སྐབས་ཉི་ཤུ་པའི་རྒྱལ་ཡོངས་བོད་ཡིག་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་མཐུན་སྦྱོར་ཚོགས་འདུ་ཁྲི་འདུ་རུ་འཚོགས།

发布时间:2018-04-23 08:19:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ༤པའི་ཚེས༢༠ཉིན།སྐབས་ཉི་ཤུ་པའི་རྒྱལ་ཡོངས་བོད་ཡིག་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་མཐུན་སྦྱོར་ཚོགས་འདུ་དེ་སི་ཁྲོན་ཁྲི་འདུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཡོངས་བོད་ཡིག་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་གིས་གཙོ་སྒྲུབ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་འགན་སྒྲུབ། ཁྲི་ཀ་ཚང་རྒྱལ་སྤྱིའི་མགྲོན་ཁང་གིས་རོགས་སྒྲུབ་བྱས་ཤིང་། ཚོགས་ཐོག་ཏུ་མི་རིགས་དཔེ་སྐྲུན་ཁང་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་གནའ་དཔེ་དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བཅས་རྒྱལ་ཡོངས་བོད་ཡིག་དཔེ་སྐྲུན་ཁང་དགུ་ནས་ཕེབས་པའི་ཚོགས་ཞུགས་འཐུས་མི22དང་།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཡོངས་བཅས་ཁྱོན་མི་གྲངས40ལྷག་མཉམ་ཞུགས་གནང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག་ཇི་ལྟར་བོད་ཡིག་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་གཏོང་དགོས་ཞེས་པའི་གྲོས་གཞིའི་ཐོག་བགྲོ་གླེང་བྱས་ཤིང་། ཉེ་བའི་ལོ་ངོ་བདུན་གྱི་རིང་གི་ཕུལ་བྱུང་བོད་ཡིག་དཔེ་ཆ་དཔྱད་འདེམ་བྱས།

微信图片_20180422222010.jpg

མཐུན་སྦྱོར་ཚོགས་འདུའི་དབུ་འབྱེད་མཛད་སྒོ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་གཙོ་སྐྱོང་གནང་བ་དང་། སི་ཁྲོན་དུས་དེབ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་བདག་ལྷན་ཚོགས་ཀྱི་འགོ་གཙོ་ཀྲང་ཙེ་ཀང་གིས་ཤིས་ཚིག་ཕུལ། དེར་མཐུད་ནས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ལི་ཧའེ་ཕིན་གྱིས་ཤིས་ཚིག་ཕུལ།

微信图片_20180422231211.jpg

ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ངམ་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཚོགས་འདུར་མདོ་འཛིན་གནང་བཞིན་པ།

微信图片_20180422231452.jpg

སི་ཁྲོན་དུས་དེབ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་བདག་ལྷན་ཚོགས་ཀྱི་འགོ་གཙོ་ཀྲང་ཙེ་ཀང་གིས་ཤིས་ཚིག་འབུལ་བཞིན་པ།

微信图片_20180422231457.jpg

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ལི་ཧའེ་ཕིན་གྱིས་ཤིས་ཚིག་འབུལ་བཞིན་པ།

微信图片_20180422222316.jpg

མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་ཚེ་རིང་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

微信图片_20180422222307.jpg

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བསོད་ནམས་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།

微信图片_20180422222300.jpg

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དར་རྒྱས་ཀྱིས་གཏམ་བཤད་གནང་བཞིན་པ།

微信图片_20180422222254.jpg

བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་འགོ་གཙོ་བསོད་ནམས་ཚེ་བརྟན་གྱིས་གཏམ་བཤད་གནང་བཞིན་པ།

微信图片_20180422230121.jpg

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཔེ་སྐྲུན་ཁང་གི་འགོ་གཙོ་ཀྲའོ་ཞུའོ་ཆིང་གིས་གཏམ་བཤད་གནང་བཞིན་པ།

