ཤེས་བྱའི་རྣམ་གྲངས་བཤད་པ།

发布时间:2017-12-18 04:02:53

     ༄༅། ། མཁྱེན་པ་ཉི་མ་འབར་བའི་འོད་རླབས་ཀྱིས།   །

                             འགྲོ་བའི་སྨག་ཆེན་དྲུངས་ནས་འབྱིན་པར་མཛད།  །

                                 བརྩེ་ཆེན་ཀྱོ་བ་རྣོན་པོའི་ནུས་རྩལ་གྱིས།  །  

                                 འདམ་ལས་ཡོངས་སུ་འདྲེན་པས་ཤིས་པ་སྩོལ།  །

                                     智慧日焰猛炽燃,从根灭除众生暗,

                                    大悲利钩能牵引,悉离泥沼赐吉祥。

འདིར་ཤེས་པར་བྱ་བའི་རྣམ་གྲངས་ཅུང་ཟད་བཤད་པ་ལ། བློའི་ཡུལ་དུ་བྱ་རུང་། ཤེས་བྱའི་མཚན་ཉིད། སྒྲ་བཤད་ནི། ཁང་བ་ཀ་བ་བཅའ་ལག་སོགས་ཡོད་པ་གང་ཡིན་པ་ཚང་མ་བློའི་ཡུལ་དུ་བྱ་རུང་བའམ་བློས་རྟོགས་པའམ་ཤེས་རྒྱུ་ཡོད་པའི་ཆ་ནས་ཤེས་བྱ་ཡིན་ཞེས་བཤད་པའོ། ། ཤེས་བྱའི་མཚན་གཞི་ནི།  ཀ་བ།  བུམ་པ།  གཟུགས།  ཤེས་པ།  ནམ་མཁའ།  ས་ཆུ་སོགས་ཡིན།

此中略释所知名相堪为心之境是所知之定义[1]释名如房什物等凡是有悉皆堪为心之境或被心所通达或为心所了解之部分称为所知所知事例如虚空水等

ཤེས་བྱ་མ་ཡིན་པ་ནི། རི་བོང་གི་རྭ། རྟག་མི་རྟག་གཉིས་ཀ་ཡིན་པ། ཀྭ་བུམ་གཉིས་ཀ་ཡིན་པ་ལྟ་བུ། དེ་དག་ཤེས་བྱ་མིན་ཏེ། མེད་པ་ཡིན་སྟབས་ཤེས་རྒྱུ་མེད་པའི་ཕྱིར།

非所知者如兔角是常无常二者是瓶柱二者彼等非所知者谓是非所知故

ཤེས་བྱ་དང་དོན་གཅིག་པ་ནི།  ཤེས་བྱ། ཡོད་པ། གཞི་གྲུབ།  གཞལ་བྱ།  དམིགས་པ།  ཆོས་རྣམས་དོན་གཅིག་ཡིན་ཏེ། ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།  

与所知同义者所知成事所量所缘法等同义彼此是互相等遍故

ཡིན་ཁྱབ་མཉམ་གྱི་དོན་ནི། དཔེར་ན། ཤེས་བྱ་དང་ཡོད་པ་གཉིས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་ཏེ། ཤེས་བྱ་ཡིན་ན་ཡོད་པ་ཡིན་པས་ཁྱབ། ཡོད་པ་ཡིན་ན་ཤེས་བྱ་ཡིན་པས་ཁྱབ་པའི་ཕྱིར།

等遍义者譬如所知与有二者是互相等遍若是所知遍是有若是有遍是所知故

ཤེས་བྱ་ཡིན་ན་ཡོད་པ་ཡིན་པས་ཁྱབ་ཅེས་པ་ནི། ཤེས་བྱ་ཡིན་ན་ཡོད་པ་ཡིན་དགོས་ཞེས་པའི་དོན་ཡིན་པས།  ཤེས་བྱ་ལ་ཡོད་པ་མ་ཡིན་པ་མེད་དོ།  །

