གནའ་དཔེ་རྩ་ཆེན་ཞིག

发布时间:2018-04-20 04:46:55

སུམ་ཅུ་བའི་འགྲེལ་བ་སྔ་ཤས་ཤིག་ཡིན།

                སུམ་ཅུ་བའི་འགྲེལ་བ་བཞུགས་སོ།།

        —དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་བརྩམས།

༄༅།།རྒྱ་གར་སྐད་དུ།  ཏྲིཾ་ཤི་ཀ་བྲིཏཱི། བོད་སྐད་དུ་ སུམ་ཅུ་པའི་འགྲེལ་པ་སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ།  འདིར་བསྟོས་མཛད་པའི་སློབ་དཔོན་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པ་དང་།  དཀོན་མཆོག་གསུམ་ལས་སྤོབས་པའི་ཆེ་བ་དང་།  གཞན་འཇུག་པའི་ཡྣག་་དང་།  དགོས་པ་དང་བཅས་པའི་བསྟོས་རྩོམ་པར་བཞེད་ནས། གང་ལ་ཡོན་ཏན་མཆོག་མངའ་བའི་།  དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། ཞེསྱ་སོ། །ཐམས་ཅད་མཁྱེན་པ་གང་ལ་སྟོབས་དང་མི་འཇིགས་པ་ལ་ལསོཝ་པའི་ཡོན་ཡྟོན་དང་། འདོད་ཆགས་དང་བྲལ་བ་གང་ལ་འགོག་པ་དང་ལཾ་གྱི་བདེན་པས་བསྡུས་པའི་ཡྟོན་དང་། འཕྱ་པ་སློབ་པ་ཕྱིར་མི་ལྡོག་པའི་ཚྱོ་ལ་སྤྱན་དང་མངོན་པར་ཤེས་ལསྭོ་པི་ཡྟོན་གྱི་མཆོག་མངའ་བའི་དཀོོགསུཾ་པོ་དེ་ལ་ཕྱག་འཚལོ་ཞེས་བྱ་བ་ཡིན་ནོ།  དེ་ལ་དཀོོག་ནི་རཊྣའི་དོན་འགྱུར་ཏོ།  རྒྱུད་བླ་མར།    འབྱུང་བར་དཀོན་ཕྱིར་དྲི་མེད་ཕྱིར།   མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།  རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།  འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད།  ཅེས་རིནོེ་དང་ཆོས་

༤༧༡༄༅།། དྲུག་གིས་མཚུངས་པར་བསྟན་པ་འདི་ཡིནོ།། གཞུང་ཁ་༡་ལས་ལྷ་ཞེས་པ་ལྟར་ན་དཀོོག་ཀྱང་ཡིན་ལ། ལྷ་ཡང་ཡིན་པས་དཀོན་མཆོག་ལྷ་ཞེས་སྦྱར་དུ་རུང་མོད་ཀྱི། གང་མ་དང་དེ་མ་གཞི་༡་ལ་འབྲེལ་བས་བཤད་ས་སྔ་མ་ཡིནོ།། གང་གིས་སྒྲ་དབྱངས་གསུངས་པ་ཡི།། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། སྒྲ་དང་དབྱངས་ནི་གཞི་འཐུན་པ་སྟེ་ཚིགི་དབྱངས་ཡིག་རྣམས་ཡིན་ལ། དེ་ནི་སྔོན་འཇམ་པའི་དབྱངས་ཀྱིས་གསུངས་པར་གྲག་གོ །གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལོ།། མིང་ནི་དོན་གྱི་ངོོ་ལ་བརྡ་སྤྲོད་པའོ།། དེའི་རྒྱུ་ནི་གསལ་བྱེད་རྣམས་ཡིན་ལ། དེ་ནི་སྔོན་དབང་ཕྱུག་གིས་བྱས་པར་གྲགོ། འདི་ལྟར་ཤི་བ་ཞེས་པའི་སྒྲ་ལས་ཤ་ཤཱ་ཏ་ན་རྟག་པ། ཤིནྟ་ན་ཞི་བ་སྟེ་རྟག་ཞི་བ། ཞེས་བྱ་བ་དབང་ཕྱུག་གི་མིང་གི་རྣམ་གྲངས་ཡིནོ།། དེ་ན་གཡུལ་རྒྱལ་དུའང་། ཞི་བ་ཉི་ཟེར་གུས་ཕྱག་འཚལ། ཞེས་པ་ལས། རྟག་པ་ཉི་ཟེར་གུས་ཕྱག་འཚལ་དུ་ལོ་ཙཱ་བ་ཁ༡གིས་སྒྱུར་ལ། འཆི་མེད་མཛོད་ལས་ཀྱང་དབང་ཕྱུག་གི་རྣམ་གྲངས་སུ་བཤད་པ་འདི་ཡིན་ནོ། །ཁ་༡རྟག་ཞི་བ་ཐམས་ཅད་མཁྱེན་པ་དང་། ལ་ལ་ཁྱབ་འཇུག་དང་། གཞན་དག་སྒྲའི་ལྷ་རྟག་ཞི་བ་ཞེས་དེ་དག་ལས་གཞན་དུ་འཆདོ། །སྡེབ་སྦྱོར་ལྱེ་མཛད་མཁས་རྣམས་དང་།  །བླ་མ་ལ་ཡང་ཕྱག་འཚལ་ནས། །ཞེས་བྱ་བས་ནི་ཡི་གེ་དྲུག་པ་ལསོཝ་པི་དབང་བོ་སྙན་དངགས་མཁན་རྣམས་ཀྱིས་གཙིག་གིས་ནོར་བུ་ཆེན་པོ། དཔའ་བོ་དང་བྲམ་ཟེ་པཱ་ནི་དང་མཆོག་སྲེད་ཙནྟྲ་གོ་མི་ལསོཝ་པ་ཟིན་པའི་སྒྲ་ལུངསུ་སྟོན་པའི་མདོ་དང་འགྲེལ་པ་དང་འགྲེལ་བཤད་ལསོཝ་པ་མཛད་པ་རྣམས་དང་། བླ་མ་ནི་ཡ་ཤོ་མི་ཏྲའི་སློབ་མ་ལྷ་རིག་པ་སེེང་ཏེ། དེ་ནི་སློོན་གྱི་སློབ་མར་མཁས་པ་རྣམས་ལ་གྲགས་པི་ཕྱིར་རོ། །ཁ་ཅིག་བླ་མ་ཙནྟྲ་གོ་མི་དང་གྲགས་པའི་བཤེས་གཉེན་ལསོཝ་པ་བདག་ཉིད་ཀྱིས་བསླབས་པའི་བླ་མར་གྱུར་བ་རྣམས་ཡིན་ནོ་ཞེས་ཟེརོ། །ནས་ནི་ཕྱག་འཚལ་ནས་བཤད་པར་བྱ་ཞེས་མཚམས་སྦྱོར་བ་ཡིནོ། །དེག་ནི་ཐེག་པ་༣དང་། ནང་བའི་སྒྲ་དང་། ཕྱི་རོལ་པའི་སྒྲ་དང་། བྱཱ་ཀ་ར་ཎའི་མཁན་པོ་སྔོན་གྱིས་མཁས་པ་རྣམས་དང་། རང་གི་བླ་མ་རྣམས་ཀྱིས་བཀའ་དྲིན་རྗེས་སུ་དྲན་པི་དབང་དུ་བྱས་པའོ།། དེ་ལྟར་རིམ་པ་ལྔས་མཆོད་པར་བརྗོད་ནས་བསྟོས་བཤད་པར་དམ་བཅའ་བྱ་པ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། རིག་བྱེད་སྨྲ་བའི་རྣམས་ཀྱིས་རྒྱུ།། མིང་ཚིག་བརྗོད་པ་ཀུན་གྱི་གཞི།། ཡིག་གེའི་སྦྱོར་བ་བཤད་པར་བྱ།། ཚྲིུམས་དང་ཤྲེབ་དང་ཏིངིན་གྱི་གཞི་འཛིན་པ་དང་། སྙན་དངགས་དང་སྲིད་སྲུང་དང་ངེས་བརྗོད་ལསོྺ་་པའི་རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་དང་།མིང་དང་ཚིག་དང་ངག་ལསྺ་པ་རྗོད་པ་ཀུན་གྱི་གཞི་ཡི་གེའི་སྦྱོར་བ་བཤད་པར་བྱའོ་ཞེས་བྱ་བ་ཡིན་ནོ།། ཡང་ན་བསླབ་པར་བྱ་བ་རིག་པའི་གནས་ཀུན་གྱི་གཞི་ཞེས་པ་དང་།རིག་བྱེད་སྨྲ་བ་རྣམས་ཀྱིས་རྒྱུ་ཞེས་སྦྱར་རོ།། དེ་ལ་ཡི་གེ་ནི་དོན་མི་སྟོན་པའི་སྒྲ་མིང་གི་རྒྱུ་བྱེད་པ་སྟེ་འདི་བོད་ཀྱི་ཡི་གེའོ།། དེའི་སྦྱོར་བ་ནི་རྐྱང་བ་དང་རྗེས་འཇུག