微信图片_20180422222248.jpg

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་འབྲུག་རྒྱལ་མཁར་གྱིས་གཏམ་བཤད་གནང་བཞིན་པ།

微信图片_20180422222240.jpg

ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་དབྱང་ཧའོ་ལིན་གྱིས་གཏམ་བཤད་གནང་བཞིན་པ།

微信图片_20180422222230.jpg

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་སྟོབས་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

微信图片_20180422224903.jpg

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་གཏམ་བཤད་གནང་བཞིན་པ།

དེ་ནས་དཔེ་སྐྲུན་ཁང་གི་འཐུས་ཚབ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག་བོད་ཡིག་དཔེ་སྐྲུན་ལས་ཀ་ཇི་ལྟར་དར་སྤེལ་གཏོང་དགོས་པའི་གྲོས་གཞིའི་ཐོག་བགྲོ་གླེང་ལྷུག་པོ་གནང་བར་མ་ཟད། དཔེ་སྐྲུན་ཁང་སོ་སོའི་དཔེ་སྐྲུན་འགྲེམ་སྤེལ་གྱི་གནས་ཚུལ་དང་། ཉེ་བའི་ལོ་འགའི་རིང་གི་བོད་ཡིག་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་ཁྲོད་བྱུང་དང་འབྱུང་བཞིན་པའི་གནད་དོན་སྐོར་ལ་དཔྱད་བསྡུར་བྱས།

微信图片_20180422225244.jpg

ཚོགས་འདུའི་ཐོག་གནས་ཚུལ་རྒྱུས་ལོན་བྱས་པར་གཞིགས་ན། ཉེ་བའི་ལོ་འགའི་རིང་དཔེ་སྐྲུན་ཁང་སོ་སོས་གནའ་དཔེ་པར་སྐྲུན་དང་། བརྗོད་དོན་གཙོ་བོའི་དཔེ་སྐྲུན། བསླབ་དེབ་དང་སྦྱངས་གཞིའི་ལྷན་ཐབས་དཔེ་སྐྲུན། གློག་རྡུལ་དཔེ་སྐྲུན་སོགས་ཀྱི་སྐོར་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཀྱང་། གཅིག་ནས་སྤྱི་ཚོགས་ཐོག་བོད་ཡིག་དཔེ་ཆའི་དཔེ་སྐྲུན་བདག་དབང་རྩིས་མེད་ལོག་སྤྱོད་བྱས་ཏེ་དེབ་རྫུན་བཟོ་བའི་གནས་ཚུལ་རྒྱུན་འབྱམས་སུ་འགྱུར་བཞིན་པ་དང་། གཉིས་ནས་བོད་ཡིག་དཔེ་ཆ་དཔེ་སྐྲུན་གྱི་ཐོབ་ཐང་མེད་པའི་དཔེ་སྐྲུན་ཁང་ཁ་ཤས་ཀྱིས་འབྲེལ་ཡོད་ཁྲིམས་ལུགས་སྣང་མེད་དུ་བཏང་སྟེ་བོད་ཡིག་དཔེ་ཆ་དཔེ་སྐྲུན་བྱེད་བཞིན་པ། གསུམ་ནས་བོད་ཡིག་རྩོམ་སྒྲིག་པས་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱ་ཡིག་གི་རྩོམ་སྒྲིག་ཐོབ་ཐང་ཡིག་ཚད་ལེན་དཀའ་བའི་གནད་དོན། བཞི་ནས་བོད་ཡིག་དཔེ་ཆ་འགྲེམ་སྤེལ་བྱ་བའི་ཐད་ཀྱི་དཀའ་ཁག་བཅས་གནད་དོན་བཞི་བཏོན་ཡོད།