若是所知遍是有者谓若是所知须是有[2]之义因此所知中不存在非有

ཚད་མས་དམིགས་པ།  ཡོད་པའི་མཚན་ཉིད།  མཚན་གཞི་ནི།  ས།  ཆུ།  མེ།  རླུང་སོགས་ཡོད་པ་དེ་དང་དེ།  སྒྲ་བཤད་ནི། ཡོད་པ་དེ་དག་བློས་ཚད་མ་སྟེ། བློ་ཡང་དག་པས་དམིགས་ཡུལ་དུ་བྱས་ནས་རྟོགས་རྒྱུ་ཡོད་པས་དེ་ལྟར་བརྗོད།  

由量所缘是之定义事例如风等彼彼是有释名者彼等有是心所量者由正确心缘境已通达为有故如是说

ཚད་མས་གྲུབ་པ།  གཞི་གྲུབ་ཀྱི་མཚན་ཉིད།  མཚན་གཞི་ནི།  ཀ་བ།  བུམ་པ།  མིག་དང་།  རྣ་བ་སོགས་ཡིན།  སྒྲ་བཤད་ནི། མིག་དང་། རྣ་བ། ཀ་བ་སོགས་ཚད་མ་སྟེ་ཤེས་པ་ཡང་དག་པས་གྲུབ་པ་སྟེ་རྟོགས་རྒྱུ་ཡོད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད།

由量所成,是成事之定义。事例如:柱、瓶、眼、耳等。释名者,眼、耳、柱等,谓是由量或正确心所成立,以通达为有之理,故如是说。

དཔེར་ན། ཁང་བ་དེ། བློ་ཚད་མས་ཡོད་པ་ཡིན་མིན་བརྟགས་ནས་ཡོད་པ་ཡིན་པར་ཤེས་པའམ་ཡོད་པ་ཡིན་པར་གྲུབ་པས་ན།  གཞི་གྲུབ་ཅེས་བརྗོད་དོ།  །

喻如某房,以心量观察是否存在,了知是有,或成立是有,因此说为“成事”。

ཚད་མས་རྟོགས་པར་བྱ་བ། གཞལ་བྱའི་མཚན་ཉིད།  མཚན་གཞི་ནི།  ཁང་བ།  ཀ་བ་སོགས།  སྒྲ་བཤད་ནི།  རི་དང་ཆུ་སོགས། བློ་ཚད་མས་རྟོགས་པར་བྱ་བའམ་གཞལ་བར་བྱ་བ་ཡིན་པས་དེ་ལྟར་བརྗོད་པ་ཡིན་ཏེ། བློས་གཞལ་བ་དང་བློས་རྟོགས་པ་དོན་གཅིག་གོ །

由量所通达事是所量之定义,事例如:房子、柱等。释名者:如山、水等,由心量所通达事或是所量事,故作是说。心所量与心所通达是同义。

རང་གི་ངོ་བོར་འཛིན་པ་ཆོས་ཀྱི་མཚན་ཉིད། མཚན་གཞི་ནི། ཀ་བ། བུམ་པ། ས། ནམ་མཁའ་སོགས། སྒྲ་བཤད་ནི། ཀ་བ་སོགས་ལ་ཆོས་ཞེས་བྱ་སྟེ། རང་རང་གི་སྤྱིའི་ངོ་བོ་དང་ཁྱད་པར་གྱི་ངོ་བོ་འཛིན་པའམ་མི་གཏོང་བས་ན་དེ་ལྟར་བརྗོད།

能持自性是法之定义。事例如:柱、瓶、地、虚空等。释名者:柱等称为法者,是能保持不放弃各自之共相体性与差别体性,故如是说。

དཔེར་ན། བུམ་པས་རང་གི་སྤྱིའི་ངོ་བོ་ཤེས་བྱ་ཡིན་པ་འཛིན་པའམ་མི་གཏོང་བ་དང་། ཁྱད་པར་གྱི་སྤྱིའི་ངོ་བོ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པ་འཛིན་པའང་མི་གཏོང་བའི་ཕྱིར།  

喻如“瓶”是能保持不放弃自之所知共相体性,又能保持不放弃差别体性,如鼓腹、底脚扁圆、能盛水之功能作用故。

上一篇:མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བའི་སྒོ་འབྱེད་མཛད་སྒོ་ཟི་ལིང་དུ་བསྡུས་

下一篇:༄༅།།འབྲུག་པ་ཀུན་ལེགས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2598358 位访客