ལེའུ་བཅུ་ཡོད་པའི་སྲིད་དོན་དཔྱད་གླེང་གི་ཆེད་དོན་པར་གཞི་ཆེ་གྲས《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས》ཞེས་པ་བསྟན་འགོ་ཚུགས་པ།

发布时间:2017-07-21 03:16:04

20170718171652_17_2500105.png

——ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བའི་སྤྱིར་བཏང་མིན་པའི་ལོ་རྒྱུས་བརྒྱུད་རིམ་གང་ལེགས་མངོན་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འཐབ་ཇུས་གལ་ཆེན་བཏོན་གནང་བ་དང་། སྒྱུར་བཅོས་ཇུས་གཞི་གལ་ཆེན་རབ་དང་རིམ་པ་བཏོན་པའི་ཐོག་ལག་བསྟར་བྱས་པར་བརྟེན་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིག་གི་སྒྱུར་བཅོས་བྱེད་ཐབས་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྒྱུར་བཅོས་ཀྱི་འཕེལ་རིམ་དང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་མངོན་པ་བྱ་ཆེད་ཀྲུང་དབྱང་གིས་ལེའུ10ཡོད་པའི་སྲིད་དོན་དཔྱད་གླེང་གི་པར་གཞི་ཆེ་གྲསསྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོསཞེས་པ་པར་ལེན་བྱ་རྒྱུ་སྒྲིག་འཛུགས་བྱས་ཡོད། པར་གཞི་དེ་ཟླ7པའི་ཚེས17ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ནས་བསྟན་རྒྱུ་དང་འབྲེལ་སྨྱན་སྦྱོར་མཉམ་འདྲེས་སྟེགས་བུའི་ཐོག་ནས་དུས་གཅིག་ཏུ་བསྟན་རྒྱུ་རེད།

པར་གཞི་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལ་དམ་པོར་དམིགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནསཕྱོགས་ལྔ་གཞི་གཅིགགི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དངཕྱོགས་ཡོངས་བཞིའིའཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་ཐོག་གཏན་ལ་འཁེལ་བའི་སྒྱུར་བཅོས་ཀྱི་ལས་འགན་ཧྲིལ་པོ་ཁྱོན་ཡོངས་ནས་ཇུས་འགོད་དང་བཀོད་སྒྲིག་གནང་སྟེ་ཀྲུང་གོ་མི་དམངས་དུང་ཕྱུར་13སྣེ་ཁྲིད་དེ་འགག་སྒྲོལ་དཀའ་སེལ་དང་འབད་འཐབ་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་རླབས་ཆེན་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་བཀོད་ཡོད།

པར་གཞི་དེས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བཏང་བའི་ལས་དོན་ཧྲིལ་པོ་མཚོན་པ་དང་དབང་གྲགས་རང་བཞིན་གྱི་ཐོག་ནས་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ཏེ་བསམ་བློའི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་ནང་དོན་ཟབ་མོ་མངོན་པ་མ་ཟད། མི་དམངས་མང་ཚོགས་ཀྱི་འཁྲིས་སུ་ཐོན་པའི་གསོན་ཉམས་དོད་པའི་སྒྱུར་བཅོས་ཀྱི་གཏམ་རྒྱུད་བརྗོད་ཡོད། པར་གཞི་ཧྲིལ་པོདུས་རབས་ཀྱི་འདྲི་གཞིདངདཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད མི་དམངས་དམངས་གཙོའི་བསམ་ཕྱོགས་གསར་པསྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་སྲུང་སྐྱོང་བྱེད ཀྲུང་ཧྭའི་རིག་གནས་ཀྱི་ཆུ་རྒྱུན སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱེད དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུ(སྟོད་ཆ)དང་(སྨད་ཆ) ཏང་གི་རང་ངོས་གསར་བརྗེས མི་དམངས་ཀྱི་ཚོར་སེམསབཅས་ལེའུ་བཅུ་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེའི་སྐབས་སུ་སྲིད་དོན་དཔྱད་གླེང་གི་ཆེད་དོན་པར་གཞི་བསྟན་པ་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡང་དག་པའི་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། སྒྱུར་བཅོས་ཀྱི་ངེས་ཤུགས་དང་སེམས་ཤུགས་བརྟན་པོ་རྒྱུན་འཁྱོངས། མུ་མཐུད་བསམ་བློ་བཅིངས་འགྲོལ་དང་ལག་ལེན་བྱེད་ཕོད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེལོ་བརྒྱ་གཉིསཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུར་སྔར་བས་སྐུལ་ལྕག་ཐེབས་རྒྱུ་རེད།  །


上一篇:གཙང་ཁུལ་གྱི་གནའ་བོའི་ལུགས་བཟང་གཉེན་བཤད།

下一篇:“མཚོ་སྔོན་གྱི་འཐེན་ཐུག”ཆས་རྟགས་ཅན་དུ་བསྒྱུར་ཏེ་དབུལ་ཐར་ལ་སྐུལ་ཁྲིད་བྱས་པའི་བློ་སྒོ་འབྱེད་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1881354 位访客