ཉིང་ཁྲི་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གིས་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ༤༡༥ཉར་གསོ་བྱས།

发布时间:2017-06-26 04:20:23

འདི་ནི་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་རྣམས་ཀྱིས་དཔེ་ཀློག་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་མིག་སྔའི་གྲོང་ཁྱེར་གྱིས་བཙུགས་པའི་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་ཕན་བདེ་ལས་ཁུངས་གཅིག་པུ་ཡིན་ཞིང་། ༢༠༡༦ལོའི་ཟླ༢པར་དངོས་སུ་སྤྱོད་འགོ་ཚུགས་པ་ཡིན། མིག་སྔར། ཕན་བདེ་ཁང་དེ་ནང་དུ་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ༤༡༥ཉར་གསོ་བྱས་ཡོད་དེ། ཡུལ་གཞན་ནས་བསྡུས་པའི་ཆབ་མདོ་གྲོང་ཁྱེར་གྱི་དྭ་ཕྲུག་དང་དབང་བོ་སྐྱོན་ཅན༡༡༥འདུས་ཡོད་པ་རེད།

༢༠༡༦ལོའི་ཟླ༧པར། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་བྱ་བའི་རུ་ཁག་སྐོར་ཐེངས་བརྒྱད་པ་ཡོང་བ་ནས་བཟུང་། སྤྱི་ཚོགས་ནས་ཞལ་འདེབས་མ་དངུལ་བསྡུ་རུབ་བྱས་ཏེ། དབུལ་སྐྱོར་གུད་སྐྱོབ་ཐེབས་རྩ་བཙུགས་པ་བརྒྱུད། བསྡོམས་པས་བྱིས་པའི་ཕན་བདེ་ཁང་ལ་ལ་མ་དངུལ་སྒོར་ཁྲི༡༢༠ལྷག་རོགས་སྐྱོར་བྱས་ཏེ། ཕན་བདེ་ཁང་གི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་བཏང་ནས། བྱིས་པ་རྣམས་ལ་སློབ་སྦྱོང་དང་འཚོ་གནས་བྱེད་པར་ཆ་རྐྱེན་ཡག་པོ་བསྐྲུན།   །


上一篇:ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་ན་ཚོང་རའི་ཁ་ཕྱོགས་ལེགས་པོར་འཚོལ་དགོས།

下一篇:མཚོ་སྔོན་གྱིས་ཞིང་ཆེན་རིག་གནས་བཅོས་སྒྱུར་དང་འཕེལ་རྒྱས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1872315 位访客