མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱས་པ།

发布时间:2017-12-12 09:09:45

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་སྲིད་ཇུས་ཀྱི་འགན་ལེན་དང་། ཕྱོགས་ཡོངས་ནས་གཞི་རྟེན་གྱི་འདེགས་སྐྱོར། ཕྱོགས་ཡོངས་ནས་གཏན་འཁེལ་ཞབས་ཞུ། ཕྱོགས་ཡོངས་ནས་སྦྲེལ་མཐུད་ཀྱི་ལས་སྟེགས་བཅས་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱས་པ་རེད། གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། མཚོ་སྔོན་བོད་རིགས་ས་ཁུལ་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐོ་འགོད་བྱེད་ཚད་2013ལོའི་85.6%ནས་2016ལོའི་89.2%བར་མཐོ་རུ་ཕྱིན་ནས་བརྒྱ་ཆའི་གྲངས་3.6འཕར་ཡོད་པ་རེད།

     

     མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཡོངས་ནས་སྲིད་ཇུས་ཀྱི་འགན་ལེན་བྱས་ཏེ་སྔ་རྗེས་སུ་སྲིད་ཇུས་དང་ལེ་ལག་ཚང་བའི་ཡིག་ཆ་20ལྷག་ཙམ་བཏོན་ནས་བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་གཟིགས་སྐྱོང་གི་སྲིད་ཇུས་བཏོན་པ་རེད། ཆེད་དོན་བྱེད་སྒོ་སྤེལ་བ་དང་ཕྱོགས་ཡོངས་ནས་གཞི་རྟེན་གྱི་འདེགས་སྐྱོར་བྱས་ཏེ་བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འཇོན་ཐང་ཆེར་གཏོང་གི་འཆར་གཞི་དང་། ལས་ཞུགས་མ་ཐུབ་པའི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མའི་ཆེད་དོན་ལས་ཞུགས་གསོ་སྦྱོང་འདུ་འགོད། མཐོ་སློབ་སློབ་ཐོན་སློབ་མས“བསམ་བློར་འགྱུར་ལྡོག་བཏང་ནས་ཁྲོམ་རར་ཞུགས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང་སློབ་གསོ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་ས་ཡོད་པའི་ལས་ཞུགས་ལས་གཏོད་ཀྱི་ཞབས་འདེགས་ཞུས་པ་རེད། དམིགས་ས་ཡོད་པའི་ངང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་དང་། ཕྱོགས་ཡོངས་ནས་གཏན་འཁེལ་ཞབས་ཞུ། སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་ཞུགས་ཐུབ་པའི་རོགས་སྐྱོར་འཆར་གཞི་ལག་བསྟར། དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མར་གཅིག་གཏད་གཅིག་གི་ལས་ཞུགས་རོགས་སྐྱོར་ལ་ཞབས་འདེགས་བཅས་བྱས་ནས་བོད་རིགས་ས་ཁུལ་གྱི་ལོ་ན་ཅུང་ཆེ་བ་དང་ལས་ཞུགས་ཀྱི་འཇོན་ཐང་ཞན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཆེད་དོན་ལས་ཞུགས་རོགས་སྐྱོར་བྱས་པ་རེད།


    མཐོ་སློབ་སློབ་ཐོན་སློབ་མས་གཞི་རིམ་དུ་འཇོན་ཐང་ངོམ་རྒྱུར་ཁྲིད་སྟོན་གྱིས་ཕྱོགས་ཡོངས་ནས་ལས་སྟེགས་སྦྲེལ་མཐུད་བྱས་ཏེ་རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག་དང་། གྲོང་དཔོན་སློབ་གྲྭ་ཆེ་མོ་བ། མཚོ་ལྷོའི་འཆར་གཞི་སོགས་མཐོ་སློབ་སློབ་ཐོན་སློབ་མས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་རྣམ་གྲངས་སྤྱི་འདོམས་ལག་བསྟར་བྱས་ནས་ཞབས་ཞུའི་ལས་མིའི་ཐོབ་ཆ་དང་དུས་བཀག་ཟིན་པའི་ལས་ཞུགས་སྲིད་ཇུས་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་སྟེ་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་བོད་རིགས་ས་ཁུལ་གྱི་གཞི་རིམ་འཐབ་ས་མདུན་མར་ཞབས་འདེགས་ཞུ་བར་བསྐྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།  །


上一篇:ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་གསར་པ།

下一篇:གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་འདུ་འཛོམས་ཆེན་མོ་སྐབས་དང་པོ་གནའ་མཁར་ཟི་ལིང་ནས་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2510288 位访客