བརྩེགས་པ་དང་བརྩེགས་ཕུལ་ལ་སོགས་པ་ཕུན་སྦྱོར་བའི་ཚུལ་ལོ།། ཚིགས་སུ་བཅད་པ་འདིས་བསྟོས་ལ་ཡོད་པའི་དགོས་འབྲེལ་བསྟན་པ་ནི་ཡི་གེའི་སྦྱོར་བ་ཞེས་པས་འདིའི་བརྗོད་བྱ་ཡི་གེའི་ཚོགས་བསྟན་ཏོ།། སི་ཕྱིར་བཤད་པར་བྱ་ཞེས་པས་དགོས་པ་བརྗོད་བྱ་རྟོགས་པ་བསྟན་ནོ།། དེ་ལྟར་རྟོགས་པ་ལས་བསླབ་པའི་བཞི་ཡང་དག་པར་འཛིན་པ་དང་།ངག་གི་རིག་བྱེད་སྨྲ་བ་ལ་ཡོངས་སུ་མཁས་པས་འཆད། སྒོམ་པའི་ཚུལ་དྲི་མ་མེད་པར་ཤེས་པས་མཐར་ཐམས་ཅད་མཁྱེན་པ་ཉིད་དུ་འགྲུབ་པ་ནི་དགོས་པ་སྟེ། དེ་ནི་བསླབ་པའི་གཞི་ཞེས་པ་རྐང་པ་༣གྱིས་བསྟན་ནོ།། རྩ་བར་འབྲེལ་པ་དངོས་ཀྱི་ཚུལ་ཡིན་པས་དེ་ནི་ཤུགས་ལ་བསྟན་པར་བལྟའོ།། མཐར་ཕྱིན་པ་དང་འཇུག་་པའི་རྒྱུ། སྟོན་པའི་ཆེ་བ་དམ་པའི་ཚུལ། དམ་བཅའ་བ་དང་བསྟོས་ཀྱི། དགོས་པ་སྟོན་པའི་བདག་འཇུག་པ་བཤད་ཟིན་ཏོ།། དེ་ལྟར་བསྟོས་བཤད་པ་ལ་འཇུག་པ་བཤད་ནས། ད་ནི་བསྟོས་ཀྱི་གཞུ་འཆད་པ་ན། དབྱངས་ཡིག་དང་། མིང་གཞི་དང་།རྗེས་འཇུག་དང་།མི་འཇུག་པ།མཐུན་པ་དང་།འབྲེལ་བ་དང་། བྱེད་པ་པོ་དང་།རྒྱན་སྡུད་དང་། ལྷག་མ་ཅན་དང་། འབྱེད་སྡུད་དང་། འབྱུང་ཁུངས་དང་།བོད་པ་དང་།དགར་བ་ལ་སོགས་པ་དང་།སྡུད་པ་ལ་སོགས་པ་དང་།སྤྱི་ལ་འཇུག་པ་དང་བདག་པོ་དཀོག་པ་དང་། ཐ་སྙད་ལགས་པ་ལ་འཇུག་པ་དང་། བསྡུ་བ་དང་ཕྲད་ཀྱི་དོན་དང་། རྗེས་འཇུག་ལ་ཞུགས་པའི་སྐྱོན་དང་། ཞུགས་པའི་ཕན་ཡོན་དང་། དེས་དོན་གཞན་ཤེས་པའི་ཚུལ་དང་ཡང་དག་སི་དོན་ལ་འཇུག་པར་གདམ་པ་རྣམས་ཀྱིས་གཞུང་གི་དོན་ཉེ་བར་བསྡུས་པ་ཡིན་ནོ།། དེ་ལ་མདོར་བསྟན་པ། ཡི་གེ་ཨཱ་ལི་ཀཱ་ལི་༢དང་། ཨཱ་ལི་གསལ་བྱེད་ཨི་སོགས་༤།། ཀཱ་ལི་སུམ་ཅུ་ཐམ་པའོ།། ཡིག་ནི་སྔར་ངར་པ་བཞིན་དོན་མི་སྟོན་པའི་སྒྲ་མིང་གི་བྱུ་བྱེད་པའོ།། དེ་ལ་ཕྱེ་ན་ཨཱ་ལི་དང་ཀཱ་ལི་སྟེ་དབྱངས་དང་གསལ་བྱེད་༢་པོ། ཨཱ་ལི་ནི་ཀ་ལ་སོགས་པ་ལ་ཕན་འདོགས་པས་གསལ་བྱེད་ཀྱི་ཐད་དུ་བྱས་པའོ།། ཡང་ན་གསལ་བྱེད་ལ་སྦྱོར་བའི་ཨི་སོགས་ཞེས་སྦྱོར་རོ།། དེ་ཡང་ཨི་ཨུ་ཨེ་ཨོ་༤་ཡིན་ལ་ཕྱི་མ་༣་ནི་སོགས་སི་སྒྲས་བསྡུས་པའོ།།ཀཱ་ལི་ནི། ཀ་ཁ་ག་ང་།ཅ་ཆ་ཇ་ཉ། ཏ་ཐ་ད་ན།པ་ཕ་བ་མ།ཙ་ཚ་ཛ་ཝ།ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་ཞེས་པ་སུམ་ཅུ་ཐམ་པའོ།།ཨ་གསལ་བྱེད་དུ་བཤད་པ་ནི་དཔྱད་པར་བྱའོ།། དེ་ལ་རྗེས་འཇུག་བཅུ་ཡིན་ཏེ།། དེ་ལས་ལྔ་ནི་སྔོན་དུའང་འཇུག། མི་འཇུག་པ་ནི་ཉི་ཤུའོ།། རྗེས་འཇུག་ནི། ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་ཡིན་ནོ།།དེ་དག་ལས་ག་ད་བ་མ་འ་ལྔ་ནི་སྔོན་དུའང་འཇུག་པའོ།། འང་གི་སྒྲ་ནི་སྡུད་པར་སྦྱར་རོ།། རྗེས་འཇུག་དང་སྔོན་འཇུག་ག་དང་ཡང་མ་འབྲེལ་ན་མིང་གཞི་ལས་གཞན་དུ་མི་འཇུག་པ་ནི། ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་སྟེ་ཉི་ཤུའོ།། འདིར་ནི་དབྱངས་དང་གསལ་བྱེད་ཀྱི། འབྱུང་གནས་ངོ་བོ་དབྱེ་བསྡུ་དང་། ཡྣག་ཕྣག་ཅན་གྱུར་བའི་མཆིད་དག་ཀྱང་ཤེས་པར་བྱ། ཞེས་པ་བར་སྐབས་ཀྱི་ཚིགས་་སུ་བཅད་པའོ།། མིང་གཞི་ནས་མི་འཇུག་པའི་བར་མ་གཏོགས་པ་ལ་མདོར་བསྟན་རྒྱས་བཤད་དུ་ཕྱེ་བ་མེད། ད་ནི་མིང་གཞི་རྒྱས་པར་བཤད་པ། ཀཱ་ལི་ཕྱེད་དང་བརྒྱད།།༤ ༤དག་ཏུ་ཕྱེ་བ་ལས།། ཀ་ཅ་ཏ་པ་ཙ་ཞ་ར་ཀ་སྡེ་ལགས་པ་སྡེ་པ་བདུན་དང་། ཧ་ཨ་སྡེ་བ་ཕྱེད་དུ་གནས་པས་ཀཱ་ལི་སྡེ་པ་ཕྱེད་བརྒྱད་ཡིན། དང་པོ་བདུན་ལ་བཞི་བཞིར་ཕྱེ་བས་ཀཱ་ལི་ཉི་ཤུ་རྩ་བརྒྱད་དང་།ཧ་སྡེའི་གཉིས་ཏེ་ཀཱ་ལོ་སུམ་ཅུ་ཡིན་ནོ།། རྗེས་འཇུག་རྒྱས་པར་བཤད་པ། དང་བོ་གསུམ་པ་བཞི་པ་ལ།། མས་གཉིས་དྲུག་པའི་གསུམ་པ་དང་།། བདུན་པ་ལ་ནི་ཤ་མ་གཏོགས།།རྗེས་འཇུག་ཡི་གེ་བཅུ་རུ་བཤད།། མས་ནི་མཐའི་སྒྲའོ།། དེས་ན་དང་བོ་ཀ་སྡེའི་མཐའ་ག་ང་གཉིས། གསུམ་པ་ཏ་སྡེའི་མཐའ་ད་ན་གཉིས། བཞི་པ་སྡེའི་མཐའ་བ་མ་གཉིས་།།དྲུག་པ་ཞ་སྡེའི་གསུམ་པ་འ། ར་སྡེའི་ཤ་མ་གཏོགས་པ་ར་ལ་ས་རྣམས་ནི་རྗེས་འཇུག་བཅུ་ཡིན་ནོ།། ལའི་སྒྲའི་གཉིས་ནི་གང་ལ་བཏུ་བའི་བཞི་འདུན་པའོ།། རྗེས་འཇུག་ཡི་གེའི་ནུས་པ་ནི།། གང་གིས་གང་ཞིག་བདག་གིས་ཕྲད་ཀྱི་གནད། བསྡུས་པས་འབྲེལ་པར་གསལ་བར་བྱས།། བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། སྔོན་འཇུག་རྒྱས་པར་བཤད་པ། རྗེས་འཇུག་ཡི་གེ་བཅུ་ཉིད་ལས།། དང་བོ་གསུམ་པ་ལྔ་པ་དྲུག། བདུན་པ་རྣམས་ནི་སྔོན་དུའང་འཇུག། རྗེས་འཇུག་གི་ཡི་གེ་དག་ཉིད་ལས་དང་པོ་ག་གསུམ་པ་ད་དང་།ལྔ་པ་བ། དྲུག་པ་མ། བདུན་པ་འ་རྣམས་ནི་སྔོན་དུའང་འཇུག་གོ། དེ་ལ་གས་འཕུལ་་ཅ་ཉ་ཏ་ད་ན་ཙ་ཞ་ཟ་ཡ་ཤ་ས་དང་བཅུ་གཅིག་སྟེ།དཔེར་ན།གཅིག་ཅར་བདེན་གཉིས་སྟོན་མཛད་ཅིང་།། གཏན་དུ་གདུང་སེལ་གནས་གཙོར་མཛད།།གཞན་ལ་གཟུང་འཛིན་གཡོ་བའི་ཚུལ།། གཤིས        ཞེས་པ་ལྟ་བུའོ།།དས་འཕུལ་བ་ནི་ཀ་ག་ང་པ་བ་མ་དང་དྲུག་སྟེ།དཔེར་ན།དཀའ་གནས་བགྲོད་ལམ་བཅས་པ་མཁྱེན། བཏུད་པ་བདུད་ཀྱི་བཙོན་ར་ཡངས།། བཞེད་དགུ་འབྱུང་གནས་བཤེས་གཉེན་བསམ་པ་ཕུན་ཚོགས་རྒྱལ།ཞེས་ལྟ་བུའོ།། སང་བུ་ལོ་ཙྪ་བས་ཇ་འཕུལ་བ་དང་། སླུ་མེས་དབང་གྲགས་ཉ་འཕུལ་འདོད་པ་ནི་སྔོན་གྱི་མཁན་པོ་རྣམས་ཀྱི་སྲོལ་ལས་གཞན་ཡིན་ནོ།། མས་འཕུལ་བ་ནི་ཁ་ག་ང་ཆ་ཇ་ཉ་ཐ་ད་ན་ཚ་ཛ་དང་བཅུ་གཅིག་སྟེ། དཔེར་ན། མཁས་པའི་མགུལ་ན་མངའ་བའི་སྒྲ།།མཆོག་ཏུ་མི་མཇེད་མཉེས་པའི་གསུང་།། མཐའ་བྲལ་སྟོན་པ་མདོ་སོགས་ཏེ།། མནོས་གང་མཚན་དཔེས་མཛེས་ཕྱག་འཚལ།། ཞེས་པ་ལྟ་བུའོ།། འས་འཕུལ་བ་ནི་ཁ་ག་ཆ་ཇ་ཐ་ད་ཕ་བ་ཚ་ཛ་དང་བཅུ་སྟེ། དཔེར་ན། འཁོར་བར་འགའ་ཞིག་གཞན་གྱི་རྒྱུ།། འཆོས་སླད་འཇིན་ནེ་འཐུན་འདོད་ཅིང་།། འཕག་འཆོག་སྟོན་འག་ཞིག་སླད།། འཚོ་བ་འཛེམ་བགྱིད་གུས་མཆོད་དོ།། ཞེས་པ་ལྟ་བུའོ།། ལས་ནི་ལྔ་པོ་གང་ལས་འབྱུང་བའི་ས་ཡིན་ལ། འང་གི་སྒྲ་ནི་བཤད་ཟིན་ཏོ།། བཏྱ་པ་སྟེང་འོག་གཉིས་ག་དང་།། གཉིས་དང་གསུམ་བཏྱ་བཏྱ་འཕུལ་་དང་།། དེ་ལའང་དབྱངས་དང་རྗེས་འཇུག་དག། ཡོད་དགུ་སྐབས་འདིར་ཤེས་བྱ་ཡིན།། བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། མི་འཇུག་པ་རྒྱས་པར་བཤད་པ། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ།། དེ་ལ་དབྱངས་ཀྱི་བཞིར་ལྡན་ཡང་།།གང་དུའང་འཇུག་མིན་སྦྱོར་བའང་མིན།། སྔར་བཤད་པའི་རྗེས་འཇུག་བཅུ་མ་གཏོགས་པ་མིང་གཞིའི་ཡི་གེ་གཉིས་སམ་གསུམ་སྦྲེལ་བའོ།། དེ་དག་ལ་དབྱངས་ཡིག་༤་གང་རུང་མ་ལྡན་ཡང་དོན་གྱི་ངོ་བོ་སྟོན་པའི་མིང་སྐབས་གང་དུའང་འཇུག་པ་མིན་ལ་    ་པོ་ཕན་ཚུན་དུ་འཇུག་པ་ཡང་མ་ཡིན་ཏེ། དཔེར་ན།ཀི་ཁ། ཀུ་ཆ་ཀེ་ཆ།ཀོ་ཇ་ཞེས་པ་ལ་སོགས་པ་བརྗོད་དུའང་མི་རུང་པ་རྣམས་ཡིན་ནོ།། དེས་ན་དེ་དག་དོན་སྟོན་པའི་ཆེད་དུ་སྦྱར་བར་བྱའང་མིན་ཏེ། སྦྱོར་བ་ནི་རྗེས་འཇུག་སྔོན་འཇུག་ལ་རག་ལས་པའི་ཕྱིར་རོ།། མིང་མེད་ན་ཚིག་ལ་སོགས་པའང་མེད་པར་འགྱུར་ན་དེ་ནི་ཚད་མས་བཀག་པ་ཡིན་ནོ།། ཡང་གི་སྒྲ་ནི་མི་མཐུན་པ་བསྡུད་པ་ཡིན་ནོ།། གང་ཡང་རྗེས་འཇུག་བཅུ་མ་གཏོགས་པའི་མིང་གཞི་ཡན་གར་བ་དབྱངས་དང་ལྡན་པ་ཁོ་ཕོ་ཚོ་ཞོ་ཟོ་ཞེས་ལྟ་བུ་དང་།དེ་བཞིན་དུ་དེ་གཉིས་དང་གསུམ་དང་བཞི་དང་ལྔ་སྦྲེལ་བ་དབྱངས་དང་ལྡན་པ་དཔེར་ན། ཁ་ཆེ། ཆུ་ཆེ་ཞིས་པ་དང་། ཁ་ཆུ་ཆེ། ཕུ་ཆུ་ཆེ་ཞེས་པ་དང་། ཁོ་ཚྭོ་ཟ་ཞེས་པ་ལ་སོགས་པ་ལྟ་བུ་དང་། མི་འགྱུར་བ་གཉིས་སྦྲེལ་བ་དབྱངས་དང་མི་ལྡན་པ། དཔེར་ན་ཤ་ཟ་ཞེས་པ་དང་། ཚྭ་ཞྭ་ཟྭ་ཞེས་པ་ལྟ་བུ་དང་། དོག་ལ་འཕྲལ་སྐད་དུ་སྦྱར་བ་དཔེར་ན། ཨ་ཁུ། ཨ་ཅེ། ཨ་པོ། ཨ་མ། ཞེས་པ་ལ་སོགས་པས་དོན་སྟོན་པ་གཞུང་འདི་དང་མི་མཐུན་འདི་རྣམས་དཔྱད་པར་བྱའོ།། ཅི་སྟེ་འདི་དག་རྗོད་འདོད་དམ་བརྡའི་དབང་གིས་ཡིན་ན།དེ་ནི་རྗེས་འཇུག་དང་སྔོན་འཇུག་དག་དང་འབྲེལ་བ་རྣམས་ལས་མཚུངས་པས་འདི་དག་ལ་ཐ་དད་པའི་དབྱེ་བ་མི་རུང་ངོ་།།འོ་ན།ཀ་ཝ། ཁ་ཝ།ཉ་ཝ། ཚ་ཝ།་ཤ་ཝ་ལགས་ལའང་འགྱུར་རོ་ཞེ་ན། དེ་ལྟར་སྦྱོར་བ་ནི་སུ་སྔ་མེད་ཀྱི་འོན་ཀྱང་།ཀ་བ་ལགས་པར་སྦྱོར་ལ།དེ་ནི་རྗེས་འཇུག་ལགས་པ་དང་འབྲེལ་བས་དོན་སྟོན་པིརི་མི་མཚུངས་སོ།། སླར་བསྡུ་བ་བཤད་པ། རྗེས་འཇུག་ཡི་གེ་བཅུ་པོ་ནི།།མིང་གང་གི་ནི་མཐར་སྦྱར་བ།། དེ་ལ་ཨཱ་