རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་སྐབས་གསུམ་པ་མཚོ་ནུབ་ཁུལ་ནས་བསྡུ

发布时间:2017-07-10 11:57:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་ཐེངས་གསུམ་པ་མི་འགྱངས་པར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་བསྡུ་རྒྱུ་ཡིན་པ་དང་། ཟླ༧འི་ཚེས༥ནས་ཚེས༦ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡང་ཧྥིན་ཁྲོན་གཏེར་ལེན་ཁ་གྲོང་ཁྱེར་དུ་སོང་ནས། གྲོས་ཚོགས་སྟ་གོན་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ཡང་ཧྥིན་ཁྲོན་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཁབ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་གཞི་རྒྱ་ཆེ་ཞིང་ཤུགས་རྐྱེན་ཆེ་བའི་རྒྱལ་ཡོངས་རང་བཞིན་གྱི་གྲོས་ཚོགས་ཤིག་ཡིན་པ་དང་། མཚོ་ནུབ་དང་ཐ་ན་མཚོ་སྔོན་གྱིས་ཕྱི་ཕྱོགས་བརྗེ་རེས་བྱ་བར་ཤུགས་སྣོན་པའི་གོ་སྐབས་བཟང་བོ་ཞིག་ཀྱང་ཡིན་པས། ངེས་པར་དུ་དམིགས་འབེན་ཁ་ཕྱོགས་དང་གོ་རིམ་ཁ་ཕྱོགས། གྲུབ་འབྲས་ཁ་ཕྱོགས་བཅས་གཅིག་བསྡུས་སྒོས་རྒྱུན་འཁྱོངས་བྱས་ཏེ། སེམས་ཞིབ་མོས་སྟ་གོན་བྱ་བ་བཟང་བོར་བསྒྲུབ་པར་འབད་ནས། གྲོས་ཚོགས་བདེ་ལེགས་དང་བདེ་འཇགས་ངང་བསྡུ་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཡང་ཧྥིན་ཁྲོན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་འགན་སྒྲུབ་བརྒྱུད་དེ། མཛེས་པའི་མཚོ་སྔོན་གྱི་སྣང་བརྙན་དང་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་སྒྲོག་ངོམ་སོ་བྱེད་དགོས་པར་མ་ཟད། ཞིང་ཆེན་གཞན་པའི་ཉམས་མྱོང་བྱེད་ཐབས་བསྡུ་ལེན་དང་དེར་སློབ་སྦྱོང་ནན་མོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་གནད་ཕིགས་དབུལ་ཐར་མཁྲེགས་གཏོར་བྱ་བ་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྒྱུར་བ་བཞི་ཡར་ལྡན་དུ་སྤེལ་མཐར། དུས་མཉམ་གཅིག་དང་སྔར་ལས་བཞི་མངོན་དུ་འགྱུར་བར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཞེས་བསྟན།


上一篇:མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་དགེ་རྒན་ཆེན་མོ་ཉི་མར “རྒྱལ་སྨན་ཆེན་མོ”ཞེས་པའི་མཚན་སྙན་ཐོབ་པ།

下一篇:བོད་ཀྱི་སྐད་དང་ཡི་གེ་གཅིག་གྱུར་ལ་བཅང་བའི་འདུན་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790185 位访客