ཞབས་བྲོའི་ཟློས་གར《ཐང་ག》ཅེས་པ་དེ་རིང་ནས་ཟི་ལིང་དུ་འཁྲབ་སྟོན་བྱ་རྒྱུ་རེད།

发布时间:2017-12-29 09:42:52

 

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ༢༠༡༧ལོའི་མཚོ་སྔོན་རིག་གནས་གནས་སྐོར་དུས་ཆེན་མཇུག་སྒྲིལ་པའི་མཛད་སྒོའི་སྟེང་མི་རིགས་ཀྱི་ཞབས་བྲོའི་ཟློས་གར《ཐང་ག》 ཅེས་པ་འཁྲབ་སྟོན་བྱས་ཏེ་མཚོ་སྔོན་གྱི་ལྟད་མོ་བ་མང་པོའི་ཡིད་ཀྱི་དྭངས་པ་དྲངས། ཟླ༡༢པའི་ཚེས༢༦དང་ཚེས༢༧ཉིན་ལ་ཞབས་བྲོའི་ཟློས་གར《ཐང་ག》 མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་བསྟུད་མར་ཐེངས་གཉིས་ལ་འཁྲབ་སྟོན་བྱ་རྒྱུ་རེད། ཞབས་བྲོའི་ཟློས་གར《ཐང་ག》ནི་ཐང་ག་སྒྱུ་རྩལ་པའི་མི་རབས་གསུམ་གྱི་གཏམ་རྒྱུད་བརྗོད་དོན་བྱས་ཤིང་ཐང་གའི་སྒྱུ་རྩལ་པ་ཞིག་གིས་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་སྙིང་སྟོབས་མཚོན་པར་བྱས་ཡོད། ཟློས་གར་ནང་མཚོ་སྔོན་གྱི་ཐུན་མིན་གྱི་དམངས་སྲོལ་དང་རོལ་དབྱངས། ཞབས་བྲོ། ཨར་སྐྲུན། རི་མོ་བཅས་ཀྱིས་ལེགས་པར་རྒྱན་ཡོད་པ་མ་ཟད། སྒྱུ་རྩལ་གྱི་རྣམ་པས་མཚོ་སྔོན་གྱི་ཐུན་མིན་ལོ་རྒྱུས་དང་མི་ཆོས་བརྩེ་སེམས་མཚོན་པར་བྱས་ཏེ། མཚོ་སྔོན་གྱི་མི་དམངས་མང་ཚོགས་དང་ལྟད་མོ་བ་རྣམས་ལ་སྒྱུ་རྩལ་གྱི་ལམ་ནས་ཐང་ག་དང་མཚོ་སྔོན་རྒྱུས་ལོན་བྱེད་དུ་བཅུག་པ་རེད།གསར་འགོད་པས་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ཡིན་ན། རང་ཞིང་གི་གནད་སའི་ཟློས་གར་ཞིག་ཡིན་པའི་ཆ་ནས་ཞབས་བྲོའི་ཟློས་གར《ཐང་ག》ཞེས་པ་ཐོག་མར་འཁྲབ་སྟོན་བྱས་པར་ལས་རིགས་སོ་སོའི་མང་ཚོགས་ཀྱིས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ། ཟླ༡༢པའི་ཚེས༢༦ཉིན་ནས་བཟུང་ཞབས་བྲོའི་ཟློས་གར《ཐང་ག》ཅེས་པ་མཚོ་སྔོན་དང་པེ་ཅིན། ཐེན་ཅིན་བཅས་གྲོང་ཁྱེར་གསུམ་དུ་སྐོར་འཁྲབ་བྱ་རྒྱུ་རེད།ཟླ༡༢པའི་ཚེས༢༦དང༢༧ཉིན། ཞབས་བྲོའི་ཟློས་གར《ཐང་གའི》སྐོར་འཁྲབ་ཐོག་མ་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་འཁྲབ་སྟོན་བྱས་ཏེ་ལྟད་མོ་བ་མང་པོ་ཞིག་ལ་མཚོ་སྔོན་གྱི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པ་རོལ་མྱོང་བྱེད་ཐུབ་པར་བྱ་རྒྱུ་རེད།  །

 

上一篇:མཚོ་སྔོན་གྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་ཉིས་བརྒྱ་ལྷག་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་སོང་།

下一篇:མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས“མིང་གྲགས་ཅན་གྱི་བོད་ལུགས་སྨན་པ་རྒན་པ་བརྒྱ་ཡི་འཆར་གཞི”ཞེས་པ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2807908 位访客