ལི་བཞི་པ་སྦྱར།། སླར་བསྡུ་བར་ནི་ཤེས་པར་བྱ།། རྗེས་འཇུག་གི་ཡི་གེ་ག་ནས་སའི་བར་བཅུ་ནི་མིང་གི་མཐར་སྦྱར་བ་དཔེར་ན་བཞག་བྱུང་ཡོད་ཅེས་པ་ནས་ཤེས་ཞེས་པའི་བར་ལྟ་བུའོ།། དེ་དག་ལ་ཨཱ་ལི་བཞི་པ་ལོ་སྦྱར་བ་ནི། བཞག་གོ་ཞེས་པ་ན་ཤེས་སོ་ཞེས་པའི་བར་དུ་སྦྱར་བ་ནི་སླར་བསྡུ་བར་ཤེས་པ་བྱ་བ་ཡིན་ནོ།། གང་ཡང་གསུམ་པའི་དང་བོ་ལ།། བཞི་པ་དྲུག་པ་སྦྱར་བའི་ཚུལ།། དེ་ཡང་ད་དྲག་དབང་གིས་ཏེ།། སླར་བསྡུ་བ་དང་འབྱེད་སྡུད་ཡིན།།བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ལ་དང་མཐུན་པ་བཤད་པ། རྗེས་འཇུག་ཡི་གེ་བཅུ་པོ་ལ།། གང་མིང་མཐའ་ན་བཅུ་པ་གནས།། དེ་ལ་ཨ་ལི་གཉིས་པ་སྦྱར།། མིང་གང་གི་མཐའ་ན་རྗེས་འཇུག་གི་ཡི་གེ་བཅུ་ལས་བཅུ་པ་ས་གནས་པ་དེ་ལ་ཨཱ་ལི་གཞིས་པ་ཨུ་སྦྱར་བས་སུ་ཞེས་པ་ཉིད་དོ།། དེ་ནི་འོག་ཏུ། ལས་དང་ཆེད་དང་རྟེན་གནས་དང་།། དེ་ཉིད་ཚེ་སྐབས་ལའི་སྒྲ་ཡིན།། ཞེས་སྦྱར་རོ།། དཔེར་ན་ཆོས་སུ་བསྒྲུབ་ཅེས་པ་གཉིས་པ་ལས་དང་།སངས་རྒྱས་སུ་བསྔོ་ཞེས་པ་བཞི་ས་ཆེ་དང་། དགེ་འདུན་གྱི་དབུས་སུ་གནས་ཤེས་པ་བདུན་པ་རྟེན་གནས་དང་། དབྱིངས་སུ་ཤེས་པ་དེ་ཉིད་དང་།དེའི་དུས་སུ་ཤེས་པ་ཚེ་སྐབས་ཏེ། སུའི་སྒྲ་ལ་དང་མཐུན་པ་ཡིན་ནོ།། འདི་ལྟ་བུའི་གསལ་བའི་དཔེར་བརྗོད་གཞན་གྱི་ས་བྱས་པ་ནི་མེད་དོ།། གང་མིང་མཐའ་ན་བརྒྱད་པ་གནས།། དེ་ལ་གཉིས་པ་ཨུ་ཡང་སྦྱར།། གང་མིང་མཐའ་ན་གསུམ་པ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། དེ་བཞིན་དུ་མིང་གང་གི་མཐའ་ན་རྗེས་འཇུག་བརྒྱད་པ་ར་གནས་པ་དེ་ལ་ཨཱ་ལི་གཉིས་ས་ཨུ་སྦྱར་བས་རུ་ཞེས་པ་དང་། མིང་གི་མཐའ་ན་རྗེས་འཇུག་གསུམ་ད་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་སྦྱར་བས་དུ་ཞེས་ན་ཉིད་དོ།། བཞི་བ་དགུ་བ་དངོས་ཀྱང་སྟེ།། རྗེས་འཇུག་བཞི་པ་ན་དང་དགུ་པ་ལ་གཉིས་ནི་ཨཱ་ལི་དང་མ་སྦྱར་བ་དངོས་ཡིན་ལ། ཀྱང་གི་སྒྲ་ནི་རྗེས་འཇུག་བརྒྱད་པ་ཨཱ་ལི་དང་མ་སྦྱར་བ་ལྟ་བུ་གཞན་བསྡུད་པའོ།། ལས་དང་ཆེད་དང་རྟེན་གནས་དང་།། དེ་ཉིད་ཚེ་སྐབས་ལའི་སྒྲ་ཡིན། ཏུ་དང་དུ་དང་བ་རྣམས་ཀྱང་རྣམ་དབྱེ་གཉིས་པ་ལས་དང་།བཞི་པ་ཆེད་དང་། བདུན་པ་རྟེན་གནས་དང་། དེ་ཉིད་དང་། ཚེ་སྐབས་རྣམས་ལ་ལའི་སྒྲ་དང་མཐུན་པར་སྔར་དཔེར་བརྗོད་པ་བཞིན་ཤེས་པར་བྱའོ།། འབྲེལ་བ་བཤད་པ། རྗེས་འཇུག་ཡི་གེ་བཅུ་པོ་ལ།། ཨི་དང་མཐུན་ལུགས་འདི་ཞེས་བྱ།།དང་པོ་གཉིས་ལ་དང་པོ་མཐུན།། གསུམ་ལྔ་བཅུ་ས་ཀྱ་དང་སྦྱར།། རྗེས་འཇུག་གི་ཡི་གེ་བཅུས་དྲངས་པ་དག་ལ་ཨི་སྦྱར་བ་ནི་རྣམ་དབྱེ་དྲུག་པའི་འབྲེལ་པའི་སྒྲ་ཡིན་ལ།། དེ་ཡང་ཨི་དང་མཐུན་པའི་ལུགས་འདི་ལྟར་ཤེས་པར་བྱ་ཞེས་སྦྱར་རོ།། ཇི་ལྟར་ཞེ་ན། འདྲེན་བྱེད་རྗེས་འཇུག་དང་བོ་ག་ང་གཉིས་ལ་དང་པོ་ག་དང་འཐུན་པའོ།། དེ་ཨི་དང་སྦྱར་བ་ནི་ག་ང་གི་སྟེ། དཔེར་ན། གཙུག་གི་སྟེང་གི་ཞེས་པ་ལྟ་བུའོ།།རྗེས་འཇུག་གསུམ་པ་ད་དང་ལྔ་པ་བ་དང་བཅུ་པ་ས་རྣམས་ཀྱི་ས་དྲངས་པས་ཀྱ་ཞེས་པ་ཨི་དང་སྦྱར་བ་ད་བ་ས་ཀྱི་སྟེ།དཔེར་ན། ཁྱོད་ཀྱིས་རྒྱབ་ཀྱི་གཡས་ཀྱི་ཞེས་པ་ལྟ་བུའོ།། བདུན་པ་ཉིད་ཀྱི་བདུན་པ་སྟེ།། ལྷག་མ་རྣམས་ལ་གྱ་སྦྱར་བ།།རྗེས་འཇུག་བདུན་པ་ལས་དྲངས་པ་ཉིད་ནི་བདུན་པ་འ་ཞེས་པ་ཨི་དངསྦྱར་བ་ནི་འི་སྟེ།དཔེར་ན། དགའི་འགའི་ཞེས་པ་ལྟ་བུའོ།།འདི་རྒྱས་པར་བདག་གིས་རྐྱང་པ་མཐའ་རྟེན་མེད་པའི། རྐང་ལྡན་ཡི་གེ་ཉུངས་པ་ཡི།། ཞེས་པིའ་སྐབས་སུ་དཔེར་བརྗོད་པ་བཞིན་ཤེས་པར་བྱའོ།། ལྷག་མ་ན་མ་ར་ལ་བཞིས་དྲངས་པ་གྱ་ཞེས་པ་ཨི་དང་སྦྱར་བ་ནི། ན་མ་ར་ལ་གྱི་སྟེ།དཔེར་ན། མུན་གྱི་འཛུམ་གྱི་ཞལ་གྱི་ཟུར་གྱི་ཞེས་པ་ལྟ་བུའོ།།དེས་ན་གཞུང་ཁ་གཅིག་ལས་ཀྱང་དང་སྦྱར་ཞེས་པ་དང་།གྱ་སྦྱར་བ་ཞེས་འབྱུང་བ་བཞིན་ཡིན་ནོ།། དེ་དག་ཨི་སྦྱར་འབྲེལ་བའི་ས། འདི་ནི་ཐམས་ཅད་ལ་སྦྱར་ཏེ་བཤད་ཟིན་ཏོ།། ཁ་གཅིག་རྗེས་འཇུག་བཅུ་ལ་ཨི་སྦྱར་བ་ནི་དྲུག་པ་འབྲེལ་བའི་ས་སྟོན་པར་འགྱུར་ལ་ཞེས་ཟེར་བ་ནི་མ་ཡིན་ཏེ། རྗེས་འཇུག་དང་པོ་དང་༨༡བདུན་པ་ལས་གཞན་ལ་ཨི་སྦྱར་བ་དྲུག་པར་འགྱུར་བ་ནི་མེད་པའི་ཕྱིར་རོ།  བྱེད་པ་པོ་བཤད་པ།  དེ་ཉིད་ལ་ནི་བཅུ་པ་སྦྱར།   བྱེད་པ་པོ་རུ་ཤེས་པར་བྱ།  