སྐ་ཅོག་ཞང་གསུམ།

发布时间:2017-12-20 09:10:49
སྐ་ནི་ལོ་ཆེན་སྐ་བ་དཔལ་བརྩེགས། ཅོག་ནི་ལོ་ཆེན་ཅོག་རོ་ཀླུའི་རྒྱལ་མཚན། ཞང་ནི་ལོ་ཆེན་ཞང་སྣ་ནམ་ཡེ་ཤེས་སྡེ་ལ་ཟེར། འདི་ལ《མཁས་པའི་དགའ་སྟོན》གྱི་གོང་འོག་ཚང་མར་ཀ་ཅོག་ཞང་གསུམ་ཞེས་ཀ་སྡེའི་དང་པོ་རང་བྲིས་གནང་མཛད་འདུག་ཀྱང་ཡིག་ནོར་ཡིན་ཏེ་བོད་ཡིག་གི་ཆོས་འབྱུང་ལོ་རྒྱུས་ཕལ་ཆེ་བའི་ནང་ཀ་ས་མགོ་ཅན་ཤ་སྟག་ཡོད། དེ་ནི་འཕན་པོར་ཡོད་པའི་གྲོང་ཚོ་སྐ་བ་ཞེས་པའི་མིང་ཡིན། སྐ་ནི་ལོ་ཆེན་སྐ་བ་དཔལ་བརྩེགས། ཅོག་ནི་ལོ་ཆེན་ཅོག་རོ་ཀླུའི་རྒྱལ་མཚན། ཞང་ནི་ལོ་ཆེན་ཞང་སྣ་ནམ་ཡེ་ཤེས་སྡེ་ལ་ཟེར། ལོ་ཙཱ་བ་འདི་གསུམ་གྱི་ལོ་རྒྱུས་དང༌། མཛད་པ། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཡིན་པའི་རྒྱུ་མཚན་བཅས་གཤམ་གསལ་ལོ་ཙཱ་བ་སོ་སོའི་མཚན་བྱང་ཐོན་པའི་སྐབས་སུ་བྲིས་ཡོད་པས་དེར་གཟིགས།

上一篇:༄༅། །ལོ་ཙྰ་བ་སྐ་བ་དཔལ་བརྩེགས།

下一篇:རིན་ཆེན་ཕྲེང་བ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2813675 位访客