བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཆོག་མཆན་ཐོབ་པ།

发布时间:2018-05-17 08:15:00

            མི་དམངས་དྲ་བའི་འཕྲིན། ཟླ་ཚེས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གནས་མིང་གདགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཆོག་མཆན་གནང་བ་བརྒྱུད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཆོག་མཆན་ཐོབ་པ་དང་། ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག)ལ་རིམ་པ་དང་པོའི་རིག་ཚན་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཆོག་མཆན་ཐོབ་པས། དེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་སྡེ་ཁག་མངོན་འགྱུར་བྱེད་པ་དང་། རིམ་པ་དང་པོའི་རིག་ཚན་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པར་གྱུར་ཞིང་། བོད་ལུགས་གསོ་རིག་གི་ཤེས་རམས་དང་རབ་འབྱམས། འབུམ་རམས་བཅས་ཀྱི་སློབ་གནས་ཆ་ཚང་བའི་མ་ལག་གྲུབ་པ་དང་། བོད་ལུགས་གསོ་རིག་སློབ་གླིང་གི་ལོ་རྒྱུས་སུ་རིག་ཚན་འཛུགས་སྐྲུན་དང་སློབ་གནས་སློབ་གསོ་འཕེལ་རྒྱས་གལ་ཆེན་ཞིག་ཡིན་པ་དང་། བོད་ལུགས་གསོ་རིག་གི་ཚན་རིག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པ་རེད།

 

上一篇:༄༅།།ནག་ཆུ་ནི་བོད་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཨང་དྲུག་པར་གྱུར་བ།

下一篇:སྐར་ཚོགས་ས་ལ་འཕོས་འདྲའི་མཐིང་མདོག་མཚོ་མོའི་མཛེས་ཉམས། —— གཡུ་ཡི་རླབས་ཕྲེང་དགུང་ལ་འཕྱོ་བའི་མཐིང་མདོག་མཚོ་མོའི་མཛེས་ཉམས་ལ་ལྟ་བ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731028 位访客