གི་ལ་སོགས་པ་དྲུག་པའི་སྒྲ་དེ་དག་ཉིད་ལ་བཅུ་པ་ས་སྦྱར་བ་ནི་རྣམ་དབྱེ་༣་པ་བྱེད་པ་པོར་ཤེས་པར་བྱ་སྟེ།   དཔེར་ན།  གསུང་གི་བསྟན།  ཕྲིན་ལས་ཀྱིས་ཁྱབ།  འཁོར་གྱིས།   ཞེས་པ་ལ་སོགས་པ་ལྟ་བུའོ།  ། དེ་༤ན་དུ་ཁོས།  ངས།  དེས།  པས་ བས མས། ལ་སོགས་པའང་བྱེད་པ་པོའི་སྒྲ་ཡིན་ནོ།  རྒྱན་སྡུད་བཤད་པ།   ཨཱ་ལི་ཕྱིས་ནས་༢་པ་སྦྱར།  ཚིག་རྒྱན་༢་དང་སྡུད་པར་འགྱུར།   དྲུག་པའི་སྒྲ་དེ་དག་ལ་ཨཱ་ལི་དང་པོ་ཨི་ཕྱིས་ནས་རྗེས་འཇུག་༢་པ་ང་སྦྱར་བ་ནི་གང་ཀྱང་གྱང་འང་ཞེས་པའོ།  །ཚིག་རྒྱན་༢་ནི་ཟླ་བས་ཀྱང་ནི་མཚན་མོ་གསལ་ཞེས་པ་ལྟ་བུ་འཐུན་པའི་རྒྱན་དང་།   ཀུ་མུད་རྒྱས་ཀྱང་པད་མོ་མིན་ཞེས་པ་ལྟ་བུ་མི་འཐུན་པའི་རྒྱནོ། །འདི་དག་འཐུན་པ་དང་མི་འཐུན་པ་སྡུད་པར་ཡང་འགྱུར་རོ།  འདི་ཡང་རྒྱས་པར། ག་ད་བ་སའི་རྗེས་སུ་ཀྱང་།   ན་མ་ར་ལ་ང་དང་འ།  འདོགས་ཅན་རྐྱང་པ་རྣམས་ལ་ཡང་།  རྐྱང་པ་མཐའ་རྟེན་པའང་།   རྐང་ལྡན་ཡི་གེ་ཉུངས་པ་ཡང་།  ཞེས་ཁོ་བོས་གཞན་དུ་བཤད་པ་༤ན་ཤེས་པར་བྱའོ།   ལྷག་མ་ཅན་བཤད་པ།  ལ་དོན་སུ་ལ་ཨུ་ཕྱི་ནས།   དེ་ལ་༣་པའི་དང་པོ་སྦྱར།  དེ་ནི་ལྷག་མ་དང་བཅས་པའོ།   སྔར་བཤད་པའི་ལའི་དོན་གྱི་སུ་ཨུ་དང་བྲལ་བའི་ས་ལ་སྡེ་པ་གསུམ་པའི་དང་པོ་ཏ་སྦྱར་བ་ནི་སྟའོ།  དེ་ལ་ཨཱ་ལི་༣པ་ཨེ་སྦྱར་བ་ནི་སྟེ་ཡིན་ལ་དེ་ནི་ལྷག་མ་དང་བཅས་པ་སྟེ།   འཚམས་སྦྱོར་དང་དམ་བཅའ་དང་གཞན་འདྲེན་པ་༣་ལ་འཇུག་གོ།   དེ་ཡང་ས་ན་ར་ལ་དང་ད་དྲག་རྣམས་ཀྱིས་རྗེས་སུ་ཏོ་འབྱུང་ལ།  ག་ད་བ་མ་འ་དང་རྐྱང་པ་དང་འདོགས་ཅན་རྣམས་ཀྱིས་རྗེས་སུ་སྟེ་དང་དའི་རྗེས་སུ་དེ་འབྱུང་ངོ།  འབྱེད་སྡུད་བཤད་པ།   རྗེས་འཇུག་ཡི་གེ་བཅུ་བོ་ལ།   །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན།  །རྗེས་འཇུག་ལ་རྗེས་འཇུག་མ་སྦྱར་བ་ནི་གམ་ཞེས་པ་རྣམས་ཞེས་པའི་བར་དུའོ།  དེ་ནི་འབྱེད་པ་དང་སྡུད་པའི་སྒྲ་ཡིན་ཏེ།  དཔེར་ན། མིག་གམ་ཞེས་པ་ནས་གཟུགས་སམ་ཞེས་པའི་བར་དུའོ།  འདི་དག་ནི།  དང་ཀྱང་ཡང་འང་ཏམ་ཞེས་པ་དང་།  ཅིང་ཤིང་ཞིང་ཞེས་པ་ལ་སོགས་པ་དང་ཡང་མཐུན་པར་བལྟའོ།  །འབྱུང་ཁུངས་བཤད་པ།    རྗེས་འཇུག་ཡི་གེ་བཅུ་པོ་ཡི།    ༤་པ་དགུ་པ་ལ་བཅུ་པ། སྦྱར་བ་འབྱུང་ཁུངས་དག་ཡིན་ཏེ།  དགར་དང་སྡུད་པའང་དེ་བཞིན་ཡིན།  རྗེས་འཇུག་བཅུའི་༤་པ་ན་དང་དགུ་པ་ལ་ལ་བཅུ་པ་ས་སྦྱར་བ་ནི་ནས་ལས་ཞེས་པ་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ།  དཔེར་ན།  ཞལ་ནས་ལེགས་བཤད།   མཛད་པ་ལས་དགེ་བ་ཞེས་པ་དང་།   དེ་བཞིན་དགར་དང་སྡུད་པ་ནི་དཔེར་ན་བཙུན་པའི་ནང་ནས་མཁས་པ།  ཁྱིམ་པ་ལས་དགེ་བསྙེན་བཞེས་པ་ལྟ་བུའོ།  གཟུགས་ནས་རྣམ་མཁྱེན་ལྟ་བུ་སྡུད་པ་དང་སྦྱོར་བ་ནི་ནས་ལ་ཅུང་ཟད་ལྷག་པར་གནས་སོ།  བོད་པ་བཤད་པ།  གང་མིང་རྗོད་པའི་དང་པོ་རུ།  ཀྱེ་སྦྱོར་བ་ནི་བོད་པ་ཡིན།   རྒྱལ་སྲས་གང་གི་འཇམས་དབྱངས་ཤེས་བརྗོད་པ་དེའི་དང་པོར་ཀྱེ་སྦྱར་བ་ནི་ཀྱེ་འཇམས་དབྱངས་ཤེས་པ་ལྟ་བུ་རྣམ་དབྱེ་བརྒྱད་པ་བོད་པའི་སྒྲའོ།  ། དེ་༤ནང་དུ་ཀྱེ་ཚངས་པ་ཞེས་པ་ལ་སོགས་པ་ཡང་ཡིན་ནོ།  དགར་༤༨༣བ་ལ་སོགས་པ་བཤད་པ།   གང་མིང་མཐའ་དང་འཐུན་པ་ཡི། ༤པ་ལ་ནི་ཨི་སྦྱར་བ།  དགར་དང་བསྣན་པའི་ཚིག་ཏུ་འགྱུར།   མིང་གང་གི་མཐར་རྗེས་འཇུག་བཞི་པ་ན་ལ་ཨི་སྦྱར་བས་ནི་ཞེས་པའོ།  དེ་ནི་དགར་བ་དང་བསྣན་པའི་ཚིག་དུ་འགྱུར་ཏེ།  དཔེར་ན་རང་དོན་ནི་ཞེས་པ་ཟླ་ལས་དགར་བ་དང་།  མི་རྟག་པ་ནི་བྱས་པས་སོ་ཞེས་པ་ལྟ་བུ་བཀོད་པ་ལས་དགར་བ་༢་དང་། ཚ་བ་ནི་མེ་ཞེས་པ་ལྟ་བུ་ངོ་བོ་ཉིད་བསྣན་པ་ངེས་བཟུང་དང་།  ཡང་ན་ནི་ཞེས་པ་ལྟ་བུ་རྣམ་གྲངས་གཞན་བསྣན་པ་༢ཡིན་ནོ།     སྡུད་པ་ལ་སོགས་པ་བཤད་པ།  མིང་གང་རུང་པའི་བར་མཚམས་སུ།  ༣པ་ལ་ནི་༢པ་སྦྱར།   དེ་ནི་སྡུད་དང་འབྱེད་པ་དང་།  རྒྱུ་མཚན་གདམས་ངག་ཚེ་སྐབས་ལྔ།  འཁོར་འདས་ཤེས་པ་ལ་སོགས་པ་མིང་གང་ཡང་རུང་བའི་མཚམས་སུ་རྗེས་འཇུག་༣པ་ད་ལ་༢པ་ང་སྦྱར་བ་ནི་དང་ཞེས་པའོ།  དེ་ནི་དཔེར་ན་འཁོར་བ་དང་མྱ་ངན་ལས་འདས་པ་ནི་ཆོས་ཤེས་སྡུད་པ་དང་།  ཆོས་དང་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་འབྱེད་པ་དང་། ཐོས་པ་བྱས་པ་དང་ཤེས་རབ་འཕེལ་བ་ཞེས་པ་རྒྱུ་མཚན།  