དེ་མིན་ཐེངས་འདིའི་ཚོགས་འདུའི་ཐོག །བོད་ཡིག་དཔེ་ཆའི་ཡིག་གྲངས་བརྩི་ཚུལ་གཏན་འཁེལ་བྱས་པ་དང་། རྒྱལ་ཡོངས་བོད་ཡིག་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་འདུའི་ཚོགས་རྟགས་དང་སྒྲིག་ཡིག་གསར་དུ་བཟོས། དེ་བཞིན2020ལོའི་སྐབས་ཉེར་གཅིག་པའི་རྒྱལ་ཡོངས་བོད་ཡིག་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་འདུ་དེ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་འགན་སྒྲུབ་བྱ་རྒྱུའི་ཐག་བཅད།

微信图片_20180422225248.jpg

ཕྱི་དྲོར། དཔེ་ཆ་དཔྱད་འདེམས་ཚོ་ཆུང་གིས་རྒྱལ་ཡོངས་བོད་ཡིག་དཔེ་སྐྲུན་ཁང་སོ་སོ་ནས་བཏོན་པའི་བོད་ཡིག་དཔེ་ཆ་ཡག་ཤོས་རིགས224དཔྱད་འདེམས་བྱས།

རྒྱལ་ཡོངས་བོད་ཡིག་དཔེ་ཆ་དཔེ་སྐྲུན་བྱ་བཞག་སྔར་བས་འཕེལ་རྒྱས་སུ་འགྲོ་ཆེད་དང་། བོད་ཡིག་དཔེ་སྐྲུན་ཁང་དང་དཔེ་སྐྲུན་པ་རྣམས་ཀྱི་བརྩོན་སེམས་ལ་སྐུལ་མ་གཏོང་ཆེད། ད་རེས་ཀྱི་མཐུན་སྦྱོར་ཚོགས་འདུའི་ཐོག་བདེན་པ་བདེན་ཐོག་དང་དྲང་མོ་དྲང་བཞག་གི་དཔྱད་འདེམ་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དཔེ་ཆའི་ནང་དོན་དང་རྣམ་པ་གཉིས་ཆ་ནས་གཟེངས་སུ་ཐོན་པ་རྣམས་ལ་བྱ་དགའི་རིམ་པ་བཞིན་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་གནང་རྒྱུ་བྱས།

微信图片_20180422222628.jpg

ཐེངས་འདིའི་ཚོགས་འདིའི་ཐོག་རྒྱལ་ཡོངས་བོད་ཡིག་དཔེ་སྐྲུན་ཁང་དགུ་ཡིས་བོད་ཡིག་དཔེ་སྐྲུན་བྱ་བཞག་གོང་འཕེལ་ཡོང་བའི་ཐད་བགྲོ་གླེང་ཞིབ་མོ་གནང་བར་མ་ཟད། དགོས་ངེས་ཀྱི་ཐབས་ལམ་བརྒྱུད་དེ་གནད་དོན་ཐག་གཅོད་ཡོང་བར་གྲོས་མཐུན་གཅིག་གྱུར་བྱུང་། ཏང་གི་སྲིད་ཇུས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་བཟང་པོ་འདི་བེད་སྤྱད་དེ། རྒྱལ་ཡོངས་བོད་ཡིག་དཔེ་སྐྲུན་ཁང་ཚང་མས་བོད་ཡིག་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་བྱ་བའི་ཐད་ལ་སྟོབས་ཤུགས་གཅིག་སྒྲིལ་བགྱིས་ཏེ་བོད་ཡིག་དཔེ་ཆ་དཔེ་སྐྲུན་གྱི་བྱ་བཞག་གནས་བབ་གསར་པ་ཞིག་ཏུ་བསྐྱལ་རྒྱུའི་ཡིད་ཆེས་རྙེད་ཡོད་དོ། །

上一篇:ཚྭ་འདམ་གཞོང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་བློས་གཏོང་གི་སྙིང་སྟོབས་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ།

下一篇:བོད་ཀྱི་ཤིང་བརྐོས་ལག་རྩལ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2930920 位访客