བོད་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་ལས་ཀར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད།

发布时间:2018-01-10 03:53:38

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔ་ཚན་བཅུ་གསུམ་པའི་རིང་ཀྲུང་དབྱང་ནས་བོད་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གཞི་ཁ་ཅིག་ལག་བསྟར་གནང་སྟེ།  བོད་ཀྱི་རིག་དངོས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་ཆེད་དངུལ་དེ་ལོ་ལྔ་ཚན་བཅུ་གཉིས་པའི་རྨང་གཞིའི་ཐོག་ལྡབ་འཕར་བྱུང་ཡོད་པས།  རྩི་ཤིང་གནའ་རྫས་དཔྱད་ཞིབ་ཚོད་ལྟ་ཁང་བསྐྲུན་རྒྱུ་དང་།  ལྡེབས་རིས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་ལག་བསྟར་བྱེད་རྒྱུ།  དེ་བཞིན་བོད་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་རིག་དངོས་སྲུང་སྐྱོབ་ཚན་པས་ཉམས་གསོའི་འཆར་འགོད་བཟོ་བའི་རྣམ་གྲངས་ཁ་ཅིག་ལེགས་སྒྲུབ་བྱེད་རྒྱུ་མ་ཟད།  བོད་རྒྱུད་ནང་བསྟན་གྱི་དགོན་སྡེའི་ཉར་ཚགས་དངོས་པོ་དང་།  ལྡེབས་རིས།  བཟོ་བསྐྲུན་བཅས་ལ་བརྟག་དཔྱད་དང་ཐིག་ལེན་བྱེད་པ་དང་རིག་དངོས་སྲུང་སྐྱོབ་ཀྱི་གྲངས་གཞིའི་མཛོད་འཛུགས་རྒྱུ་རེད།  །

上一篇:བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞིར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར༦.༦བཏང་བ།

下一篇:བོད་ལྗོངས་ཀྱིས་མཐོ་ལྡིང་དགོན་གྱི་རིག་དངོས་སྲུང་སྐྱོབ་དང་བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་དོན་ལ་ཞིབ་འཇུག་བྱས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2293689 位访客