མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བའི་སྒོ་འབྱེད་མཛད་སྒོ་ཟི་ལིང་དུ་བསྡུས་

发布时间:2017-12-18 08:26:01

2a4a7d2e431ce9b5fa8dec89e2738513.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བའི་སྒོ་འབྱེད་མཛད་སྒོ་ཟི་ལིང་གྲོང་ཁྱེར་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་གཟབ་རྒྱས་ངང་ཚོགས།

 མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ནམ་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཞོན་པ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་དགོན་གཙོ་སྒར་བ་ངག་དབང་བཟང་བོ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་དང་། དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བཤེས་ཆེན་མོ་མུན་འཇོམས་སྒྲོན་མེ་སོགས་དགོན་སྡེ་ཁག་གི་དགེ་བའི་བཤེས་གཉེན་དང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་སོགས་བསྡོམས་པས་མི40ལྷག་ཐེངས་འདིའི་མཛད་སྒོར་ཞུགས་ཡོད།

df863086ce6fdffba889429641d0154d.jpg

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་མཛད་སྒོར་འགོ་འཛིན་བྱས་པ་དང་། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་དགོན་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཤིས་ཚིག་ཕུལ།

738fc2230b5f4e0146f3cd97c639cecb.jpg

 ཁོང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ནས། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མི་རིགས་ཆོས་ལུགས་སྲིད་ཇུས་དང་སྲོལ་རྒྱུན་རིག་གནས་ཀྱི་སྲིད་ཇུས་ཉི་འོད་བཞིན་ཕྱོགས་ནས་ཕྱོགས་ཐམས་ཅད་དུ་རིས་སུ་མ་ཆད་པར་སྤྲོས་པས། ང་ཚོས་ཀྱང་བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བོར་གྱུར་བའི་ནང་བསྟན་རིག་གཞུང་དེ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ལ།ཚད་རིག་དཔེ་རྙིང་བསྡུ་སྒྲིག་དང་ཚད་རིག་རིག་གཞུང་དཔྱད་གླེང་། ཚད་རིག་མི་སྣ་གསོ་སྐྱོང་དང་ཚད་རིག་སློབ་དེབ་སྒྲིག་སྒྱུར། ཚད་རིག་དང་ཚད་རིག་ཞིབ་བསྡུར། ཚད་རིག་དུས་དེབ་འགྲེམ་སྤེལ་དང་ཚད་རིག་དྲ་ཐོག་བརྒྱུད་སྤེལ་ལ་སོགས་པར་བརྟེན་ནས།ཚད་མ་རིག་པ་འདི་ཉིད་རྒྱལ་ཡོངས་ཀྱི་ཞིབ་འཇུག་སྡེ་ཁག་སོ་སོ་དང་སློབ་གྲྭ་ཆེན་མོ་ཁག་སོ་སོ། དེ་བཞིན་བོད་ཁུལ་གྱི་སློབ་ཆེན་དང་སློབ་འབྲིང་ཁག་སོ་སོར་དར་སྤེལ་བྱེད་དགོས་པ་མ་ཟད། ས་ཁུལ་དང་མི་རིགས། སྤྱི་ཚོགས་ལས་རིགས་ཀྱི་དབྱེ་བ་མེད་པར་དར་སྤེལ་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་དགོངས་དོན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་འབྱུང་བར་ནུས་པ་འདོན་དགོས་པ་མ་ཟད། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།

87cb154acacf0a244333bc251eb4d0f7.jpg

e3ec2794b9c0575b8c9085bc5781a867.jpg

1513501844928267.jpg

ཚོགས་ཆེན་གྱི་གཏམ་བཤད་པའི་ལས་རིམ་སྐབས་སུ། རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བཤེས་འཇིགས་མེད་བློ་གྲོས་ཀྱིས་ཁ་ཡིག་ལ《ཕྱོགས་ཆོས་འཁོར་ལོའི་བྱུང་འཕེལ་གླེང་བ།》དང་།མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་འདུན་གྱིས་ཁ་ཡིག་ལ《རྒྱ་བོད་བཀའ་བསྟན་ལས་ཚད་མ་རིག་པའི་གཞུང་དང་དེའི་ཕན་ཚུན་ཁ་སྐོང་ཞིབ་འཇུག》དང་།རྨ་ལྷོ་འགར་རྩེ་དགོན་པའི་དགེ་བཤེས་ཚུལ་ཁྲིམས་ཀྱིས་ཁ་ཡིག་ལ《གཏན་ཚིགས་ཕྱོགས་ཆོས་འཁོར་ལོའི་སྐོར་རགས་ཙམ་གླེང་བ།》དང་།མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་ཁ་ཡིག་ལ《གཏན་ཚིགས་རིགས་པའི་ཚུལ་གསུམ་གྱི་རྣམ་གཞག་ལས་འཕྲོས་ཏེ་ཅུང་ཟད་དཔྱད་པ།》དང་། མཚོ་ལྷོ་ཀླུ་ཚང་དགོན་ཆེན་གྱི་དགེ་བཤེས་སྐལ་བཟང་རྒྱལ་མཚན་གྱིས་ཁ་ཡིག་ལ《ཕྱོགས་སྒྲའི་སྐབས་ཀྱི་ཕྱོགས་སྔ་སུ་ཡིན་འདོན་ཚུལ་ལ་ཅུང་ཙམ་དཔྱད་པ།》དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་གཞུང་ལས་ཁང་གི་ཀྲུའུ་རིན་སྟག་འབུམ་རྒྱལ་གྱིས་ཁ་ཡིག་ལ《ཕྱོགས་ཆོས་འཁོར་ལོ་དགུ་དང་བོད་ཀྱི་གསོ་བ་རིག་པའི་ལིང་ཚེ་དགུའི་ཆུ་བརྟག་གི་འདྲ་ཁྱད།》ཅེས་པའི་གཏམ་བཤད་སྤེལ།

2590f0b04e4ec998923dc661a1e21ce7.jpg

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆོན་ཆི་ཀྲང་དང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ་གཉིས་ཀྱིས་མཉམ་དུ་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བ་སྒོ་འབྱེད་པའི་ཡོལ་རས་ཕྱེ་བ།

9df75b596d759d38f4efd61caa39902e.jpg

མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བའི་མདུན་ཤོག

མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བའི་དྲ་གནས། http://www.tbtlogic.cn/

12242bfa63fa8e1e66ea9f148be4fac6.jpg

ཚོགས་ཞུགས་པ་ལྷན་རྒྱས་མཉམ་དུ་བསྐྱོན་པའི་འདྲ་པར།


上一篇:སློབ་མས་བླ་མ་བསྟེན་ཚུལ།

下一篇:ཤེས་བྱའི་རྣམ་གྲངས་བཤད་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2510247 位访客