ཉི་མ་ཤར་བ་དང་འགྲོ་ཞེས་པ་ཚེ་སྐབས་དང་། ངས་བསྟན་གྱི་ཡིད་ལ་ཟུང་ཤིག་དང་ཞེས་པ་གདམས་ངག་དང་ལྔ་ལ་འཇུག་པའོ།  ། སྤྱི་ལ་འཇུག་པ་བཤད་པ།  གང་མིང་གི་ནི་ཡ་མཐའ་ཏུ།   དང་པོ་ལ་ནི་༢པ་སྦྱར།  སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར།  སངས་རྒྱས་ལ་སོགས་གང་གི་མིང་གི་ཐོག་མར་རྗེས་འཇུག་དང་པོ་ག་ལ་༢པ་ང་སྦྱར་བ་ནི་གང་ཞེས་པ་དྲི་བའི་ཚིག་གོ།  དེ་ནི་སླར་སྡུད་པ་མ་གཏོགས་པ་ཐམས་ཅད་ལ་ཁྱབ་པ་ཉིད་དུ་འགྱུར་ཏེ། ༤༨༤ དཔེར་ན་འགའ་ཞིག་སངས་རྒྱས་གང་ཆོས་གང་ཞེས་པ་ལ་སོགས་པ་ལྟ་བུའོ།  དེ་༤ན་དུ་ཅི་དང་སུ་དང་ཇི་ལ་སོགས་པ་ཡང་ཡིན་ནོ།  བདག་པོའི་ས་བཤད་པ།  མིང་གང་གི་ནི་མ་མཐའ་ན།  པུ་ལིང་ཀཱ་ཡི་སྒྲ་མེད་པ།  དེ་ལ་པུ་ལིང་ཀཱ་སྦྱར་ན། བདག་པོའི་སར་ནི་ཤེས་པར་བྱ།  པུ་ལིང་ཀཱ་ནི་སུ་ཏུ་ག་བྰ་ཞེས་པ་སྐྱེས་བུའི་ཕོ་ལ་འཇུག་ལ་ལིང་ཀཱ་ནི་རྟགས་ཡིན་པས་སྐྱེས་བུའི་ཕོའི་རྟགས་སོ། །པ་དང་ས་ལ་སོགས་ཡིན་པས་གསེར་ལ་སོགས་པ་མིང་གང་གི་མ་མཐའ་ན་པུ་ལིང་ཀྰ་ཞེས་པ་ཕོའི་རྟགས་ཀྱི་སྒྲ་ལ་སོགས་པ་མེད་པ་དག་ལ།  པུ་ལིང་ཀའི་སྒྲ་པ་ལ་སོགས་པ་སྦྱར་ན་གསེར་པ་དང་རྟ་པ་དང་ཤིང་གི་ལ་སོགས་པ་བདག་པོའི་བྱེད་པ་པོའི་སར་ཤེས་པར་བྱའོ།  དགག་པའི་གནས་བཤད་པ།  མིང་གང་གི་ནི་ཡ་མཐའ་ན།  སྐྲི་ལིང་ཀཱ་ལི་སྒྲ་མེད་པ།  དེ་ལ་སྐྲ་ལིང་ཀཱ་སྦྱར་ན།  དགག་པའི་གནས་སུ་ཤེས་པར་བྱ།  སྐྲི་ནི་བུད་མེད་དམ་མོ་ལ་འཇུག་ལ།   ལིང་ཀ་ནི་རྟགས་ཡིན་པས་བུད་མེད་དམ་མོའི་རྟགས།  དེའི་སྒྲ་ནི་མ་དང་མོ་ལ་སོགས་པ་ཡིན་པས་ཆགས་པ་ལ་སོགས་པ་མིང་གང་གི་ཐོག་མ་ན་སྐྲི་ལིང་ཀཱ་ཞེས་པ་མོའི་རྟགས་ཀྱི་སྒྲ་མ་ལ་སོགས་པ་མེད་པ་དག་ལ་སྐྲི་ལིང་ཀཱའི་སྒྲ་མ་ལ་སོགས་པ་སྦྱར་ན་མ་ལ་སོགས་པ་དགག་པའི་གནས་སུ་ཤེས་པར་བྱའོ།  གང་ཡང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ལས་སོགས་པ་དགག་སྒྲ་འོག་ཏུ་སྦྱར་བ་དེ་ཡང་སྔོན་གྱི་ལོ་ཙྪ་བ་དག་གིས་མཛད་ཀྱིས།  རྒྱ་གར་ལ་མེད་དོ་ཞེས་ཁོ་བོའི་བླ་མ་ལོ་ཙྪ་བ་གསུང་ངོ་།  ཐ་སྙད་ལ་སོགས་པ་འཇུག་པ་བཤད་པ།  གང་མིང་གི་ནི་ཡ་ཐ་ན།  ༣པ་ལ་ནི་ཨེ་སྦྱར་བ།  ཐ་སྙད་དབང་དུ་༣་ཡིན་ཏེ།  དངོས་པོའི་དབང་དུ་༤རུ་སྦྱར།  དུས་ཀྱི་དབང་དུ་༢ཡིན་ནོ།  ༤༨༥མིང་གང་གི་ཐོག་མར་རྗེས་འཇུག་༣པ་ད་ལ་ཨེ་སྦྱར་བ་ནི་དེའོ།   དེ་ནི་དེ་སྔར་གྱི་ཞེས་པ་འདས་པ་དང་།  དེ་གཞན་ཡིན་ཞེས་པ་རྣམ་གྲངས་གཞན་དང་།  ཞབས་ལ་བཏུད་དེ་ཞེས་པ་ལྷག་མ་དང་བཅས་པ་སྡེ་ཐ་སྙད་ཀྱི་དབང་དུ་འཇུག་པ་༣ཡིན་ནོ།   དེ་ཡིན་ཞེས་པ་བདེན་པ་དང་།   དེ་སྦ་ཞེས་པ་གསང་བ་དང་།  དེ་ངའི་ཞེས་པ་བདག་གི་བ་དང་།   དེ་བོས་ཞེས་པ་ཕ་རོལ་པོ་སྟེ་དངོས་པོ་ལ་འཇུག་པ་༤ཡིན་ནོ།  དེ་འགགས་ཞེས་པ་འདས་པ་དང་།   དེ་མ་སྐྱེས་ཞེས་པ་མ་འོངས་པ་སྟེ་དུས་ལ་འཇུག་པ་༢ཡིན་ནོ།  བསྡུ་བ་དང་ཕྲད་ཀྱི་དོན་བཤད་པ།  ཚིགས་བཅད་ས་མཚམས་སྦྱོར་རྣམས།  ཅུང་ཟད་སྡུ་བ་ཡོད་ན་ཡང་།  དེ་ནི་དེ་བཞིན་སྦྱར་བར་བྱའོ།  ཚིགས་བཅད་པ་ནི་འདིར་ཚིག་སྡུད་པའི་སྦྱོར་བ་བཅུའོ།  མཚམས་སྦྱོར་ནི་ཚིག་གི་ཕྲད་རྣམས་སོ།  ཅུང་ཟད་བསྡུ་བ་ནི་ཕྲད་༢པོ་མང་པོ་འདུས་པ་ཡོད་ན་ཡང་ཞེས་སྦྱོར་བའི་དུས་ཉིད་སྟོན་པའོ།  དེ་དག་ནི་སྔར་རྗེས་འཇུག་བཅུ་ལ་ལས་ལ་སོགས་པ་བྱེད་ཚིག་དུ་སྦྱར་བ་དེ་༤ན་དུ་རྗེས་འཇུག་དང་སྔོན་འཇུག་དག་དང་འབྲེལ་བར་སྦྱར་བར་བྱའོ་ཞེས་བྱ་བ་ཡིན་ནོ།   རྗེས་འཇུག་ལ་ཞུགས་པའི་སྐྱོན་བཤད་པ།  སྔོན་འཇུག་ཡོད་མེད་ཀྱང་རུང་།   མིང་གཞིའི་ཡི་གེ་གང་ཡིན་ལ། ༢འབྲེལ་ཡོད་དམ་་༣འབྲེལ་ཡོད།  ཨ་ལི་༤་ལས་གང་ལྡན་ཡང་།   རྗེས་འཇུག་བཅུ་པོ་མ་ཞུགས་པ།  མིང་གཞན་སྦྱོར་བ་ཡོད་མི་སྲིད།   སྒྲས་དོན་སྟོན་པ་སྔོན་འཇུག་ལ་ལྟོས་པ་ཁོ་ནར་མ་ངེས་པས་དེ་དག་ཡོད་དམ་མེད་དམ་རུང་ཏེ།   མིང་གཞིའི་ཡི་གེ་༤༨༦སྔར་བཤད་པའི་མི་འཇུག་པ་གཉིས་པོ་གང་ཡིན་པ་༢སམ་གསུམ་འབྲེལ་ཡང་རུང་དེ་ལ་ཨི་ཨུ་ཨེ་ཨོ་༤ལས་གང་དང་ལྡན་ཡང་རྗེས་འཇུག་རྣམས་མ་ཞུགས་ན་དོན་གྱི་ངོ་བོ་སྟོན་པའི་མིང་ལ་སོགས་པ་གཞན་སྦྱོར་བ་ཡོད་མི་སྲིད་པའོ།  ཡང་ན་རྗེས་འཇུག་རྣམས་མ་ཞུགས་ན་མིང་གི་ཡི་གེ་རྣམས་སྒྲ་གཞན་གྱིས་སྦྱར་ནས་དོན་སྟོན་པ་མི་སྲིད་པར་བཤད་དོ།   དེས་ན་དོན་སྟོན་པ་ནི་རྗེས་འཇུག་ལ་ལྟོས་པ་ཁོ་ན་ཡིན་ལ་དེ་ནི་༢དང་༣དང་༤སྦྲེལ་བ་ཡོད་དེ།  