༄༅།།སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།

发布时间:2017-09-08 09:50:44

    

    རང་རེའི་ལས་ཁུངས་ཀྱི་ཆེད་མངགས་གསར་འགོད་པ་ཕག་མོ་དོན་འགྲུབ་ཀྱིས་བཏང་བའི་འཕྲིན། སྤྱི་ཟླ་༩ཚེས་༥ཉིན། རྒྱལ་ཡོངས་སྐབས་དང་པོའི་བོད་སྐད་སྨྱན་གཟུགས་མཐུན་འབྲེལ་ཚོགས་འདུ་དང་རྒྱལ་ཡོངས་སྐབས་དང་པོའི་བོད་སྐད་སྨྱན་གཟུགས་མཉམ་འབྲེལ་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དུ་འཚོགས་པ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་དུས་དེབ་ཁང་སྒྲུབ་འགན་བཞེས་ཤིང་། འདི་ནི་རྒྱལ་ཡོངས་བོད་སྐད་སྨྱན་གཟུགས་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ནས་བཟུང་ཁྲིན་ཏུའུ་གྲོང་ཁྱེར་དུ་བསྡུས་པ་ཐེངས་དང་པོ་ཡིན་ཞིང་། དུས་མཉམ་དུ་སྐབས་སྔོན་མ་དག་ལ་གཞི་ཁྱོན་ཆེ་ཞིང་ཚོགས་འདུར་ཟབ་ཞུགས་བྱས་པའི་སྨྱན་གཟུགས་དང་མི་གྲངས་ཆེས་མང་ཤོས་ཡང་ཡིན། ཐེངས་འདིའི་ཚོགས་འདུར་རྒྱལ་ས་པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། ཟི་ཁྲོན་སོགས་བོད་ཁུལ་གྱི་ལྗོངས་ཆེན་ལྔ་ཡི་ཚགས་པར་དང་དུས་དེབ་རྩོམ་སྒྲིག་ཁང་། རྒྱང་སྒྲོག་དང་བརྙན་འཕྲིན་ལས་ཁུངས། དྲ་ཚིགས་སོགས་བོད་སྐད་ཀྱི་ལས་ཁུངས་མི་འདྲ་བ༦༠ལྷག་གི་མི་གྲངས༡༠༠ལྷག་ཞུགས་ཡོད།


    ཚོགས་འདུའི་མགོ་ཚུགས་མཛད་སྒོའི་སྟེང་ཀྲུང་གུང་ཟི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཀྲའོ་དང་ཟི་ཁྲོན་ཞིང་ཆེན་ཏང་གི་དུས་དེབ་རྩོམ་སྒྲིག་ཁང་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་སྤྱིའི་འགན་འཛིན་པ་ཀྲང་ཙེ་ཀང་གཉིས་ཀྱིས་ཤིས་ཚིག་ཕུལ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན་གྱིས་རྒྱལ་ཡོངས་བོད་སྐད་སྨྱན་གཟུགས་མཉམ་འབྲེལ་གྱི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ཀྲུང་གོའི་བོད་རིགས་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སའོ་ཡི་སའོ་ཀྲང་དང་རྒྱལ་ཡོངས་བོད་སྐད་ཐ་སྙད་ཚད་ལྡན་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུའི་དྲང་ཡིག་གཞོན་པ་ཀྲོའུ་ཝེ་ཡིས་གདན་ཞུས་སྐུ་མགྲོན་དག་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་སྤེན་འདུད་དང་ནན་ཅིག་སློབ་ཆེན་གསར་འགྱུར་དྲིལ་སྒྲོག་སློབ་གླིང་གི་དགེ་རྒན་ཆེན་མོ་ཧྥང་ཡན་མེན། བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་གི་སྤྱི་དམངས་བརྒྱད་སྒྲོག་སློབ་གླིང་གི་དགེ་རྒན་ཆེན་མོ་ཟླ་བ་ཚེ་རིང་སོགས་མགོ་ཚུགས་མཛད་སྒོར་ཞུགས་པ་དང་། ཟི་ཁྲོན་ཏང་གི་དུས་དེབ་སྡེ་ཚོགས་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུས་ཕེན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།



 མཚོ་སྔོན་སྲིད་གཞུང་དྲ་བ། 

http://www.tibetanms.cn/news/zhtxw/2017-09-06/28049.html

  

上一篇:བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།

下一篇:༄༅།།མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་ཚོགས་འདུ་བདེ་བླག་ངང་མཇུག་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1872308 位访客