ཨ་ཆེན་གངས་རྒྱབ་དེ་ཉིད་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་གྱུར་རྗེས་ཅི་ཞིག་བྱེད།

发布时间:2017-07-21 03:09:12

     འཛམ་གླིང་ཤུལ་བཞག་རྒྱུ་ནོར་ནང་ཚུད་པའི་བར་དུ་རྙོག་འཛིང་ཆེ་ལ་དཀའ་ཁག་ཆེ་བའི་གོ་རིམ་མང་པོ་ཞིག་བརྒྱུད་ཡོད། དེ་མདོར་བསྡུས་ན། ཐོག་མར་གྲ་སྒྲིག་མིང་ཐོར་ཚུད་དགོས་པ་དང་། དེ་ནས་སྙན་ཞུ་ཡིག་ཆར་དཔྱད་ཞིབ་བྱས་ནས་འོས་འདེམ་རྣམ་གྲངས་སུ་ཚུད་དགོས། དེ་ནང་ཚུད་རྗེས་རྒྱལ་སྤྱིའི་ཆེད་ལས་ལས་ཁུངས་ཀྱིས་རྟོག་ཞིབ་དང་། ཨུ་ཡོན་རྒྱལ་ཁབ་ཀྱི་དཔྱད་འཇོག་ལ་དང་ལེན་བྱེད་པ་སོགས་གོ་རིམ་ཆེ་ཁག་བརྒྱུད་མཐར་ད་གཟོད་གཏན་ལ་ཕབ་ཐུབ་པ་རེད།

      ཟླ་༧པའི་ཚེས༧ཉིན་ཕོ་ལན་ཁེ་ལ་ཁེ་ཧྥུ་ནས་བསྡུས་པའི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་སྐབས་ཞེ་གཅིག་པའི་ཚོགས་འདུའི་ཐོག་ཏུ་རང་ཞིང་གི་ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་རྣམ་གྲངས་གྲས་སུ་ཚུད་ཅིང་། དེས་རང་ཞིང་དུ་འཛམ་གླིང་ཤུལ་བཞག་མེད་པའི་སྟོང་ཆ་བསྐངས་ནས་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་གྱུར་བ་རེད། དེའི་ནང་དུ་ཚུད་རྗེས། སྡོད་ཁང་འཛུགས་སྐྲུན་པུའུ་དང་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གི་སློབ་སྟོན་དང་རོགས་རེས་འོག གཙང་གསུམ་འགོ་ཁོངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་འཛམ་གླིང་ཤུལ་བཞག་གི་སྤྱི་ཆིངས་དང་འཛམ་གླིང་ཤུལ་བཞག་སྤྱི་ཆིངས་ལག་བསྟར་ཀྱི་ལམ་སྟོན་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དུ། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཤག་ལ་སྲུང་སྐྱོང་དང་དོ་དམ་ནན་མོ་བྱེད་རྒྱུ་རེད།

      དེ་བཞིན་དུ་གཅིག་གྱུར་དོ་དམ་དང་།ཚན་རིག་དང་མཐུན་པའི་འཆར་འགོད།དུས་གཏན་བེད་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་རང་བྱུང་ཤུལ་བཞག་གི་ཚད་གཞི་ལྟར་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་རྒྱུ་དང་། གཙང་གསུམ་འགོ་ཁོངས་རྒྱལ་ཁབ་སྤྱི་གླིང་གི་ཆ་ཤས་ཡི་པའི་ཆ་དེ་ནས་འབྱུང་འགྱུར་དོ་དམ་ལམ་ལུགས་བཅོས་སྒྱུར་དང་།དོ་དམ་མ་ལག་ལེགས་སྒྱུར་གཏིང་ཟབ་བྱས་ནས་འཛམ་གླིང་རང་བྱུང་ཤུལ་བཞག་གི་ངོས་ནས་ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཐུབ།  ད་ཡོད་ཀྱི་ཁོར་ཡུག་བདག་སྐྱོང་བ་དག་གི་ནུས་པ་དང་རྩལ་ནུས་སྐྱེད་སྲིང་དང་།ཡོན་ནུས་སྔོག་འདོན་བྱས་ཏེ།འཕྲལ་ཕུགས་ཀྱི་དགོས་མཁོ་ལྟར་ཁོར་ཡུག་བདག་སྐྱོང་བའི་ཁ་གྲངས་དང་།ལས་རིགས།སྤུས་ཚད་ལ་གཞིགས་ནས་འཇོན་མི་ནང་འདྲེན་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རང་བྱུང་ཤུལ་བཞག་བྱ་ཡུལ་དོ་དམ་ལས་ཁུངས་བར་མཉམ་ལས་བརྗེ་སྤེལ་གྱི་ལམ་ལུགས་བཙུགས་ནས་ནང་ཕྱོགས་ནས་སྐྱེད་སྲིང་དང་།ཕྱི་ཕྱོགས་ནས་འཇོན་མི་ནང་འདྲེན་བྱེད་པའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་ཐུབ་རྒྱུ་རེད།






上一篇:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་སྐོར་ཞིབ་ཚན་ཆུང་གིས་མ།ོ་སྔོན་གྱི་དབུལ་སྒྲོལ་འགག་གཏོར་གྱི་ལས་ཀར་སྐོར་ཞིབ་བྱས་པ།

下一篇:གསོ་རིག་རྒྱུད་བཞིའི་མན་ངག་རྒྱུད་ཀྱི་རྒས་པ་གསོ་བ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790215 位访客