དཔེར་ན།  ཡོད་ རོལ།  གྱུརད།  ཅེས་པ་ལྟ་བུའོ།  སྔོན་འཇུག་དང་རྩེགས་པ་བསྣན་ན་མང་པོ་འབྲེལ་བའང་ཡོད་དེ།  དཔེར་ན།  བསྟནད།  བསྒྲགས།  བསྒྲུབས།  བསྒོམས་སམ་ཞེས་པ་ལ་སོགས་པ་ལྟ་བུའོ།   མི་འགྱུར་བ་འདུས་ནས་དོན་སྟོན་པ་དང་།  མི་སྟོན་པའི་དཔྱད་པ་ནི་མི་འཇུག་པའི་སྐབས་སུ་བཤད་ཟིན་ཏོ།  ཞུགས་པའི་ཕན་ཡོན་བཤད་པ།  རྗེས་འཇུག་བཅུའི་དོན་ཤེས་ནས།   འབྲི་དང་ཀློག་དང་བཤད་ཉོས་ཀྱིས།  མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་།   འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར།  སྔར་བཤད་པའི་རྗེས་འཇུག་གི་ཡི་གེ་བཅུའི་དོན་ལེགས་པར་ཤེས་ནས་དེ་བཞིན་བཤེགས་པའི་གསུང་རབ་དང་།  མཁས་པའི་བསྟན་བཅོས་དང་།   དེ་དག་གི་བྱེག་སྙན་དངགས་དང་། རྒྱན་དང་།  མངོན་རྗོད་སྡེབ་སྦྱོར་གྱི་གནད་དང་།  ཕྱི་རོལ་པའི་རིག་བྱེད་དང་། ཉེ་བའི་རིག་བྱེད་ལ་སོགས་པ་ཚུལ་བཞིན་དུ་འབྲི་བ་དང་།  དོན་དང་མཐུན་པར་ཀློག་པ་དང་།  ཕྱིན་ཅི་མ་ལོག་པར་འཆད་པ་དང་།  སྙན་དངགས་དང་འབྲེལ་པར་རྩོམ་པ་དང་།   ལུང་རིགས་དང་མི་འགལ་བར་རྩོད་པ་དང་།   མན་ངག་གི་གནད་བཞིན་དུ་ཉཾསུ་ལེན་པའི་མཁས་པ་རྣམས་ཀྱིས་༤༨༧བསླབ་པར་བྱ་བའི་གནས་སྟོན་པ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་སྟོན་པ་རྣམས་ཀྱིས་ཚིག་གི་ཕྲད་ཀྱི་སྦྱོར་ལ་མཁས་པ་དང་།  ཚིག་བསྡུད་པའི་སྦྱོར་བ་ལ་ཐོགས་པ་མེད་པ་དང་།  ཚིག་དང་དོན་འབྲེལ་པར་སྨྲ་བ་རྣམས་ཀྱི་མཆོག་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ།  དེས་གཞན་ཤེས་པའི་ཚུལ་བཤད་པ།  གཞན་ཡང་རྗེས་འཇུག་ཤེས་པ་ཡི།  དོན་གྱི་སྦྱོར་བ་མ་མཐོང་ཡང་།  དོན་དང་མཐུན་པའི་སྦྱོར་བ་ཤེས།  ཕན་ཡོན་གཞན་ཡང་རྗེས་འཇུག་གི་དོན་ཤེས་པའི་གང་གི་དགོས་པ་དང་ལྡེམ་པོར་དགོངས་པ་དང་སྒྲ་ཇི་བཞིན་དང་ཇི་བཞིན་མ་ཡིན་པ་ལ་སོགས་དོན་གྱི་སྦྱོར་བ་དངོས་སུ་མ་མཐོང་ཡང་།  སྙིང་པོ་མེད་ལ་སྙིང་པོར་ཤེས།   ཕྱིན་ཅི་ལོག་ལ་ལེགས་པར་གནས།  ཉོན་མོངས་པས་ནི་རབ་ཉོན་མོངས།       བྱང་ཆུབ་དམ་པ་ཐོབ་པར་འགྱུར།  ཞེས་པ་ལསྭོ་པའི་ཡི་གེ་རྣམས་བསྡུར་བས་དོན་དང་མཐུན་པའི་སྦྱོར་བ་ཕྱིན་ཅི་མ་ལོག་པར་ཤེས་པ་ལྟ་བུའོ།  ཡང་དག་པའི་དོན་ལ་འཇུག་པར་གདམས་པ།  རྗེས་འཇུག་སྦྱོར་བ་མཁས་པ་ན།  ལུང་གི་དོན་དང་སྦྱོར་བ་དང་།  བླ་མའི་མན་ངག་གསུམ་སྦྱར་ནས།   དོན་གྱི་ཐོག་དུ་དབབ་པར་བྱ། དེ་ལྟར་རྗེས་འཇུག་སྦྱོར་བ་ལ་མཁས་པ་ན།   ཡང་དག་པའི་དོན་གྱིས་ཐོག་དུ་གཞན་ལ་ཕབ་སྟེ་ཉམས་སུ་བླང་བར་བྱའོ་ཞེས་གདམས་ངག་གིས་རྐྱེན་དུ་སྦྱོར།  གང་གིས་གཏན་ལ་དབབ་ཅེ་ན།  རིགས་པས་མི་གནོད་པའི་ལུང་དང་།  སྒྲ་དང་རྟགས་ཀྱི་སྦྱོར་བས་དེ་རྣམ་པར་དག་པའི་རིགས་པསོ།  ཇི་ལྟར་ཉམས་སུ་བླང་ཞེ་ན།   བཤད་མ་ཐག་པའི་མ་ཆིད་ཅན་གྱི་ལུང་དང་རིགས་པ་དང་བླ་མའི་མན་ངན་༣སྦྱར་ནས་ཤེས་པར་བྱ་བ་ཡིན།   འདིར་ནི་གསལ་བྱེད་༣བཅུ་དང་། དབྱངས་ཀྱི་ཡི་གེ་རྣམ་པ་༤  སྔོན་རྗེས་༤༨༨འཇུག་ལྔ་དང་བཅུ།  དྲི་ཥ་གཞུང་གི་རྣམ་བཞག་ཡིན།  བཤད་པ་ལྟེ་བར་འགོད་པ་བཤད་ཟིན་ཏོ།  དེ་ལྟར་བསྟོནས་ཀྱི་གཞུང་བཤད་ནས་ད་ནི་བཤད་པ་ཡོངས་སུ་སློབས་པའི་བྱ་བ་བསྟན་པ།  བསླབ་ལ་བརྩོན་པའི་གང་ཟག་གིས།   དང་པོ་ང་རོ་རྣམས་ལ་སྦྱང་།  སྔོན་འཇུག་རྗེས་འཇུག་མིང་གཞི་༣།   ཀློག་གི་ཆེད་དུ་བསླབས་པ་ཡིན།  ཡྟོན་ཐམསད་ཀྱི་གཞི་ཡི་གེ་དང་ཀློག་ལ་སོགས་པ་བསླབ་པར་བྱ་བའི་གནས་ལ་བརྩོན་པའི་གང་གིས་དང་པོར་སློབ་དཔོན་མཁས་པའི་དྲུང་དུ།  ཀ་དང་ཁ་ལ་སོགས་པ་ང་རོ་དྲང་པོ་རྣམས་ལ་དང་པོར་སྦྱང་ངོ་།  དེ་ནས་ཨི་ལ་སོགས་པ་གསལ་བྱེད་ལ་སྦྱར་་བ་རྣམས་ལ་སྦྱང་ངོ་། །དེ་ཡང་ཀི་ཀུ་ཀེ་ཀོ་ཞེས་པ་ལ་སོགས་པ་བཀུག་པ་དང་སྨད་པ་དང་བསྒྲེང་བ་དང་།   བསྟོད་པའི་ང་རོ་རྣམས་ལ་ཇི་ལྟར་སྦྱོང་བའི་ཚུལ་ཀའི་གུ་གུ་ཀི་ཞེས་པ་ནས་ཨའི་ན་རོ་ཨོ་ཞེས་པའི་བར་དུའོ།  དེ་༤ན་དུ་ཀྲ་ཞེས་བ་ལ་སོགས་པ་བསྒྲིམས་པ་དང་།  ཀླ་ཞེས་པ་ལ་སོགས་པ་ཀློག་པ་དང་།  ཀམ་ཞེས་པ་ལ་སོགས་པ་སྣ་དང་ལྡན་པ་དང་།  ཀ༔   ཅེས་པ་ལ་སོགས་པ་རྣམ་པར་བཅད་པའི་ང་རོ་དག་ལ་ཡང་སྦྱང་ངོ་།  དེ་ནས་ཡིན་ཞེས་པ་དང་།  བསྒོམས་ཅེས་པ་དང་།  