བོད་ལྗོངས་ཀྱིས་ལོ་འཁོར་གྱི་དཔེ་བཟང་དགོན་སྡེ་དང་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱས་པ།

发布时间:2017-12-29 04:58:00

          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར“2017ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གྱི་གཟེངས་བསྟོད་ཚོགས་ཆེན”འཚོགས་ནས། དགོན་སྡེ100དང་གྲྭ་བཙུན6881ལ་གཟེངས་བསྟོད་དང་མཚན་སྙན་སྤྲད་པ་རེད། དེ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཐོན་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་རེད། ཁོང་ཚོས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་ཡོང་བ་བྱས་ཡོད།

          ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་གཟེངས་བསྟོད་བྱས་པའི་དཔེ་བཟང་དགོན་སྡེ་དང་སྔོན་ཐོན་གྲྭ་བཙུན་ནི་བོད་ཡོངས་ཀྱི་དགོན་སྡེ1787དང་གྲྭ་བཙུན་ཁྲི4.7ལྷག་ཙམ་ཁྲོད་ནས་དཔྱད་འདེམས་བྱས་པ་དང་། ཁོང་ཚོས“རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། རྒྱལ་སྐྱོང་འགྲོ་ཕན”བཅས་རང་འཁྲིའི་ལས་འགན་དུ་བརྩིས་ནས་མེས་རྒྱལ་ལ་དགའ་ཞེན་དང་། ཁ་ཕྲལ་ལ་ངོ་རྒོལ། སྒྲིག་བཀུར་ཁྲིམས་སྲུང་། བློ་སྦྱོང་ཟབ་གཏོང་བཅས་ཀྱི་སྒོ་ནས་ཏང་དང་སྲིད་གཞུང་དང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐད་བསམ་སྦྱོར་གཅིག་མཐུན་བཅས་བྱས་པ་དང་། རང་ཉིད་ཀྱིས་ཆོས་ལུགས་འཆམ་མཐུན་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱས་ནས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་ནུས་ཤུགས་ཡོད་རྒུས་གཏོད་པར་བརྩོན་ལེན་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་བརྩོན་ལེན་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།

         “དགོན་སྡེ་དང་གྲྭ་བཙུན་ལ་ཕན་པ་སྐྲུན་པའི་སྲིད་ཇུས་ཁག་ལས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ང་ཚོ་གྲྭ་བཙུན་མི་རེ་ངོ་རེའི་སེམས་རྒྱུད་ལ་འཇགས་སོང་། ཐེངས་འདིར་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོར་ཁས་ལེན་གང་ལེགས་དང་ལྕག་སྐུལ་ཆེན་པོ་གནང་བྱུང་བས།ང་ཚོས་བཀའ་དྲིན་ཤེས་པ་དང་།བཀའ་དྲིན་དྲན་པ།བཀའ་དྲིན་འཇལ་བ།བཀའ་དྲིན་ཚོར་བ་བཅས་མཐའ་འཁྱོངས་བྱས་ཏེ་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ་ཤེས་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། རྒྱལ་གཅེས་ཆོས་གཅེས་བཅས་ལ་སྲུང་སྐྱོང་བྱེད་མཁན་དཔེ་བཟང་གྲྭ་བཙུན་ཞིག་བྱ་རྒྱུ་ཡིན”ཞེས་རི་བོ་ཆེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྤྲུལ་སྐུ་འཕགས་མཆོག་སྐལ་བཟང་ཉི་མས་སེམས་འགུལ་ཐེབས་བཞིན་གསུངས།  །

上一篇:དགུན་གྱི་དུས་སུ་མཚོ་སྔོན་པོའི་སྟེང་ཁྲུང་ཁྲུང་གི་གར་སྟབས་མངོན་པ།

下一篇:༼ སྙིང་གཏམ། ༽ ལྷ་སྐྱིད

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038289 位访客