ཚྭ་འདམ་གཞོང་གིས་སྐད་གཉིས་ལས་བྱེད་པའི་གཞུང་ཡིག་ལོ་ཙཱ་དང་ཁྲིམས་འཛིན་ཡིག་ཁྲའི་ལོ་ཙཱའི་སྐོར་གྱི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

发布时间:2018-04-26 02:30:07

 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚྭ་འདམ་གཞོང་གི་སྐད་གཉིས་ལས་བྱེད་པའི་གཞུང་ཡིག་ལོ་ཙཱ་དང་ཁྲིམས་འཛིན་ཡིག་ཁྲའི་ལོ་ཙཱའི་སྐོར་གྱི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ། 

ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པའི་དཔུང་ཁག་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས།  གཞི་རིམ་རྨང་གཞི་གསུམ་གྱི་འཛུགས་སྐྲུན་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐད་དང་ཡི་གེའི་ཐད་ཀྱི་ཁ་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ལུགས་སྲོལ་དོན་འཁྱོལ་ནན་མོ་བྱེད་པའི་ཆེད་དང་།  ཁྱོན་ཡོངས་ནས་རྒྱལ་ཁབ་རིམ་པའི་སྐད་གཉིས་ཀྱི་འཆམ་མཐུན་ཞིང་སྡེ་དང་ཡང་ན་སྡོད་ཁུལ་དཔེ་སྟོན་གནས་ཀྱི་འཛུགས་སྐྲུན་བྱ་བ་སྤེལ་བར་རྨང་གཞི་བརྟན་པོ་བཏང་ནས། ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པའི་སྤྱིའི་བྱང་ཚད་དང་ལས་སྒོའི་ནུས་ཚད་དངོས་ནས་མཐོ་རུ་འདེགས་པའི་ཆེད་དུ།  ཚྭ་འདམ་གཞོང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན་ནས་བཟུང་ཁུལ་ཡོངས་ཀྱི་ལས་རྐང་སོ་སོའི་བོད་ཡིག་དང་རྒྱ་ཡིག་གཉིས་ཁོང་དུ་ཆུད་པའི་སྐད་གཉིས་ལས་བྱེད་པ་ལྔ་བཅུ་རྩ་འཛུགས་བྱས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་དུ་ཉིན་བརྒྱད་རིང་ལ་མཚོ་ནུབ་ཁུལ་སྐད་གཉིས་ལས་བྱེད་པར་གཞུང་ཡིག་ལོ་ཙཱ་དང་ཁྲིམས་འཛིན་ཡིག་ཁྲའི་ལོ་ཙཱ་སྐོར་གྱི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་སྤེལ།

 

ཐེངས་འདིའི་གསོ་སྦྱོང་སྟེང་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་དངོས།   དེ་མིན་གསར་འགྱུར་དང་གཞུང་ཡིག   མིང་བརྡ་གསར་བ།   ཏང་སྲིད་གཞུང་ཡིག    བཅའ་ཁྲིམས་ཡིག་ཁྲ།   གཞུང་ཡིག་གི་ཁ་བྱང་།  སྒོ་བྱང་སོགས་ལོ་ཙཱའི་ཕྱོགས་ཀྱི་ཉམས་མྱོང་སྐོར་ལ་སྤྱི་ཁོག་གིས་འཆད་ཁྲིད་གནངས་བ་དང་།  གསོ་ཞུགས་སློབ་བུ་དག་གིས་རང་སྟེང་གི་ལོ་ཙཱའི་ཁྲོད་གནས་པའི་གནད་དོན་སོ་སོར་དཔྱད་བསྡུར་ཡང་དག་བྱེད་པར་ཁག་ཐེག་བྱ་ཆེད།  དངོས་དཔེ་གང་མང་སྤྱད་དེ་བྱ་བའི་ཁྲོད་དུ་འཕྲད་པའི་གནད་དོན་ལ་དཔེ་བཞག་སྟེ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་དང་།  དགེ་སློབ་དག་གིས་ཕན་ཚུན་བར་ལྟ་བ་བརྗོད་དེ་བརྗེ་རེས་གང་ལེགས་བྱས་ཤིང་།   སློབ་ཁྲིད་ཀྱི་བརྗོད་བྱ་ཕུན་སུམ་ཚོགས་ལ་ཁྲིད་སྟངས་གོ་སླ་བ་མ་ཟད།   ད་དུང་བོད་ཡིག་དང་རྒྱ་ཡིག་གཉིས་ཕན་ཚུན་ལོ་ཙཱ་བྱེད་དུས་ཀྱི་དོག་གཞི་དང་གནད་དོན།  དཀའ་གནད་དང་ནོར་སླ་བའི་གནས་བཅས་ལ་གཙོ་བོར་དམིགས་ཏེ་དབྱེ་ཞིབ་དང་འཆད་ཁྲིད་བྱས།

ཐེངས་འདིའི་གསོ་སྦྱོང་བརྒྱུད་ནས།   གསོ་ཞུགས་ལས་བྱེད་པ་དག་གིས་རྒྱ་བོད་ལོ་ཙཱའི་སྐོར་གྱི་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་སྒྱུར་སྟངས་གང་མང་ཞིག་བློ་ལ་འཇགས་པར་མ་ཟད།   ད་དུང་ནོར་སླ་བ་དང་སྒྱུར་དཀའ་བའི་གནད་དོན་གྱི་སྐོར་ལ་དབྱེ་ཞིབ་དང་མཛུབ་སྟོན།འགྲེལ་བཤད་བཅས་བྱས་ལ།  ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོའི་སྐད་གཉིས་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་སྐད་གཉིས་བེད་སྤྱད་ནས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་།  རྒྱ་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་བཅས་ལ་ཞབས་ཞུ་ལེགས་པོ་འདོན་ཆེད་ཁྲིད་སྟོན་གྱི་ནུས་པ་ཐོན་ཡོད།

 

上一篇:བོད་དུ་ཆོས་འབྱུང་ལོ་རྒྱུས་ལས་རྙིང་མའི་གྲུབ་མཐའ་བྱུང་ཚུལ།

下一篇:བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གིས་སྐབས་༢༤་པའི་རྒྱལ་སྤྱིའི་དཔེ་ཀློག་དུས་ཆེན་བསུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2509891 位访客