བསྟེནད་ཅེས་པ་དང་བསྐྲུནད་ཅེས་པ་ལ་སོགས་སྔོན་འཇུག་དང་རྗེས་འཇུག་དང་མིང་གཞིའི་ཡི་གེ་ཉིས་ནས་དྲུག་གི་བར་དུ་སྦྲེལ་བ་ལ་བསླབས་པ་ནི་ཀློག་གི་ཆེད་དུ་ཡིན་ནོ།  དེ་བས་ན་སྐབས་འདིར་སྒྲ་ཉམས་པ་དང་ཡུལ་སྐད་ངན་པ་ལ་སོགས་པ་སྤངས་ཏེ་ཤིན་ནུ་མཁས་པར་བྱའོ།  རྗེས་འཇུག་བཞིའི་སྦྱོར་བ་ནི།  མཉན་བསམ་བརྟན་པའི་ཆེད་དུ་སྦྱར།  ཨི་ལ་སོགས་པ་ནི་ཀ་ལ་སོགས་པ་ལུས་ཀྱི་ཡི་གེ་རྣམས་ཀྱི་རྗེས་སུ་འཇུག་པས་རྗེས་འཇུག་བཞིའོ། དེའི་སྦྱོར་བ་ནི་མཉན་པ་དང་བསམ་པ་དང་བསྟན་པ་༤༨༩ནི་སྒོམ་པ་སྟེ་ཤེས་རབ་༣བསྐྱེད་པའི་ཆེད་དུའོ།  ཡན་ལག་དེ་དག་མཐུ་ཡིས་ནི།   འབྲས་བུའི་ཆེད་དུ་དོན་ལ་དབབ།  སྔར་བསྟན་པའི་རྒྱུ་དེ་དག་གི་མཐུས་འབྲས་བུས་བསླབ་པར་བྱ་བའི་གནས་དེ་དག་ལ་ཤིན་དུ་མཁས་པར་བྱ་བའི་ཆེད་དུ་དོན་དེ་དག་ལ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ།  བསླབ་པའི་རིམ་པ་འདི་ཡིས་ནི།  གང་ཞིག་འབད་པ་ཆུང་དུས་ཀྱང་།  ཤེས་རབ་མྱུར་དུ་གྲོལ་བར་འགྱུར།   དེ་ཕྱིར་དང་པོར་འདི་ཉིད་བསླབ།  འདི་ལྟར་དང་པོར་ང་རོ་དྲང་པོ་རྣམས་དང་དེ་ནས་བཀུག་པ་ལ་སོགས་པ་དང་།  དེ་ནས་༢སྦྲེལ་བ་ལ་སོགས་ལ་ལ་བསླབ་པར་བྱ་བ་དང་།  དེ་ནས་༣བསྐྱོད་པའི་ཆེད་དུ་བསླབ་པ་ལ་སོགས་པའི་རིམ་པས།  གང་གི་ཤེས་བྱའི་གནས་ལ་འབད་པ་ཆུང་ངུར་གྱུར་ཀྱང་གནད་དེ་དག་ལ་ཤེས་རབ་མྱུར་དུ་གྲོལ་བའི་མཁས་པར་འགྱུར།  དེའི་ཕྱིར་དུས་དང་པོར་༣བཅུ་པའི་རབ་ཏུ་བྱེད་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་པའོ།  དེ་ནས་རྒྱས་པའང་མཉན་བྱས་ནས།  བསླབ་པ་གང་ལ་དད་པ་ཡི། གཞུང་ཉིད་བླ་མ་རྣམས་ལ་མཉན།  དེ་ནས་ཀ་ལཱ་པ་དང་ཙནྡྲ་པ་ལ་སོགས་པའི་བརྡའ་སྤྲོད་པའི་གཞུང་རྒྱས་པ་དང་།   ཚད་མའི་མདོ་དང་རབ་ཏུ་བྱེད་པ་སྡེ་བདུན་ལ་ཚད་མི་བསྟོནས་དང་།  སྐུ་གཟུགས་ལ་སོགས་པའི་མི་དེ་སྟོན་པའི་བཟོ་རིག་པ་དང་།  ཡན་ལག་བརྒྱད་པ་ལ་སོགས་པ་གསོ་བ་རིག་པའི་གནས་རྣམས་མཉན་པར་བྱའོ།   དེ་ནས་ལྷག་པ་ཚུལ་ཁྲིམས་དང་།   ཤེས་རབ་དང་།  ཏིང་ངེ་འཛིན་གྱི་བསླབ་པ་གང་ལ་དང་པའི་གཞུང་ལ་འདུལ་བ་དང་།  མངོན་པ་དང་།  མདོ་སྡེའི་སྡེ་སྣོད་རྣམས་བླ་མ་རྣམས་ལ་མཉན་པར་བྱའོ་ཞེས་འདོམས་པར་མཛད་དོ།  སློབ་དཔོན་དེ་ཉིད་དུ་འཛིན་༤༩༠ཅིང་།   ལེ་ལོ་གཡེང་བ་རྣམས་པར་སྤངས།   ཟོ་བཟང་དད་པ་ལ་བརྟེན་པ།  སྐྱེས་བུ་དེས་ནི་ལྷུར་རྟོགས་ཏེ།  འདིས་ནི་གང་ལ་འདོམས་པའི་ཡུལ་ཆོས་ལྔ་དང་ལྡན་པར་བསྟན་ཏོ།  དེ་ལ་དུས་སུ་འདོམས་པར་བྱ།  ཅིག་ཤོས་དེ་ལས་བཟློག་པའོ།   ཚིགས་སུ་བཅད་པ་ཕྱེད་པོ་འདིས་ཇི་ལྟར་འདོམས་པའི་ཚུལ་དང་།  སྣོད་ལ་ཡིན་པ་ལ་འདོམས་པ་བཀག་པར་བསྟན་ནོ།   དེ་ལྟར་བཤད་འདིས་དེང་ནས་འདིར།  ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག།  ཕྱེད་ཕྱི་མ་འདིས་གང་བསྔོ་བའི་དགེ་བ་དང་། བསྔོ་བའི་དུས་དང་།  ཆེད་དུ་བྱ་བ།  ཇི་ལྟར་བསྔོ་བའི་ཚུལ་རྣམས་བསྟན་པ་ཡིན་ནོ།  ཚིགས་སུ་བཅད་པ་འདི་༢ནི་ཕྱིས་གཞན་གྱིས་བྱས་པའོ།  གཞན་ཡང་༣ཅུ་པ་དང་རྟགས་འཇུག་ཕན་ཚུན་འདྲེས་པ་དང་།  སྟོད་སྨད་འཆོལ་བར་བྲིས་པ་དང་། སུམ་རྟགས་ཅེས་༡དུ་བྱེད་པ་རྣམས་ཁ་ཅིག་གི་སུམ་རྟགས་༢བསྲེས་ནས།   ཡི་གེ་མིང་ཚིག་དགོས་འབྲེལ་དང་།  འཇུག་ཚུལ་བསྟེན་ཚུལ་བསྟན་བྱ་བདུན།  ཞེས་པ་ལ་སོགས་པ་བར་སྐབས་སུ་བསྟན་ཏེ་ཡི་གེའི་སྦྱོར་བར་མིང་གཏགས་པའི་བསྟོནས་གུད་པ་བྱས་པ་རྣམས་གཞུང་འདིས་བསལ་བ་ཡིན་ནོ།   དེ་ལྟར་བོད་ལ་མཁོ་བའི་གཞུང་།  རྣམ་དག་ཡི་གེའི་སྦྱོར་བ་འདི།  སངས་རྒྱས་བསྟན་ལ་སློབ་བ་ཡི།  རིམ་པ་མཁས་པའི་འཇུག་ངོགས་ཡིན།   བཤད་པ་མཐར་ཕྱིན་པའི་བྱ་བ་བཤད་ཟིན་ཏོ།  སུམ་བཅུ་པའི་འགྲེལ་བ་དབུས་པ་བློ་གསལ་ཀྱིས་སློབ་མ་ལ་ཕན་པའི་དོན་དུ་སྦྱར་བ་རྫོགས་སོ།།དགེའོ། ། མངྒལམ།།

 

བདག་དབང་འཕྲིན་སྟེགས་འདི་ལ་ཡོད་པས་གཞན་གྱིས་བརྐུ་འཁྱེར་བྱས་མི་ཆོག་ལ།དགོས་མཁོ་ཅན་གྱིས་འཕྲིན་སྟེགས་དོ་དམ་པར་འདྲི་དགོས་པ་མ་ཟད་འཐད་པ་བྱུང་དགོས།

上一篇:སྤུར་རྒྱལ་བཙན་པོའི་བང་སོ།

下一篇:ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་དམ་པོར་འཆིང་དགོས་པའི་སྐུལ་མ་བཏང་།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2509910 位访客