‍བོད་ལྗོངས་ཀྱི་ཐུམ་འབུའི་ནད་གཞི་བརྟག་དཔྱད་དང་འགོག་བཅོས་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ།

发布时间:2017-12-25 08:47:09
 བོད་ལྗོངས་འཕྲིན་དྲ། ཀློག་གྲངས།86 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  རང་ལྗོངས་ཀྱིས་ད་བར་མི་གྲངས་ཁྲི་ཚོ ༣༠༠ ཙམ་ལ་ཐུམ་འབུའི་ནད་བརྟག་དཔྱད་ཀྱི་ལས་དོན་ལེགས་སྒྲུབ་ཟིན་ནས།  དམིགས་ཚད་བྱས་པའི་མི་ཚོགས་ལ་བརྟག་དཔྱད་ཁྱོན་ཡོངས་ཁྱབ་པ་དང་ནད་དཔེ ༣༠༠༠༠ ཙམ་བརྟག་དཔྱད་ཐུབ་ཡོད།  ཐུམ་འབུའི་ནད་ནི་རང་ལྗོངས་སུ་འགོས་ཁྱབ་ཚབས་ཆེ་ཤོས་ཀྱི་གཞན་བརྟེན་སྲིན་འབུའི་ནད་གཞི་ཞིག་ཡིན་པ་དང་།  ཐུམ་འབུའི་ནད་ཀྱི་རྒྱུན་མཐོང་ནད་དཔེའི་ནང་ལྦུ་བའི་དབྱིབས་ཀྱི་ཐུམ་འབུའི་ནད་ནི་སྲོག་ལ་ཉེན་ཁ་ཆེ་བའི་ནད་གཞི་ཞིག་ཡིན་པས།  གལ་སྲིད་ནད་དེ་ཕོག་ན་ནད་པའི་མཆིན་པ་དང་གློ་བ།  ཀླད་པ།  རུས་པ་སོགས་དབང་པོ་ཚང་མར་གནོད་སྐྱོན་ཕོག་གི་ཡོད།  ན་ནིང་གི་བརྟག་དཔྱད་གྲངས་གཞིར་གཞིགས་ན།  རང་ལྗོངས་ཀྱི་རྫོང་༼ཆུས༽ ༧༤ ཚང་མར་ཐུམ་འབུའི་ནད་གཞི་ཐོན་པ་དང་མི་ཚོགས་ལ་ཆ་སྙོམས་ནད་དེ་ཕོག་ཚད་བརྒྱ་ཆ ༡.༦༦ ཟིན་གྱི་ཡོད།    རང་ལྗོངས་ཀྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་བཀོད་འདོམས་པུའུ་བཙུགས་པ་དང་།  སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་བཀོད་འདོམས་དཔོན་གྱི་འགན་འཁུར་བ་དང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་།  ཞིང་འབྲོག  སྤྱི་བདེ་སོགས་ཚན་པ ༡༧ གྱིས་གཞོགས་འདེགས་བྱས་ནས་ལས་དོན་སྤེལ་བ་རེད།  སྲོག་ཆགས་ཀྱི་ཐུམ་འབུའི་ནད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་བདག་མེད་ཁྱི་འཁྱམ་གསོ་ཉར་ས་ཚིགས་བཙུགས་པ་མ་ཟད་ཐུམ་འབུའི་ནད་འགོག་བཅོས་དང་ཁོར་ཡུག་བཅོས་སྒྲིག  ཆུ་མགོ་འཛུགས་སྐྲུན།  སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱེད་པ་དང་།  དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བཟུང་སྟེ་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་སྤེལ་བ་རེད།   རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཡུན་ཐིང་ནས།  ཐུམ་འབུའི་ནད་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཚོད་འཛིན་བཟོ་བ་དང་།  མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཐོན་སྐྱེད་ནུས་པར་ཉེན་ཁ་ཚབས་ཆེན་བཟོ་བའི་གལ་ཆེའི་སྤྱི་པའི་འཕྲོད་བསྟེན་གནད་དོན་ཞིག་ལ་གྱུར་ཡོད་པས།  རང་ལྗོངས་ཀྱིས་མུ་མཐུད་འབྱུང་རྩ་ནས་སྔོན་འགོག་བྱེད་པ་དང་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།  མང་ཚོགས་ལ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་འཇགས་པ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་རིམ་བཞིན་ཧུར་བརྩོན་ཆེན་པོས་ཐུམ་འབུའི་ནད་མེད་པ་བཟོ་ཐུབ་པ་བྱ་རྒྱུ་རེད་ཅེས་གསུངས།། 

上一篇:བོད་ཀྱི་རི་མོའི་ཕ་ཡུལ་གྱིས་ཐང་གའི་སྤུས་ཚད་ཆ་འཕྲིན་ཁུངས་འདེད་མ་་ལག་བཙུགས་པ།

下一篇:བོད་ཡིག་ཐ་སྙད་བཀས་བཅད་སྤྱི་བསྒྲགས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038055 位访客