མཚོ་སྔོན་གྱིས་བརླན་ས་ཚང་མ་སྲུང་སྐྱོབ་ཁྱབ་ཁོངས་སུ་བཞག་པ།

发布时间:2017-07-06 08:46:34

བརླན་ས་ནི་སའི་གོ་ལའི་སྟེང་སྐྱེ་དངོས་སྣ་མང་རང་བཞིན་ཆེས་འདུ་ས་ཡིན་ལ། ནམ་ཟླ་སྙོམས་སྒྲིག་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལ་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི814.36ཡོད་པ་དང་དེས་ཀྲུང་གོའི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི15.19%ཟིན་པ་དང་ཀྲུང་གོའི་ཞིང་ལྗོངས་ཁག་གི་ཨང་དང་པོར་སླེབས་ཡོད། བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རིགས་སྣ་མང་བས་གོ་ལ་ཧྲིལ་བོར་ཤུགས་རྐྱེན་ཆེས་ཆེ་བའི་སྐྱེ་ཁམས་སྙོམས་སྒྲིག་ས་ཁུལ་དུ་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཨིན་ཀོང་གིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་གྱིས་བརླན་ས་ཚང་མ་སྲུང་སྐྱོབ་ཁྱབ་ཁོངས་སུ་བཞག་རྗེས། བརླན་སའི་བཀོལ་སྤྱོད་ཚད་བཀག་དང་སྤྱི་གྲངས་ལ་ཚོད་འཛིན་བྱེད་པ་བརྒྱུད་བརླན་སའི་རྒྱ་ཁྱོན་ཇེ་ཆུང་དང་བྱེད་ནུས་ཇེ་དམའ་རུ་མི་འགྲོ་བར་ཁག་ཐེག་བྱས་ཏེ། བརླན་སའི་སྐྱེ་ཁམས་བྱེད་ནུས་ཇེ་ཆེར་གཏོང་བ་དང་བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ཏེ་ཕྱོགས་ཡོངས་ནས་བརླན་སར་སྲུང་སྐྱོང་དང་བསྐྱར་གསོའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར།

འཆར་གཞི་ལྟར་ན། 2020ལོར་ཞིང་ཆེན་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་མུའུ་དུང་ཕྱུར1.2ལས་མི་དམའ་བ་དང་བརླན་སར་སྲུང་སྐྱོབ་བྱེད་ཚད65%ཡན་ལ་སླེབས་རྒྱུ་རེད། དེར་མ་ཟད་སྐྱེ་ཁམས་ས་ཁོངས་དང་སྐྱེ་ཁམས་མ་ལག་གི་བྱེད་ནུས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་བརླན་ས་དེ་རྒྱལ་ཁབ་ཀྱི་གཙོ་གནད་བརླན་ས་དང་ཞིང་ཆེན་རིམ་པའི་གཙོ་གནད་བརླན་ས། སྤྱིར་བཏང་བརླན་ས་བཅས་སུ་དབྱེ་ནས་འགུལ་སྐྱོད་དོ་དམ་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། 2017ལོ་ནས2019ལོའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས། མཚོ་སྔོ་རེངས་བཅས་རྒྱལ་སྤྱིའི་གཙོ་གནད་བརླན་སར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.7527བཏང་ནས་བརླན་སའི་སྐྱེ་ཁམས་བསྐྱར་གསོ་སོགས་ཀྱི་བཟོ་འགོད་ལག་བསྟར་བྱ་རྒྱུ་རེད།  །


ཀྲུང་གོ་བོད་ཀྱི་དྲ་བ།

http://www.tibet3.cn/


上一篇:༄༅། །ལོ་ཙྰ་བ་རིན་ཆེན་བཟང་པོ།

下一篇:རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1872333 位访客