:ས་སྐྱ་ལེགས་བཤད།

下一篇:ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པ་སྤྲོད་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731127 位访客