༄༅། །ལོ་ཙྰ་བ་སྐ་བ་དཔལ་བརྩེགས།

发布时间:2017-12-20 09:07:01

འདི་ཉིད་ཀྱི་འགྱུར་ལ། འཁོར་ལོ་དང་པོར་གཏོགས་པ་འདུལ་བ་ལུང་གི་སྐོར་ལས། རབ་བྱུང་གི་གཞི། གསོ་སྦྱོང་གི་གཞི། དགག་དབྱེའི་གཞི།   དབྱར་གནས་ཀྱི་གཞི།   ཀི་ལྤགས་ཀྱི་གཞི། སྨན་གྱི་གཞི།   གོས་ཀྱི་གཞི། སྲ་རྐྱང་གི་གཞི། ཀོོ་ཤྰམྤྰིའི་གཞི། ལས་ཀྱི་གཞི། དམར་སེར་ཅན་གྱི་གཞི། གང་ཟག་གི་གཞི།   སྤོ་བའི་གཞི། གསོ ་སྦྱོང་བཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པའི་གཞི། དབྱེན་གྱི་གཞིའི་བར་ཡོངས་སུ་རྫོགས་པ་བམ་པོ་བརྒྱ་དང་དགུ་བ།   དགེ་སློང་མའི་རྣམ་འབྱེད་ཤློོ་ཀ་བརྒྱད་སྟོང་བཞི་བརྒྱ་དང་བམ་པི་ ཉི་ཤུ་རྩ་བརྒྱད་པ། ལོ་ཙྰ་བ་བནྡེ་དཔལ་གྱི་ལྷུན་པོའི་འགྱུར་ལ།   སླར་ཡང་ལོ་ཙྰ་བ་བནྡེ་དཔལ་ཀྱིས་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པའོ། །    འཁོར་ལོ་བར་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན་གྱི་ཚིགས་སུ་བཅད་པ་སྡུད་པ་བམ་པོ་ཕྱེད་དང་གཉིས་པ།    འཁོར་ལོ་ཐ་མ་དཀོན་མཆོག་བརྩེགས་ལས། སྒོ་མཐའ་ཡས་པ་རྣམ་པར་སྤྱད་པའི་ལེའུ་བེམ་པོ་བཞི་བ། །   མདོ་མང་སྐོར་ལས། འཕགས་པ་རྣམ་པར་མི་རྟོགས་པར་འཇུག་པའི་གཟུངས་ཤློོ་ཀ་བརྒྱ་ཉི་ཤུ་བ་འགྱུར་གོང་དང་འདྲ། འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་བམ་པོ་བཅོ་ལྔ་བ་ལོ་ཙྰ་བ་དཔལ་གྱི་ལྷུན་པོ་དང་། དཔལ་བརྩེགས་ཀྱིས་བསྒྱུར། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བའི་མདོ་ཤློོ་ཀ་སུམ་ཅུ་བ། འཕགས་པ་སངས་རྒྱས་འགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ་ལོ་ཙྰ་བ་དཔལ་དབྱངས་དང་། དཔལ་བརྩེགས་ཀྱིས་བསྒྱུར། འདུས་པ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱ་བའི་མདོ་བམ་པོ་གསུམ་དང་ལེའུ་བཞི་བ་དཔལ་བརྩེགས་ཀྱིས་བསྒྱུར། ཆོས་གསུམ་པ་ཞེས་བྱ་བའི་མདོ་དེ་ཝ་ཙནྡྲ་བསྒྱུར་ཅིང་དཔལ་བརྩེགས་ཀྱིས་ཞུས་པ།   གནས་འཇོག་གི་མདོ་ཤློོ་ཀ་ཉི་ཤུ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ་ཤློོ་ཀ་བཅོ་ལྔ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ།   རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་བསྟན་པའི་མདོ། ཚེའི་མཐའི་མདོ་ཤློོ་ཀ་ཉིས་བརྒྱ་དང་ལྔ་བ་དགེ་བའི་དཔལ་གྱིས་བསྒྱུར་ཅིང་དཔལ་བརྩེགས་ཀྱིས་ཞུས་པ། སྔགས་ཕྱོགས་སྐོར།   དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་སྤྲུལ་བ་བྱིན་གྱིས་རློབས་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་རྒྱལ་བོ་རིམ་པར་ཕྱེ་བ་ཉི་ཤུ་རྩ་དྲུག་པ། དེའི་རྒྱུད་ཕྱི་མ་རིམ་པ་་ཕྱེ་བ་བདུན་པ ་དང་བཅས་པ། ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལེའུ་མེད་པ།   འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ་བམ་པོ་གཉིས་པ།   ཡེ་ཤེས་སྙིང་པོ་དང་དཔལ་བརྩེགས་སོགས་ཀྱིས་བསྒྱུར་ཅིང་ཞུས་པ། རྡོ་རྗེ་སྙིང་པོ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས་དང་པོ།   སྐ་ཅོག་གི་འགྱུར་ལ ། ཕྱིས་གཉན་ལ་དར་མ་གྲགས་ཀྱིས་བསྒྱུར། །    བསྟན་འགྱུར་ལས། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ། དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ་མཛད་པ་མི་གསལ་བ། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་འདི་རྒྱུད་དག་ལས་བྱུང་བ་ཡིན། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཚིན་གྱི་དབྱངས་རྒྱ་ཆེར་བཤད་པ་གཉིས་མང་དུ་ཐོས་་པའི་སློབ་དཔོན་ཞི་བ་འཚོས་མཛད་པ།   རྩ་བའི་རྒྱུད་ལས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ ཀྱི་བསྡུས་པའི་དོན་སློབ་དཔོན་ཤྲྰི་བུ་ངྔྷྰ་གུ་ཧྱས་མཛད་པ། འདི་ལ་ཤློོ་ཀ་ཉིས་སྟོང་སུམ་བརྒྱ་ཡོད། བྱ་བ་སྤྱིའི་རྒྱུད་བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་རྒྱ་ཆེར་བཤད་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ་སློབ་དཔོན་བོ་ངྷི་ས་ཏྭས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་པའི་རྒྱ་ཆེར་འགྲེལ་བ་གསལ་པའི་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། བོད་ཀྱི་ཞུ་ཆེན་གྱི་ལོ་ཙྰ་བ་བན་དེ་སྐ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར་ལ།   སླད་ཀྱི་བོད་ཀྱ་ལོ་ཙྰ་བ་མཁས་པ་ཆེན་པོ་རིན་ཆེན་བཟང་པོས་རྒྱ་དཔེ་དང་གཏུགས་ནས་བཅོས་ཟེར་བ།   དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ།   ལོ་ཙྰ་བ་སྐ་བ་དཔལ་བརྩེགས་ལ་སོགས་པས་བསྒྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་བ་བམ་པོ་ལྔ་བ་སློབ་དཔོན་སེང་གེ་བཟང་པོས་མཛད་པ། ཞུ་ཆེན་གྱི་ལོ་ཙྰ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་པ་ལ།   སླད་ཀྱིས་ལོ་ཙྰ་བ་དགེ་སློང་སེང་གེ་བཟང་པོས་མཛད་པ། ཞུ་ཆེན་གྱི་ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་བཅོས་ཤིང་་གཏན་ལ་ཕབ་པ།   སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་སློབ་དཔོན་སེང་གེ་བཟང་པོའི་དངོས་སུ་སློབ་བུ་ངྔྷ་ཤྲྰི་ཛྙྰ་ནས་མཛད་པ་བེམ་པོ་དྲུག་པ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། བོད་ཀྱི་ལོ་ཙྰ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་པ། སླད་ཀྱིས་ལོ་ཙྰ་བ་ཁུ་མདོ་དཔལ་གྱིས་བཅོས་པ། རྩོད་པ་བཟློག་པའི་འགྲེལ་བ་དང་པོར་རབ་ཏུ་དགའ་བ་ལ་ཞུགས་པ་སློབ་དཔོན་འཕགས་པ་ནྰ་གྰ་རྫུ་ནས་མཛད་པ། འཁྲུལ་བ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ལྷས་མཛད་པ། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ་དང་། ལག་པའི་ཚད་ཀྱི་འགྲེལ་བ་སློབ་དཔོན་འཕགས་པ་ལྷས་མཛད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་སློབ་དཔོན་ཤྰནྟ་དེ་ཝས་མཛད་པ། ཞུ་ཆེན་གྱི་ལོ་ཙྰ་བ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལ་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱིས་ཞུ་ཆེན་གྱི་ལོ་ཙྰ་བ་རིན་ཆེན་བཟང་པོ་དང་། ཤྰཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་འགྲེལ་བ་དང་མཐུན་པར་བཅོས་པ། སླར་ཡང་དུས་ཕྱིས་ཞུ་ཆེན་གྱི་ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་པ། ཤློོ་ཀ་སྟོང་དུ་གྲགས་པ། བམ་པོ་གཉིས་སུ་བྱས་ པ། དབུ་མ་སྣང་བ་ཞེས་བྱ་བ། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་རབ་དུ་བྱེད་པ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ་རྣམས་སློབ་དཔོན་ཀ་མ་ལ་ཤྰི་ལས་མཛད་པ། དེ་ཁོ་ན་ལ་འཇུག་པའི་འགྲེལ་བ་སློབ་དཔོན་དཔལ་བྦས་ཀྱིས་མཛད་པ། དབུ་མ་ལུགས་ཀྱི་སྙིང་པོ་མདོར་བསྡུས་པའི་རབ་ཏུ་བྱེད་པ་སློབ་དཔོན་བི་ཧྱ་ཀ་ར་པྲ་བྷས་མཛད་པ། འཕགས་པ་སྰ་ལུ་ལྗང་བའི་ཚིག་ལེའུར་བྱས་པ་དང་། འཕགས་པ་སྰ་ལུ་ལྗང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེ་འགྲེལ་བཤད་པ་བརྒྱ་ཕྲག་བཅུ་གཉིས་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ ། སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ས་བཅུའི་རྣམ་པར་བཤད་པའི་རྣམ་པར་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། འཕགས་པ་ས་བཅུའི་མདོ་སྡེའི་གླེ་གཞིའི་བཤད་པ་སློབ་དཔོན་ཤྰཀྱ་བློས་མཛད་པ། ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་ཤྰཀྱ་བཤེས་གཉེན་གྱིས་མཛད་པ། འཕགས་པ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་རྒྱན་བཟང་པོས་མཛད་པ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ་འཕགས་པ་བྱམས་པས་མཛད་པ་བམ་པོ་གསུམ་པ། ཞུ་ཆེན་གྱི་ལོ་ཙྰ་བ་དཔལ་བརྩེགས་ལ་སོགས་པའི་འགྱུར། སླད་ཀྱི་ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཅུང་ཟད་བཅོས་ཏེ་ལེགས་པར་བཤད་ནས་གཏན་ལ་ཕབ་པ། ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། གཞུང་ཚད་ཤློོ་ཀ་སུམ་སྟོང་དྲུག་བརྒྱ་ལྔ་བཅུ་བ། ཞུ་ཆེན་གྱི་ལོ་ཙྰ་དཔལ་བརྩེགས་ལ་སོགས་པའི་འགྱུར། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ་སློབ་དཔོན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ།   ཞུ་ཆེན་གྱི་ལོ་ཙྰ་བ་དཔལ་བརྩེགས་ལ་སོགས་པའི་འགྱུར། ལས་གྲུབ་པའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་། དེའི་རང་འགྲེལ་ཆོས་མངོན་པ་མཛོད་ཀྱི་བཤད་པ་བམ་པོ་སུམ་ཅུ་བ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པ། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་ཞེས་བྱ་བ་ཤློོ་ཀ་ཁྲི་བརྒྱད་སྟོང་།   བམ་པོ་དྲུག་ཅུ་བ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པ་བཤེས་གཉེན་གྱིས་མཛད་པ །   འཕགས་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་བོའི་རྣམ་པར་འགྲེལ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ ནས་མཛད་པ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ་དང་། ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་དང་། འདུལ་བ་དྲི་བའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་མདོ་སྡེ་འཛིན་པ་ཀྰ་ལྱྰ་ཎ་མི་ཏྲས་མཛད་པ། འདི་ལ་ཤོ་ལོ་ཀ་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་བཞི་ཡོད་དོ། །རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ།  རིན་པོ་ཆེའི་ཕྲེང་བའི་རྒྱ་ཆེར་བཤད་པ་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་བའི་འཕྲིན་ཡིག བཤེས་པའི་སྤྲིངས་ཡིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་བ། སློབ་་མ་སྤྲིངས་བའི་འཕྲིན་ཡིག་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ།   གཏན་ཚིགས་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་གྲགས་ཀྱི་གྲགས་པས་མཛད་པ། འབྲེལ་བ་བརྟག་པ་ཞེས་བྱ་བའི་འགྲེལ་བ་སྨྲ་བའི་སེང་གེ་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པའི་མཛད་པ།   རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ངྷརྨ་ཀྰིརྟིས་མཛད་པ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤྰི་ལས་མཛད་པ། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་བ་དུལ་བ་ལྷས་མཛད་པ། རྒྱུད་གཞན་གྲུབ་བའི་འགྲེལ་བ་སློབ་དཔོན་དུལ་བ་ལྷས་མཛད་པ། རྩོད་པ་རིགས་པའི་འགྲེལ་བ་སློབ་དཔོན་དུལ་བ་ལྷས་མཛད་པའི་གཤམ་མ་ཚང་བ་གཅིག དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་བ་ལྷ་ཤེས་བྱའི་དམིགས་པ་མཐའ་དག་གཞོལ་བ་སྨྲ་བའི་སེང་གེ་མུ་སྟེགས་ཅན་གྱི་གླང་པོ་ཆེའི་ཀླད་པ་འགེམས་པར་མཛད་པས་སྦྱར་བ། ཐམས་ཅད་མཁྱེན་པ་གྲུབ་བའི་ཚིག་ལེའུར་བྱས་པ་དང་། ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ། 

上一篇:བོད་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་སེམས་ཁྲལ་སེལ་ཐབས་བྱས།

下一篇:སྐ་ཅོག་ཞང་གསུམ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2286889 位访客