ཕ་ཡུལ་དྲན་གླུ།

发布时间:2017-12-06 08:12:09

དབྱར་ཀྱི་དཔལ་ཡོན་ཚེས་པའི་དང་པོ་ལ།།

གཡུ་འདོག་པང་ལ་མེ་ཏོག་དཀར་དམར་བཞད།།

དལ་འབབ་ཆུ་བོ་སྨན་དྲི་ཁྱབ་པའི་དུས།།

རྩ་བའི་བླ་མའི་གདན་ས་ཨ་མདོ་དྲན།།

སྟོན་ཀའི་སྡོང་ལོ་རླུང་གིས་འཁྱེར་བའི་དུས།།

ས་གཞི་གསེར་འདོག་རི་བོས་གསེར་ཁྲབ་གྱོན།།

ཆུ་བོ་ཞལ་ཁེབ་དར་གྱི་འགེབ་པའི་དུས།།

ཕུ་ནུ་མིང་སྲིང་འཛོམས་སའི་ཕ་ཡུལ་དྲན།།

དགུན་གྱི་ཁ་བས་རི་བོས་གོས་དཀར་གྱོན།།

གྲང་རླུང་འུར་སྒྲས་གནམ་ས་འདར་ཞིང་གཡོ།།

རི་ཆུ་ལུང་གསུམ་འཁྱག་པས་སྡུམ་དུས་སུ།།

སྙིང་སྡུག་མཛའ་མོའི་ཕ་ཡུལ་ཨ་མདོ་དྲན།།

དཔྱིད་ཀྱི་ཕོ་ཉ་དང་པོ་སླེབ་པའི་དུས།།

དྲོད་འཇམ་ཉི་འོད་འོག་ནས་ས་ཆུ་བསུ།།

རྒྱང་རིང་མགྲོན་པོ་སླེབས་ལ་ཉེ་བའི་དུས།།

ལྷན་འཛོམས་དགོད་སྒྲས་ཁེངས་བའི་ཕ་ཡུལ་དྲན།།

ས་མཐའ་ངེས་མེད་འགྲིམ་པའི་བུ་ཆུང་ངས།།

སེམས་ནས་ནམ་ཡང་དགའ་པའི་རྫ་ཆུ་སྟོད།།

དྲན་པའི་ཚིག་འདི་དབང་མེད་ངག་ནས་ཤོར།།

སྙན་པའི་པི་ཝང་འབྲེལ་ནས་དབྱངས་སུ་གྱེར།།


上一篇:༄༅།། ཕ་ཡུལ་གྱི་འབྲོག་ཕྲུག

下一篇:རིན་སྤུངས་པ་དང་གཙང་པ་སྡེ་སྲིད་ཀྱི་སྐོར་བཤད་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038175 位访客