བོད་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་སེམས་ཁྲལ་སེལ་ཐབས་བྱས།

发布时间:2017-12-20 08:52:57

W020171218422074450514.jpg

སློབ་ཐོན་སློབ་མ་བདེ་བླག་ངང་ལས་ཞུགས་ཐུབ་ཆེད་ལས་བསྡུའི་སྟེགས་བུ་གང་ལེགས་གཉེར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ལས་ཞུགས་ནི་ཆེས་ཆེ་བའི་དམངས་འཚོ་ཡིན་ཞེས་བཏོན་ཡོད། སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་གནོན་ཤུགས་སེལ་ཆེད། བོད་ལྗོངས་ཀྱི་འབྲེལ་ཡོད་ཚན་པས་སློབ་ཆེན་སློབ་མའི་ལས་ཞུགས་ལས་འདེམས་ལ་སྐུལ་འདེད་གཏོང་བ་དང་།  བྱ་གཞག་གསར་གཏོད་བྱ་རྒྱུ་སྒྲིག་འཛུགས་དང་གསོ་སྐྱོང་བྱེད་པ་སོགས་བྱས་ནས། ཐབས་མང་མཉམ་སྤྱོད་བྱེད་པ་དང་ལས་བསྡུའི་སྟེགས་བུ་སྐྲུན་པ།  ཕན་ཚུན་འདེམས་ཁ་བྱེད་རྒྱུར་འགོག་རྐྱེན་མི་བཟོ་བ་སོགས་བྱས་ཏེ། སློབ་ཆེན་སློབ་ཐོན་སློབ་མར་མི་སེམས་ལ་བབས་པའི་ཞབས་ཞུའི་རྣམ་གྲངས་མང་དག་མཁོ་འདོན་བྱས་ཡོད།  །

上一篇:བདེ་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་གླུ་གར་ཕྱི་སྟོན་བྱས་པ།

下一篇:༄༅། །ལོ་ཙྰ་བ་སྐ་བ་དཔལ་བརྩེགས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2509756 位访客