༼ སྙིང་གཏམ། ༽ ལྷ་སྐྱིད

发布时间:2018-01-10 02:56:10

 

 མི་ཡི་སྲོག་ནི་ཟས་དང་སྐོམ་ལ་བརྟེན། །
རིགས་ཀྱི་སྲོག་ནི་སྐད་དང་གཤིས་ལ་བརྟེན། །
སྐད་དང་གཤིས་ཀ་ཉམས་པའི་མི་རིགས་ལ། །
རིང་དུ་གསོན་པའི་རེ་བ་ཡོད་མ་ཡིན། །

 

 

 

༼   སྙིང་གཏམ། ༽ 
རིག་པ་བློ་སྟོབས་སྐྱེན་པའི། །
   རིགས་བཟང་ལྷ་ཡི་གདུང་རྒྱུད། །
   རིག་པའི་གནས་ལ་སྦྱོང་རོགས། །
  རིགས་ཀྱི་སྲོག་རྩ་འཛིན་རོགས། །

རང་གཤིས་གཙང་མ་མ་ཤོར། །
  རང་ཚུགས་ཐུབ་པ་བྱེད་དགོས། །
རང་རིགས་ཡར་རྒྱས་ཆེད་དུ། །
   རང་ཤུགས་ཡོད་རྒུ་འདོན་དགོས། །

ཁ་བའི་བདེ་སྡུག་ཚོར་དགོས། །
 ཁ་སེམས་བོད་ལ་དཀར་དགོས། །
  ཁ་ཁོག་གཅིག་མཐུན་ཡོད་དགོས། །
ཁ་བཤད་དོན་ལ་གནས་དགོས། །

བརྩེ་བའི་རང་མཉམ་སློབ་མ། །
སྐད་སྣ་དུ་མ་ཤེས་པ། །
ཧ་ཅང་དགེ་མཚན་ཡིན་མོད། །
ཕ་སྐད་བརླག་ན་སྡུག་རེད། །

དེ་ཕྱིར་ནང་སའི་སློབ་མ། །
སྐད་དང་གཤིས་ཀ་གཉིས་པོ། །
 ནམ་ཡང་སེམས་ལ་བཟུང་ནས། །
 གཙིགས་མཐོང་གནང་རོགས་ཞུ་ཞུ། །

 

上一篇:བོད་ལྗོངས་ཀྱིས་ལོ་འཁོར་གྱི་དཔེ་བཟང་དགོན་སྡེ་དང་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱས་པ།

下一篇:བོད་ལྗོངས་ནས་ད་ལྟའི་བར་ལོ་ངོ༧༠༠ལྷག་ཕྱིན་པའི་ལྡེབས་རིས་ཤིག་གསར་དུ་རྙེད་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2807882 位访客