ཚྭ་འདམ་གཞོང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་བློས་གཏོང་གི་སྙིང་སྟོབས་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ།

发布时间:2018-04-20 05:45:16

      

    མཐའ་ཡས་པའི་ཚྭ་འདམ་གཞོང་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོ་གང་མང་གི་འཕྲིན་ལས་ཀྱི་ས་བོན་གཏོར་ཞིང།   ངོ་མཚར་བའི་གཏམ་རྒྱུད་གང་མང་དཔལ་ཡོན་གཙང་བོའི་རྒྱུན་ལ་ཐིམ་ཡོད། ཟླ༤བའི་ཚེས༤ཉིན།   

      མཚོ་ནུབ་ཁུལ་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྡེ་ཁག་སོ་སོའི་ལས་བྱེད་མི་སྣ་དང་གཏེར་ལེན་ཁ་གྲོང་ཁྱེར་དུ་སྡོད་པའི་དམག་ཉེན་རྟོག་རུ་ཁག   ཁུལ་དང་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས་གཏེར་ལེན་ཁའི་སྔོན་གཤེགས་དཔའ་བོའི་བང་སོ་གླིང་དུ་ཕྱིན་ཏེ།   གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་བློས་གཏོང་གི་སྙིང་སྟོབས་དར་སྤེལ་གཏོང་བའི་བྱ་འགུལ་སྤེལ།སྔ་དྲོའི་ཆུ་ཚོད༡༠སྟེང་།     གཟབ་རྒྱས་ཀྱི་རྒྱལ་གླུ་ཁྲོད་དུ་དུར་མཆོད་བྱ་འགུལ་འགོ་བརྩམས། 

  

        གཟབ་ནན་གྱིས་མཁའ་དབུགས་ཁྲོད་མི་སྣ་ཡོངས་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གུས་འདུད་བླ་མེད་བྱས་པ་དང་ལྷན་དུ་མེ་ཏོག་འབུལ་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམ་པའི་བླ་མེད་ཀྱི་བྱས་རྗེས་ལ་རྗེས་དྲན་བྱས།   ཐེངས་འདིའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་བྱ་འགུལ་བརྒྱུད་དེ།   ལོ་རྒྱུས་ལ་ཕྱིར་རྟོག་ཐེངས་ཤིག་དང་རྒྱལ་གཅེས་འདུན་མ་དྲག་ཏུ་བསྐྱེད་པར་ནུས་པ་བླ་ལྷག་ཐོན།   རྗེས་ཕྱོགས་ཀྱི་ལས་རྐང་ཁྲོད་དུ་སྔོན་གཤེགས་དཔའ་བོའི་མཛད་པ་མིག་དཔེ་རུ་བཟུང་སྟེ།    

 

   སྙིང་སྟོབས་འདི་ལྟ་བུ་བསྟུད་མར་དར་སྤེལ་བཏང་ནས་ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐུན་སྒྲིལ་གྱི་ཡིད་རྟོན་དང་ཆོད་སེམས་བརྟན་པོར་ཆགས་སུ་བཅུག    གུང་གཞོན་ཚོགས་པ་གཏེར་ལེན་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཚོགས་ཀྱི་ན་གཞོན་དང་བླངས་པ་ཝང་ཧྲའོ་ཝེ་ཡིས་བཤད་རྒྱུར།     སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཡིད་ལ་བཟུང་སྟེ།   

 

     ང་ཚོའི་ལོ་རྒྱུས་དང་དཔའ་བོ་རྣམས་མི་བརྗེད་པར།   ཧུར་ཐག་གིས་འབད་བརྩོན་དང་ཕུགས་འདུན་བཞེངས་ཏེ། ལག་ལེན་སྟེང་ནས་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་བྱ་དགོས་ཟེར།   དུས་མཆོད་དུས་ཆེན་སྐབས་སུ་ང་ཚོའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱ་འགུལ་སྤེལ་བ་བརྒྱུད་དེ་བླ་མེད་ཀྱི་མཛད་པ་རྒྱུན་འཛིན་དར་སྤེལ་དང་རྒྱལ་གཅེས་དུངས་སེམས་བརྟན་པོར་ཆགས་སུ་ཆུག    མེ་སྐྱོན་སྔོན་འགོག་དཔོན་དམག་ཅིག་ཡིན་པའི་ཆ་ནས། ང་ཚོའི་ལས་རྐང་སུ་འོས་འགན་དང་ལེན་དང་མེ་སྐྱོན་སྔོན་འགོག་དང་རོགས་སྐྱོར་བྱ་བ་འགན་ཐེག་པར་འབད་དེ།   ས་གནས་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོང་བྱ་དགོས་ཞེས་གཏེར་ལེན་ཁ་གྲོང་ཁྱེར་མེ་སྐྱོན་སྔོན་འགོག་རུ་ཆེན་གྱི་རུ་འབྲིང་དང་པོའི་འཐབ་འཛིང་འཛིན་གྲྭའི་འཛིན་དཔོན་ཧྥིན་ཅན་གྱིས་གསར་འགོད་པར་དེ་ལྟར་བཤད།   

        ང་ཚོའི་སྔོན་གཤེགས་དཔའ་བོའི་བླ་མེད་ཀྱི་སྙིང་སྟོབས་ལ་གུས་འདུད་དང་ང་ཚོར་བདེ་སྐྱིད་འཚོ་བ་གནང་བར་བཀའ་དྲིན་རྗེས་སུ་དྲན་དགོས་ཤིང་།   ཧུར་ཐག་གིས་སློབ་སྦྱོང་བྱས་ནས་ཕ་ཡུལ་འཛུགས་སྐྲུན་མཁན་ནམ་མེས་རྒྱལ་འཛུགས་སྐྲུན་མཁན་ཚད་ལྡན་ཞིག་བྱེད་དགོས་ཞེས་ཁུལ་མཐོ་རིམ་སློབ་འབྲིང་གི་མཐོ་གཅིག་འཛིན་གྲྭའི་སློབ་མ་ཁྲིན་ཚི་ཆིན་གྱིས་གསར་འགོད་པར་དེ་་་ལྟར་བཤད།   

 

上一篇:ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་དམ་པོར་འཆིང་དགོས་པའི་སྐུལ་མ་བཏང་།

下一篇:སྐབས་ཉི་ཤུ་པའི་རྒྱལ་ཡོངས་བོད་ཡིག་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་མཐུན་སྦྱོར་ཚོགས་འདུ་ཁྲི་འདུ་རུ་འཚོགས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731112 位访客