མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་དགེ་འོས་སློབ་གསོའི་གླེང་སྟེགས་སྐབས་དང་པོ་བསྡུས།

发布时间:2018-05-17 02:56:38

    

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་མ་ཎི་འབུམ་གྱིས་གཏམ་བཤད་གནང་བཞིན་པ།  

         ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགེ་འོས་རིགས་ཀྱི་ཆེད་ལས་སློབ་གསོ་ཤུགས་ཆེ་རུ་གཏོང་བ་དང་། དགེ་རྒན་གསོ་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ཟླ1པོའི་ཚེས16ཉིན་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་གཙོ་གཉེར་བྱས་པའི་དགེ་འོས་སློབ་གསོའི་གླེང་སྟེགས་སྐབས་དང་པོ་འཚོགས།  བོད་རིག་པའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་མ་ཎི་འབུམ་གྱིསནུས་ཆེའི་དཔེ་སྟོན་ཆེད་ལས་ཞིབ་བསྡུར་ཞིབ་འཇུག ཅེས་པ་བརྗོད་གཞི་ཡིན་པའི་གཏམ་བཤད་གནང་བ་རེད། ཡོན་ཀྲང་ཟླ་བས་ཚོགས་འདུར་སྤྱི་སྡོམ་གནང་། མཚོ་ཤར་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་མི་རིགས་སློབ་འབྲིང15ལྷག་གི་གཞི་རིམ་སློབ་གསོའི་འཐུས་ཚབ་པ་གླེང་སྟེགས་ལ་ཞུགས།    

 

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་གཏམ་བཤད་གནང་བཞིན་པ།    

           མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་གཡང་བྷ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།  གླེང་སྟེགས་ཐོག མི་རིགས་སློབ་ཆེན་གྱི་དགེ་རྒན་དང་གཞི་རིམ་དགེ་རྒན་གྱི་འཐུས་མིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གསོ་སྦྱོང་དང་། བསླབ་གཞི་དང་རམ་འདེགས་བསླབ་གཞི་ཡིག་སྒྱུར། བསླབ་གཞི་ཁྲིད་ཐབས། སློབ་གསོ་སློབ་ཁྲིད་དངོས་སྦྱོང་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། དེ་དང་དུས་མཚུངས་སུ། གཞི་རིམ་སློབ་གསོའི་ཁྲོད་གསོག་འཇོག་བྱས་པའི་ཉམས་མྱོང་དང་། གནས་པའི་གནད་དོན་སོགས་ཀྱི་ཐད་བསམ་བློ་སྤེལ་རེས་བྱས།   

 ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང20ལྷག་ལ་དཔེ་སྟོན་སློབ་མའི་དངོས་སྦྱོང་གི་རྟེན་གཞི་འཛུགས་རྒྱུའི་གྲོས་མཐུན་བཞག་ཡོད་ཅིང་། དེས་བོད་རིག་པའི་སློབ་གླིང་གི་དགེ་འོས་སློབ་མས་དངོས་སྦྱོང་ལ་ཤེས་རྟོགས་དང་། དངོས་སྦྱོང་ལྟ་སྦྱོང་བྱེད་པ། ལས་སྐལ་ཚབ་སྒྲུབ་སོགས་ཀྱི་ལས་དོན་བདེ་བླག་ངང་སྤེལ་བར་སྐུལ་འདེད་བྱས་པ་དང་། འབྱུང་འགྱུར་གཞི་རིམ་གྱི་སློབ་གྲྭ་ཁག་དང་སློབ་ཆེན་གྱི་བར་འབྲེལ་བ་མུ་མཐུད་བསྐྱངས་ནས་གཞི་རིམ་སློབ་གསོའི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་ཐབས་ལམ་གང་ནུས་འདོན་པའི་གྲོས་འཆམ་བྱུང་།

 


上一篇:རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བྱ་བའི་གྲོས་ཚོགས་བསྡུས།

下一篇:ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས་མཁས་པ་བརྟག་པ་སྟེ་རབ་ཏུ་བྱེད་པ་དང་པོ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2930902 位访客