སྐད་གཉིས་གསརའགྱུར་ལས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་བྱ་འགུལ་ལ་རྒོལ་གཏམ་བཏང་།

发布时间:2017-06-23 02:25:54

    

ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོན་ཏོན་བྱང་ཕྱོགས་ཀྱི་དབྱི་སི་ལན་ཆོས་ཁང་ཞིག་གི་ཉེ་འདབས་ནས་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་དངོས་སྐྱེལ་རླངས་འཁོར་གྱིས་ལམ་འགྲོ་བར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་། དེའི་རྗེས་སུ་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེ་འཇིགས་སྐུལ་འཇབ་རྒོལ་དུ་གཏན་འཁེལ་བྱས་པ་རེད། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཉིན་དེར་ནེ་ཀིའི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱས།

ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག ལོ་ཞེ་བརྒྱད་ཅན་གྱི་མི་དཀར་སྐྱེས་པ་ཞིག་དོན་རྐྱེན་ཁྲོད་ནས་འཛིན་བཟུང་བྱས་ཟེར།

ཐི་ལོས་ཧྲ་མཱེ་ཡིས་གྲོས་ཚོགས་གྲོལ་རྗེས་གསལ་སྒྲོག་སྤེལ། ཁོ་མོས་བསྟན་དོན། ལོན་ཏོན་ནས་ཡང་བསྐྱར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་མི་ཚང་མ་ཧ་ལས་སྲིད་པ་དང་། འདི་ནི་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པ་དང་། གནོད་ཐེབས་མཁན་ནི་ཉེས་མེད་ཀྱི་མུའུ་སི་ལིན་མང་ཚོགས་ཡིན་ལ། ཁོ་ཚོས་ཕྱག་འཚལ་རྗེས་དབྱི་སི་ལན་ཆོས་ཁང་དང་འབྲལ་སྐབས་འཇབ་རