“མཚོ་སྔོན་གྱི་འཐེན་ཐུག”ཆས་རྟགས་ཅན་དུ་བསྒྱུར་ཏེ་དབུལ་ཐར་ལ་སྐུལ་ཁྲིད་བྱས་པའི་བློ་སྒོ་འབྱེད་པ།

发布时间:2017-07-21 03:17:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“འཐེན་ཐུག་དཔལ་འབྱོར”ལ་སྐུལ་སྤེལ་གཏོང་བའི་བྱ་བའི་ཚོགས་འདུ་ཧྭ་ལུང་རྫོང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་ནན་གྱིས་བསྟན་དོན། ལོ་མང་པོའི་རིང་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཧུར་ཐག་གིས་ཁྲིད་སྟོན་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་སྐྲུན་བྱས་མཐར། “འཐེན་ཐུག་དཔལ་འབྱོར”ནི་རང་ཞིང་གི་ཞིང་ཕྱུགས་ལས་ས་ཁུལ་གྱི་སྲོལ་རྒྱུན་ཡིན་ལ། མང་ཚོགས་ཀྱི་འཚོ་བ་དང་ཉེ་བར་བཅར་བ། གཏན་འཇགས་ངང་ལས་ཞུགས་ཐུབ་པ། ཡོང་འབབ་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་ཐུབ་པའི་ངལ་ལས་ཆས་རྟགས་ཤིག་ཏུ་གྱུར་ཡོད།

མཚོ་སྔོན་གྱི་འཐེན་ཐུག་གཉེར་མཁན་མི་མང་ཆེ་ཤས་ནི་ས་མཐོ་ལུང་ཤུར་དང་། ལོ་བཅུའི་ནང་ལོ་དགུར་ཐན་པ་བྱུང་བ། མི་གྲངས་མང་ལ་ས་ཞིང་ཉུང་བའི་ས་ཁུལ་ནས་ཐོན་པ་ཡིན། ལོ་མང་པོར་ཚོད་བགམ་བྱས་མཐར་ཁོ་ཚོས་རང་དང་འཚམ་པའི་ཁྱིམ་དར་ཕྱུག་བསྒྱུར་གྱི་ནུས་ལྡན་དཔེ་དབྱིབས་ཤིག་རྙེད་ཡོད་པ་རེད། “ལོ་དང་པོར་ཞོར་ལས་པ་བྱེད་པ་དང་། ལོ་གཉིས་པར་ཐུག་པ་འཐེན་མཁན་བྱེད་པ། ལོ་གསུམ་པར་ཚོང་བདག་ཆུང་ངུར་གྱུར་པ”ཡི་སྤེལ་རོགས་ཁྲིད་གསུམ་གྱི་བདག་གཉེར་དཔེ་དབྱིབས་ཤིག་ནས། རྒྱལ་ཡོངས་ཀྱི་གྲོང་ཁྱེར280རུ་འཐེན་ཐུག་ཟ་ཁང་ཁྲི2.9ཡི་ཚོང་སྒོ་ཕྱེས་ཏེ་དབུལ་ཕོངས་དུད་ཁྱིམ་དེ་ལས་མང་བ་ཞིག་དབུར་ཐར་ཕྱུག་བསྒྱུར་བྱེད་མགོ་བརྩམས།

ཧྭ་ལུང་རྫོང་ཚའི་མགུར་གྲོང་རྡལ་ལ་རྒྱལ་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ127གྲས་ཀྱི་ཁྱད་ཆོས་ལྡན་པའི་འཐེན་ཐུག་གྲོང་རྡལ་ཆུང་བར་དཔྱད་བསྡུར་གཏན་འབེབས་བྱས། དག་དག་ད་ལོར་ཡང་ཧྭ་ལུང་ས་ཆའི་ཕྱུག་པོར་གྱུར་ཟིན་པའི་འཐེན་ཐུག་གཉེར་མཁན་སྐོར་ཞིག་གིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་འདི་དམ་འཛིན་བྱས་ཏེ། མ་ལེ་ཞི་ཡ་སོགས་ཀྱི་རྒྱལ་ཁབ་ནས་འཐེན་ཐུག་འཐུང་སའི་ཟ་ཁང་ཕྱེས་ཏེ་འཐེན་ཐུག་དཔལ་འབྱོར་ལ་སྔར་ལས་འཕེལ་རྒྱས་འབྱུང་བར་བགྲོད་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་པ་རེད།

“འཐེན་ཐུག་དཔལ་འབྱོར”ནི་དམངས་འཚོའི་དཔལ་འབྱོར་ཡིན། ལོ་མང་པོའི་རིང་ལ་བློ་རྩེ་གཅིག་སྒྲིམ་གྱིས་ལས་སྐྲུན་བྱས་མཐར།“འཐེན་ཐུག་དཔལ་འབྱོར”ནི་རང་ཞིང་གི་ངལ་ལས་ཕྱིར་གཏོང་གི་ཆས་རྟགས་ཤིག་ཏུ་གྱུར་པ་དང་། འཛད་སྤྱོད་པའི་ཡོངས་ཀྱི་བསྔགས་བརྗོད་ཐོབ།མཚོ་སྔོན་གྱི་འཐེན་ཐུག་གནས་གཞན་ནས་ཀྱང་སྤེལ་ཐུབ་པ་དང་དབུལ་ཐར་བྱེད་པའི“རྩོལ་ནུས་གསར་པར”གྱུར་པའི་རྒྱུ་མཚན་ནི། རྩོམ་པ་པོས་བལྟས་ན། གནད་ས་ནི་གལ་ཆེའི“གནས”གཉིས་བཟུང་པ་སྟེ།  གཅིག་ནི་མཚོ་སྔོན་གྱིས“མཚོ་སྔོན་གྱི་འཐེན་ཐུག”ནི་ཐོན་ལས་ཅན་དང་། ཆས་རྟགས་ཅན་དུ་བསྒྱུར་བར་བྱས་ཏེ། དབུལ་ཐར་གྱི“འགག་སྒྲོལ”ཞིག་རྙེད་ཀྱང་རྙེད་ལ་འགྲིག་པར་མ་ཟད། རང་སྟེང་གི་ཁྱད་ཆོས་དང་ཁྱད་འཕགས་དགེ་མཚན་ཀྱང་འབུར་དུ་དོད་ཡོད་པ་རེད། གཉིས་ནི་སྲིད་གཞུང་གིས་ཤུགས་ཆེན་པོས་རོགས་སྐྱོར་བྱས་པས་མཚོ་སྔོན་གྱི་འཐེན་ཐུག་ཆས་རྟགས་ཅན་དུ་འགྱུར་བར་ཕན་པའི་ཐོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པས“མཚོ་སྔོན་འཐེན་ཐུག”ཐོན་ལས་ཅན་དུ་བསྒྱུར་བར་སྲིད་ཇུས་ཀྱིས་འགན་སྲུང་དང་རོགས་སྐྱོར་བྱས་ཏེ་ལས་ཞུགས་མི་སྣར་གང་མགྱོགས་ཅི་མགྱོགས་ཀྱིས་གཞི་ཁྱོན་ཅན་གྱི་བདག་གཉེར་མངོན་འགྱུར་བྱེད་དུ་བཅུག་པ་རེད།

མཚོ་སྔོན་གྱིས་ཤུགས་ཆེན་པོས་འཐེན་ཐུག་ཐོན་ལས་ལ་རོགས་སྐྱོར་བྱས་པས་ཡུལ་དེའི་དབུལ་ཐར་ལ་ནུས་ལྡན་སྒོས་སྐུལ་ཁྲིད་བྱས། ལག་ལེན་ལས་ར་སྤྲོད་བྱུང་བ་ནི་བགྲོད་ལམ་འདིར་ཞུགས་པ་ནི་ཡང་དག་ཡིན་པའི་ཆབས་ཅིག་ཏུ།  དབུལ་ཕོངས་ས་ཆ་གཞན་པས་ཀྱང་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་གསོན་ཉམས་ལྡན་ལ་ལེགས་འགྲུབ་བྱུང་ཟིན་པའི་ཉམས་མྱོང་འདོན་སྤྲོད་བྱས་ཏེ། ནུས་ལྡན་སྒོས་རང་དཔེ་གཞན་སྟོན་བྱས་ཡོད། མཚོ་སྔོན་གྱིས་མཚོ་སྔོན་གྱི་འཐེན་ཐུག་འཕེལ་རྒྱས་སུ་གཏོང་བའི་དབུལ་ཐར་གྱི་དཔེ་དབྱིབས་ལ་དཔྱད་བསྡུར་བྱས་ན། ད་ལྟའི་གནས་ཚུལ་ནི། ང་ཚོའི་དབུལ་ཕོངས་ས་ཁུལ་མི་ཉུང་བ་ཞིག་གིས་སྔར་བཞིན་དབུལ་ཐར་ལ་སྐུལ་སྤེལ་བྱེད་པའི་ཐོན་ལས་གསར་པ་དང་། བགྲོད་ལམ་གསར་པ། བྱེད་ཐབས་གསར་པ་སོགས་རྙེད་མེད་ལ། རྙེད་པ་འགྲིག་ཀྱང་མེད་པ་རེད། ས་གནས་ཁ་ཤས་ཀྱིས་སྔར་བཞིན“སྒུག་བརྟེན་སློང་གསུམ”བྱས་ཏེ། “གནམ་ནས་ཤ་ཐུམ་བག་ལེབ་འབབ་པ”དེ་ལ་རེ་ལྟོས་བྱེད་པའམ་ཡང་ན་རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་འཛད་རྒྱུ་འཆད་རྒྱུ་མེད་པར་སྟེར་བར་ངང་སྒུག་བྱེད་བཞིན་ཡོད་པ་རེད། བསམ་གཞིག་དང་རྣམ་དཔྱོད་ལ་གསར་སྐྲུན་མི་བྱེད་པ་དང་། རང་སྟེང་གི་མངོན་མེད་ནུས་ཤུགས་མི་འདོན་པ། ཧུར་ཐག་གིས་འདུ་ཤེས་བསྒྱུར་ཏེ་དབུལ་ཐར་གྱི་ཁ་ཕྱོགས་གསར་པ་མི་འཚོལ་བ། ལྷག་པར་སྔར་བཞིན“རྒྱལ་ཁབ་ཀྱིས་སྒོར་མོ་སྟེར་དགོས་པ”ཡི་བསམ་བློ་དང་འདུ་ཤེས་རྙིང་བ་མཁྲེགས་འཛིན་བྱེད་པ་དེས། ས་གནས་ཀྱི་དབུལ་ཐར་ཕྱུག་བསྒྱུར་ལ་སྐུལ་ཁྲིད་བྱེད་མི་ཐུབ་པ་ནི་སྨོས་མ་དགོས་སོ། །

ཞིང་པ་དབུལ་པོས་ཐོན་ལས་འདི་ལྟ་བུ་ཞིག་བསྐྲུན་པ་ནི་དངོས་གནས་ལས་སླ་མོ་ཞིག་མ་རེད། དུས་ཀྱིས་མིར་མི་སྒུག་ཅེས་པའི་དཔེ་ལྟར། ཡིད་ལ་འདུན་མ་ཡོད་ན་གནམ་འོག་བྱ་བ་གང་ཡང་འགྲུབ་ངེས། དེ་བས། ཆས་རྟགས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས་པ་ཡིན། མཚོ་སྔོན་འཐེན་ཐུག་གིས་ཐོན་ལས་ཅན་དང་ཆས་རྟགས་ཅན་ལ་བརྟེན་ཏེ། དབུལ་ཐར་ལ་ནུས་ལྡན་སྒོས་སྐུལ་སྤེལ་བྱེད་དགོས་ན། རང་ཉིད་ཀྱི་ཡོན་ཏན་དང་ཁྱད་འཕགས་དགེ་མཚན་མཐོང་དགོས་པ་དང་། དབུལ་ཐར་ཐུབ་པར་རང་གིས་རང་ལ་ཡིད་ཆེས་དང་རང་རྟོགས་དགོས། མི་སྒུག་པ་དང་མི་བརྟེན་པ། ཕྱིར་སོང་ནས་ལས་བསྐྲུན་པ། རང་གི་ཁྱད་ཆོས་དང་ཁྱད་འཕགས་དགེ་མཚན་ལྡན་པའི་ཐོན་ལས་ཅན་དང་ཆས་རྟགས་ཅན་གྱིས་ཚོང་རའི་འགྲན་རྩོད་ཁྲོད་ཚོང་ར་ངེས་ཅན་ཞིག་འཛིན་དགོས་པ་དང་། འཆར་འགོད་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པ། དུས་ནམ་ཞིག་དང་དངོས་ཡོད་ལ་འགྱུར་ལྡོག་ག་འདྲ་ཞིག་བྱུང་ཡང་། འཕེལ་རྒྱས་ཀྱི་རིགས་ལམ་དང་དམིགས་འབེན་ལ་འགྱུར་བ་འབྱུང་མི་རུང་ངོ་། ། འདི་ལྟར་བྱས་ཚེ།ད་གཟོད་མཚོ་སྔོན་འཐེན་ཐུག་གི་ཐོན་ལས་ནི་ཡང་དག་འཕེལ་རྒྱས་ཀྱི་ལམ་དུ་བགྲོད་ཐུབ་ངེས་ཡིན། །


上一篇:ལེའུ་བཅུ་ཡོད་པའི་སྲིད་དོན་དཔྱད་གླེང་གི་ཆེད་དོན་པར་གཞི་ཆེ་གྲས《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས》ཞེས་པ་བསྟན་འགོ་ཚུགས་པ།

下一篇:༄༅།།ཀྲུང་གོའི་གཞོན་ནུ་བཟང་པོཞེས་པའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་ ཤིང་བོད་ལྗོངས་ཀྱི་ཕུལ་བྱུང་གཞོན་ནུ་བཅུ་ལ་མཚན་སྙན་འདི་ཉིད་ཐོབ་པ། གསར་འ

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790188 位访客