བོད་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱས།

发布时间:2017-12-29 09:49:14

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་ཚུན། བོད་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པས་ཞིང་མུ་དང་འབྲོག་ཐང་དུ་གཟབ་སྐྱོད་བྱས་ཏེ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུས་ཐོག་ཏུ་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱས་པ་རེད། ཉེ་དུས།  ལྗོངས་ཏང་ཨུད་གཞུང་ལས་ཐིང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གི་སྒྲོག་འགྲེལ་ཚོགས་ཆུང་ནག་ཆུ་ས་ཁུལ་ཤན་རྩ་རྫོང་འཁྱག་ཤང་ཆུ་གསུམ་སྦུག་གྲོང་ཚོར་ངོ་འཕྲད་སྒྲོག་འགྲེལ་དང་གནས་འབྲེལ་དོན་འཁྱོལ་ཐོག་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཀུན་ལ་བརྒྱུད་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་མ་ཟད་དྲིལ་བསྒྲགས་དཔྱད་གཞི60ལྷག་ཙམ་སྤྲད་པ་རེད། ཉིན་ཤས་བསྟུད་མར། ནག་ཆུ་ས་ཁུལ་ཉི་མ་རྫོང་འོམ་བུ་ཤང་ལྷོ་ཕྱོགས་སྡེ་ཁུལ་གྲོང་ལྷན་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་རུ་ཁག་དང་།  ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག  ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་པད་སྟེང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག  དེ་བཞིན་འབྲོང་པ་རྫོང་ཆོས་འཁོར་ཤང་ཁང་ཆུང་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཚན་རྩལ་ཅུས་ཀྱི་ལས་དོན་རུ་ཁག  ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་འབོ་ལོ་གྲོང་རྡལ་ཨ་དཀར་གྲོང་ཚོར་བཅའ་སྡོད་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་དོན་རུ་ཁག་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཁུལ་དབྱེ་འགན་ལེན་དང་བཞུགས་མོལ་ཚོགས་འདུ་འཚོགས་པ། ཆེད་དོན་སྒྲོག་འགྲེལ་བྱེད་པ། དུད་ཚང་ལ་བཅར་འདྲི་བྱེད་པ་བཅས་ཀྱི་བྱ་ཐབས་བཟུང་བ་དང་ངོ་འཕྲད་སྒྲོག་འགྲེལ་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཀུན་ལ་ཁྱབ་པ་དང་མི་ཚང་མའི་སེམས་ལ་ཟུག་ཐུབ་པ་བྱས་པ་རེད། ཉེ་དུས། འདམ་གཞུང་རྫོང་དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོར་བཅའ་སྡོད་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལས་དོན་རུ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་སྤེལ་རེས་ཚོགས་འདུ་འཚོགས་པ་དང་།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི།  རྒན་གྲས་གསུམ་གྱི་མི་སྣ།  ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཀྱི་འཐུས་མིས་རང་སོ་སོའི་དོན་དངོས་དང་ཉམས་མྱོང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་ལྷུག་པོར་གླེང་བ་རེད། ལྷོ་བྲག་རྫོང་བན་པ་ཤང་བན་ཞབས་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་དེ། ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་གཉེན་འབྲེལ་གྲོགས་འགྲིག་གི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། གཉེན་འབྲེལ་གྲོགས་འགྲིག་གི་དུད་ཚང་ལ་དངོས་པོའི་ཐོག་ནས་རོགས་རམ་བྱས་པ་མ་ཟད་དུས་ཐོག་ཏུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གོ་བ་ལོན་པ་བྱེད་རྒྱུར་ཡང་རོགས་རམ་བྱས་པ་རེད།  །

  

上一篇:མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས“མིང་གྲགས་ཅན་གྱི་བོད་ལུགས་སྨན་པ་རྒན་པ་བརྒྱ་ཡི་འཆར་གཞི”ཞེས་པ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས།

下一篇: ཨ་མདོ་བརྙན་འཕྲིན་གྱི་ལོ་སར་ཆེད་སྒྲིག་དགོང་འཚོགས་སེར་པོ་གསེར་གྱི་གར་སྟེགས་བརྙན་ཕབ་ལེགས་འགྲུབ་བྱུང་བ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038290 位访客