བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞིར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར༦.༦བཏང་བ།

发布时间:2018-01-10 03:48:02

 འདི་ནི་ཟླ༡༠པའི་ཚེས༢༨ཉིན་པར་དུ་བླངས་བའི་ལས་གཞིའི་རྨང་འདིང་མཛད་སྒོའི་ཡུལ་དངོས་རེད།

          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་ནི་བོད་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་རིམ་པ་དང་པོའི་རྟེན་རྫས་བཤམས་སྟོན་ཁང་གཅིག་པུ་ཡིན་ཞིང་། བཤམས་སྟོན་ཁང་དུ་རྫ་དཀར་དང་། གཡང་ཊིའི་ཡོ་ཆས། ལྷ་སྐུ། ཐང་ག གནའ་དཔེ་བཅས་དང་ལྷག་པར་དུ་ཐམ་ག་དང་བཀའ་ཡིག་སོགས་ལོ་རྒྱུས་ཀྱི་རིག་རྫས་ཁྲི༥༢ལྷག་ཡོད་ལ། དེ་ནི་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སློབ་གསོ་སྤེལ་སའི་རྟེན་གཞི་གཙོ་བོ་ཡིན། ༡༩༩༨ལོར་མང་ཚོགས་ལ་སྒོ་ཕྱེས་པ་ནས་བཟུང་། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་དེ་བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་བྱེད་སའི་སྒེའུ་ཁུང་གཙོ་བོར་གྱུར་ཡོད།

 

འདི་ནི་ཟླ༡༠པའི་ཚེས༢༨ཉིན་བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་ལས་བྱེད་མི་སྣས་བཤམས་སྟོན་ཁང་གསར་བའི་ཇུས་འགོད་བྱེ་གཞོང་ལ་ལྟ་བཞིན་པའི་ཚུལ་རེད།

        ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་ནི་སྔོན་ཆད་ཀྱི་གནས་ཡུལ་སྟེང་རྒྱས་སྐྲུན་བསྒྱུར་བཀོད་བྱས་པ་ཡིན་ཞིང་། ལས་གཞིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི༦.༥ཡོད་པ་དང་། འཛུགས་སྐྲུན་གཞི་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5.8ཡོད། དེའི་ཁྲོད་འགྲེམ་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི༢༩ཡོད་ལ། རིག་རྫས་མཛོད་ཁང་ལ་སྨི་གྲུ་བཞི་མ་ཁྲི༡ཟིན་ཡོད། ལས་གཞིའི་ཇུས་འགོད་ཕྱོགས་ནས་བཤམས་སྟོན་ཁང་གི་སྔོན་ཆད་ཀྱི་བཟོ་སྐྲུན་རྣམ་པ་རྒྱུན་འཛིན་བྱས་ཡོད་ལ། ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་དང་མཐུན་པའི་སྲོལ་རྒྱུན་བོད་ལུགས་བཟོ་སྐྲུན་གྱི་ཁྱད་ཆོས་བེད་སྤྱོད་བྱས་ཡོད། རྟེན་རྫས་བཤམས་སྟོན་ཁང་དུ་འགྲེམ་སྟོན་ཁུལ་དང་། རིག་རྫས་མཛོད་ཁུལ། རིག་རྫས་ཚན་རྩལ་སྲུང་སྐྱོབ་ཁུལ། སྤྱི་བའི་སློབ་གསོ་ཁུལ་དང་སྤྲོ་གསེང་ཁུལ་བཅས་དབྱེ་ཡོད་དེ། བཤམས་སྟོན་ཁང་གི་རྒྱ་ཕིབས་ལ་མཛེས་སྤྲས་དང་འོད་འགྱེད་ཀྱི་ཕན་ནུས་གཅིག་ཏུ་བསྡུས་པའི་དེང་རབས་ཅན་གྱི་རྒྱུ་ཆ་གསར་བ་སྤྱད་དེ་འཛུགས་སྐྲུན་བྱ་རྒྱུ་རེད།  

       རྒྱས་སྐྲུན་བསྒྱུར་བཀོད་སྐབས་སུ། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གིས་ལྗོངས་ནང་ཁུལ་དུ་སྐོར་སྐྱོད་འགྲེམ་སྟོན་དང་། གནའ་རྫས་རྩ་ཆེན་ཕྱིར་སྟོན་བྱེད་པའི་རྣམ་པ་སྤྱད་དེ་སྤྱི་བའི་རིག་གནས་སྐོར་གྱི་ཞབས་ཞུ་མུ་མཐུད་དུ་འདོན་སྤྲོད་བྱ་རྒྱུ་རེད། །

上一篇:བོད་ལྗོངས་ནས་ད་ལྟའི་བར་ལོ་ངོ༧༠༠ལྷག་ཕྱིན་པའི་ལྡེབས་རིས་ཤིག་གསར་དུ་རྙེད་པ།

下一篇: བོད་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་ལས་ཀར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2286920 位访客