གདོད་མའི་རྣམ་པའི་བོད་མི་རིགས་ཀྱི་རོལ་དབྱངས་ཀྱི་གྲངས་གཞིའི་མཛོད་ཐོག་མ་དེ་བཙུགས་པ།

发布时间:2017-07-03 11:05:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་བོད་ཀྱི་གདོད་མའི་རྣམ་པའི་མི་རིགས་ཀྱི་རོལ་དབྱངས་གྲངས་གཞིའི་མཛོད་ཐོག་མ་དེ་བཙུགས་ཤིང་།  ད་བར་འུན་ཤིང་ཀོང་ཇོའི་རོལ་དབྱངས་དང་།  གླིང་སྒྲུང་གི་རོལ་དབྱངས།  ས་གནས་དེ་གའི་གཞས་པའི་གསར་རྩོམ་རོལ་དབྱངས་སོགས་གཞས5000ལྷག་ཕབ་འཇུག་བྱས་པ་དང་ད་དུང་ཉིན་ལྟར་གསར་བརྗེས་བྱེད་བཞིན་ཡོད།  ང་ཚོས་དྲ་སྦྲེལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་གནའ་བོའི་རོལ་དབྱངས་མཛོད་དང་དམངས་ཁྲོད་རོལ་དབྱངས་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས།  བོད་ཀྱི་ཕུལ་བྱུང་རོལ་དབྱངས་ཐོན་ཁུངས་སྣ་ཚོགས་རིགས་དབྱེ་དང་བསྡུ་སྒྲིལ་བྱ་རྒྱུ་དེ་རོལ་དབྱངས་ཉན་མཁན་གྱི་དགོས་མཁོ་སྐོང་རྒྱུར་བརྩི་བ་དང་།  ད་ཆ་ལས་མང་བས་ཁྱད་ཆོས་ལྡན་པའི་བོད་མི་རིགས་ཀྱི་རོལ་དབྱངས་ཉན་ཐུབ་པ་བྱ་རྒྱུ་ཡིན་ཞེས་རྣམ་གྲངས་དེའི་འགན་ཁུར་མཁན་བོད་ལྗོངས་གངས་ལྗོངས་སྒྲ་ཕབ་བརྙན་འབེབས་གློག་རྡུལ་དཔེ་སྐྲུན་ཁང་གི་འགན་ཁུར་བ་ཧྲེ་ཡུས་ཀྱིས་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན།  བོད་ཀྱི་དམངས་ཁྲོད་རོལ་དབྱངས་ཀྱི་སྣ་ཁ་ཧ་ཅང་མང་བ་དང་མི་མངོན་པའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ནའང།  དམངས་ཁྲོད་ཀྱི་སྲོལ་རྒྱུན་གླུ་གར་མང་དག་ཅིག་ངག་རྒྱུན་རྣམ་པའི་ཐོག་ནས་རྒྱུན་འཛིན་བྱེད་ཀྱི་ཡོད་པས་རྒྱུན་འཛིན་བྱེད་སྟངས་ཉམས་ཞན་ཡིན།  རིམ་ཁག་རིག་གནས་སྡེ་ཚན་གྱིས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ལས་དོན་སྤེལ་ནའང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་འགའ་ཞིག་ལོ་ན་མཐོ་བས།  རྒྱུན་འཛིན་ལས་དོན་སྤེལ་རྒྱུར་འགན་ལེན་ཐུབ་ཀྱི་མེད།  དེར་བརྟེན་འབྲེལ་ཡོད་ཕྱོགས་ཀྱིས་བོད་ཀྱི་ས་གནས་ཁག་ཏུ་ཕྱོགས་བསྡུས་འཚོལ་བསྡུ་དང་།  བོད་ཀྱི་དམངས་ཁྲོད་རོལ་དབྱངས་དང་།  ནང་མ།  ལྷ་མོ།  དེ་བཞིན་ཆོས་ལུགས་ཀྱི་རོལ་དབྱངས་བཅས་བསྡུ་སྒྲིལ་དང་གྲངས་གཞི་ཅན་དུ་བཟོས་ནས་གདོད་མའི་རྣམ་པའི་བོད་མི་རིགས་ཀྱི་རོལ་དབྱངས་གྲངས་གཞིའི་མཛོད་དེ་བཙུགས་པ་རེད།  ཕྱོགས་ཡོངས་ནས་བོད་མི་རིགས་ཀྱི་རོལ་དབྱངས་རིག་གནས་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་ཆེད་འདི་ལོའི་ལོ་སྨད་ནས་བཟུང་འབྲེལ་ཡོད་ཕྱོགས་ཁག་གིས་ལོ2སྤྱད་དེ་ཆེད་ལས་ཚོགས་པ་སྒྲིག་འཛུགས་བྱས་ནས་བོད་ཀྱི་ས་ཁུལ་དུ་ལྷ་མོ་དང་།  ལྷ་སའི་ནང་མ།  སྟོད་གཞས།  དེ་བཞིན་དམངས་ཁྲོད་ཀྱི་རོལ་ཆ།  གཞས་མ་གཏམ་སོགས་སྒྱུ་རྩལ་གྱི་རྣམ་པར་གྲངས་གཞི་ཅན་གྱི་འཚོལ་བསྡུ་དང་བསྡུ་སྒྲིལ་ལས་དོན་སྤེལ་བར་བསྐྱོད་དེ་བརྙན་ལམ་ཐོག་ནས་ལེའུ100ཡི་རོལ་དབྱངས་ཀུན་འདུས་དང་ལེའུ50ཡི་གླུ་གར་ཀུན་འདུས་སྟོན་རྩིས་ཡོད་པ་རེད།   །



བོད་ལྗོངས་འཕྲིན་དྲ། ཀྲུང་གོ་བོད་ཀྱི་དྲ་བ།

http://www.tibetannet.com/


上一篇:བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་བརྒྱུད་འཛིན་སྲུང་སྐྱོབ་རྣམ་པ་བཟང་པོ་མངོན།

下一篇:དཔའ་བོ་གཙུག་ལག་ཕྲེང་བ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1867719 位访客