ལྷ་རིས་པ་ཆོས་འཁོར་བསྟན་འཛིན།

发布时间:2017-12-08 01:49:33

ཤིས་ཚང་དགོན་པའི་གྲྭ་རིགས་ལྷ་རིས་པ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ནི།ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་གསེས་ཆོས་འཁོར་རུ་བཞི་ཞེས་པའི་སྡེ་བར་སྤྱི་ལོ1963ལོར་སྐྱེས།ཆུང་དུས་ནས་རི་མོ་འབྲི་བར་ཧ་ཅང་དགའ་བའི་རྐྱེན་གྱིས་རི་མོ་སྣ་ཚོགས་འབྲི་རྩལ་སྦྱངས།སྤྱི་ལོ1982ལོར་ཤིས་ཚང་དགོན་པའི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། བླ་བྲང་བཀྲ་ཤིས་འཁྱིལ་ནས་རེབ་གོང་ལྷ་རིས་པ་གྲགས་ཅན་ཨ་ཁུ་ཆོས་གྲགས་ལགས་ཀྱི་མདུན་ནས་བོད་ཀྱི་ལྷ་རིས་སྒྱུ་རྩལ་ལ་ལེགས་པར་སྦྱངས་པའི་ཞོར་དུ་སྔ་ཕྱིར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་གི་གྱན་ཐང་དང་མགར་རྩེ་དགོན་པའི་གྱན་ཐང་འགའ་ཞིག ད་དུང་འབོ་ར་དགོན་གཙོས་དགོན་སྡེ་ཁག་གི་སྨོན་ལམ་གོས་སྐུ་ཆེན་མོ་གསར་བཞེངས་མཛད།

གཞན་ཡང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་དམ་པ་སྨད་སོག་བཛྲ་ཚང་དང་།སྨྱུག་འཛིན་དབང་བོ་སོག་པོའི་དཀོན་མཆོག་ཚང་དང་།ཨ་ཁུ་ཐབས་མཁས་ཚང་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། ལཉྪ་ཝརྟུ།ཀུན་མཁྱེན་འཇིགས་མེད་དབང་བོའི་ཕྱག་རྒྱུན་ལྟར་གྱི་བོད་ཀྱི་ཡི་གེ་དབུ་ཅན་དང་།ཀུན་མཁྱེན་སྐུ་ཕྲེང་ལྔ་བའི་སྐུ་རིང་ལ་སློབ་གྲྭ་ཚུགས་སྐབས་མདོ་སྨད་དུ་ཕྱག་རྒྱུན་བྱུང་བདགའ་ལྡན་ཡིག་གསརཞེས་པ་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད། དེ་མིན་རང་དགོན་གྱི་འདུ་ཁང་དང་སྒོ་ཆེན་ཚང་མའི་ལཉྪ་དང་བཀའ་གདམས་ལྷ་ཁང་གི་གདུང་བྲིས་ལཉྪ་སོགས་དང་།སྡེ་ཁྲི་རིན་པོ་ཆེའི་འཇམ་དབྱངས་ལྷ་ཁང་གི་ལཉྪ་ཚང་མ། ཇུན་དཀར་ཚང་གི་ཇོའི་ཁང་གི་ལཉྪ་བཅས་འབྲི་གནང་མཛད།

ད་ལྟ་རང་དགོན་དུ་ཡིག་བྲིས་གསར་སློབ་པ་རྣམས་ལ་ཡིག་གཟུགས་དགེ་རྒན་གནང་མུས་སུ་དགོན་པའི་གསར་བཞེངས་ལྷ་ཁང་དག་གི་རི་མོའི་ཇུས་འགོད་དང་སྨོན་ལམ་གྱི་མར་ཚོན་མེ་ཏོག་སོགས་ཀྱི་གཙོ་འགན་བཞེས་བཞིན་ཡོད་དོ།།


上一篇:ཚྭ་འདམ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་སྤེལ་བ།

下一篇:སློབ་དཔོན་པདྨ་འབྱུང་གནས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038298 位访客