བརྩེ་དུང་གི་འབོད་པ།

发布时间:2018-04-23 10:18:43

ཁ་སང་བུ་མོ་དེའི་ཞལ་འཛུམ་མཐོང་བས༎

དེ་རིང་བརྩེ་དུང་གི་སྟ་གོན་བྱས་སོང་༎

མ་འོངས་འཚོ་བ་ཡི་ལམ་ཆེན་རིང་མོ༎

མཉམ་བགྲོད་ཁ་ཆད་ཀྱི་རི་མོ་བྲིས་སོང་༎

 

ཚེ་གཅིག་དམ་བཅའ་དེ་ནམ་ཡང་བརྟན་ཞེས༎

ལག་ཟུང་མཐོན་པོ་དེ་དགུང་ལ་བཀྱགས་ཀྱང་༎

སེམས་པའི་ཨ་ལོང་གི་བདུད་པ་མེད་ན༎

བརྩེ་དུང་ཟེར་བ་དེ་ཕྱི་ཚུལ་ཙམ་ཡིན༎

 

བརྩེ་སེམས་དཔྱིད་དཔལ་གྱི་རྒྱབ་ལྗོངས་མཛེས་པོ༎

སྙིང་གཏམ་པད་དཀར་གྱི་ཚལ་ནས་རོལ་དུས༎

སྟོན་རླུང་སྐྱ་བོ་ཡི་ཤིང་ལོ་སྙི་མོས༎

ཕྱིར་དྲན་ལམ་བུ་དེ་ཁད་ཀྱིས་གཡོགས་བྱུང་༎

 

ལས་དབང་དགུ་ཚིགས་ཀྱི་རྨི་ལམ་ལྗང་ཁུ༎

དུང་སེམས་ཆང་དཀར་གྱི་ཁ་ནས་ལུད་དུས༎

སྙིང་སྡུག་བུ་མོ་དེ་མ་སྐྱེས་ཨ་མ༎

རང་སེསས་དམར་པོ་ཡི་བདག་པོ་ཁོ་ན༎

 

བསིལ་རླུང་འཇམ་པོ་ཡི་སྤྲོ་སྐྱིད་ངོགས་ནས༎

འདས་སོང་ལོ་ཟླ་དག་དྲན་པར་བརྒྱུས་ན༎

མཁུར་ཚོས་དམར་པོ་ཡི་རས་དར་འཇམ་པོ༎

མིག་ཆུས་བྲན་པ་འདི་ང་ཡི་ལས་རེད༎

 

རང་སེམས་བུ་མོ་དེ་བདེ་མོ་བཞག་ཀྱང་༎

མཛེས་པའི་ཞལ་རས་དེ་བརྗེད་ཐབས་མེད་པས༎

ཝུ་ཆང་མངར་མོ་འདི་འཐུང་ཀྱིན་འཐུང་ཀྱིན༎

ལས་དབང་བུ་མོ་དེ་བརྗེད་ཐབས་མི་འདུག།

 

ན་འདམ་སྤང་ཐང་གི་རྩྭ་ལྗང་སྔོན་པོ༎

དུང་སེམས་ཆུ་མོ་ཡིས་གཉོར་བའི་ངང་ཚུལ༎

མིག་ཟུང་ཕྲ་མོ་ཡི་ངོས་ལ་ཤར་ཚེ༎

བརྩེ་བའི་འབོད་པ་འདི་བཏང་སྙོམས་མི་འདུག།

   

上一篇:བོད་ཀྱི་ཤིང་བརྐོས་ལག་རྩལ།

下一篇:དཔེ་ཀློག་ནི་འཚོ་བའི་གོམས་གཤིས་སུ་གྱུར་ན་བཟང་།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2714642 位访客