གུང་ཧོ་དང་ཐུན་རིན་སོགས་རྫོང་བརྒྱད་གྲོང་ཁྱེར་དུ་བསྒྱུར་བའི་རྩོད་སྒྲུབ་དཔྱད་འཇོག་སྙན་ཞུའི་ཞིབ་དཔྱད་གྲོས་ཚོགས་པེ་ཅིང་ནས་ཚོགས།

发布时间:2017-12-19 09:36:32

         ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ།མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་ནས་གུང་ཧོ་དང་ཐུན་རིན་སོགས་རྫོང་བརྒྱད་གྲོང་ཁྱེར་དུ་བསྒྱུར་བའི་རྩོད་སྒྲུབ་དཔྱད་འཇོག་སྙན་ཞུ་ལ་ཞིབ་དཔྱད་བྱེད་པའི་རྩོད་སྒྲུབ་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་གོ་མི་དམངས་སློབ་ཆེན་དང་དམངས་སྲིད་པུའུ་སྲིད་འཛིན་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་ཐད་ཀྱི་ཆེད་ཞུ་ཆེད་མཁས་པ་ཀྲང་ཁི་ཡོན་གདན་ཞུ་བྱས་ནས་ཆེད་མཁས་ཚན་ཆུང་གི་ཚན་གཙོ་རུ་བསྐོས་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས།དམངས་སྲིད་པུའུ་ས་ཁུལ་དབྱེ་འབྱེད་ས་མིང་སི།ཀྲུང་གོ་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་།ཀྲུང་གོ་མི་དམངས་སློབ་ཆེན།མཚོ་སྔོན་ཞིང་ཆེན་ས་ཁམས་ཆ་འཕྲིན་ཅུའུ་སོགས་དམངས་སྲིད་པུའུ་ཡི་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་དཔྱད་འཇོག་ཚན་ཆུང་གི་འགོ་ཁྲིད་དང་ཆེད་མཁས་པ་ཞིབ་དཔྱད་ལ་ཞུགས། ཀྲུང་གོ་སྲིད་འཛིན་ས་ཁུལ་དབྱེ་འབྱེད་དང་ཁུལ་ཁོངས་འཕེལ་རྒྱས་སྐུལ་འདེད་ཚོགས་པའི་གྲུབ་འབྲས་སྙན་ཞུ་ལ་ཉན་རྗེས། ཆེད་མཁས་པས་ཞིབ་འཇུག་སྙན་ཞུ་ལ་ཞིབ་དཔྱད་ནན་མོ་བྱས་ནས།མཐའ་གཅིག་ཏུ་ཞིབ་འཇུག་སྙན་ཞུ་ཡིས་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་ཆ་རྐྱེན་ཐད་ཀྱི་ཕྱོགས་བསྡུས་དཔྱད་འཇོག་དང་འཕེལ་རྒྱས་ཐད་ཀྱི་མི་འདང་སར་དབྱེ་ཞིབ་བྱེད་པ། ལག་བསྟར་གོ་རིམ་དང་གྲོས་གཞི་སོགས་ཕྱོགས་ལ་དམིགས་ནས་ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་བྱས་ཡོད་པ་དང་། ཞིབ་འཇུག་གི་དམིགས་འབེན་བརྟན་ཞིང་བསམ་ཕྱོགས་གསལ་བོ་ཡིན་པ་མ་ཟད། མཚོ་སྔོན་གྱི་རྫོང་བརྒྱད་གྲོང་ཁྱེར་དུ་བསྒྱུར་བའི་དུས་ཚོད་རེའུ་མིག་དང་འཆར་གཞི་ཕྱིར་བཏོན་ནས། མཚོ་སྔོན་གྱི་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་བྱ་བའི་ཐད་ནས་དཔྱད་གཞིའི་ནུས་པ་འདོན་ཐུབ་ཟེར།  ཚོགས་ཞུགས་ཆེད་མཁས་པ་དང་འགོ་ཁྲིད་ཀྱིས་མཐའ་གཅིག་ཏུ་མཚོ་སྔོན་གྱི་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་དཔྱད་འཇོག་ལ་ཆོག་མཆན་འགོད་པའི་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན་པ་དང་། སྙན་ཞུའི་ནང་བཏོན་པའི་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་དུས་ཚོད་རེའུ་མིག་དང་འཆར་གཞི་ལྟར། དུས་ཚོད་དམ་འཛིན་བྱས་ནས་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་དང་ཡིག་ཆ་གཙོ་བོ་ཡར་སྤྲོད་བྱེད་པའི་བྱ་བ་ཡོངས་འགྲུབ་བྱེད་རྒྱུའི་བསམ་འཆར་བཏོན། དེ་དང་མཉམ་དུ། དམངས་སྲིད་པུའུ་ཡི་མི་རིགས་རང་སྐྱོང་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་ཚོད་ལྟ་བྱེད་གནས་བརྩོན་ལེན་བྱས་ནས།མི་རིགས་རང་སྐྱོང་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་བྱ་བ་མྱུར་དུ་སྤེལ་རྒྱུའི་རེ་བ་བཏོན། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དུ་བསྒྱུར་རྩིས་ཡོད་པའི་རྫོང་བརྒྱད་པོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་གཉིས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བཅས་རེད། །

上一篇: ཐང་བོད་གནའ་ལམ་འཛམ་གླིང་ཤུལ་བཞག་རིག་གནས་སུ་སྙན་ཞུ་འབུལ་བའི་དུས་སྐབས་སྔོན་མའི་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་བསྡུས།

下一篇:སྦྲ་དཀར་གྲོང་ཚོའི་འཕོ་འགྱུར།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2286901 位访客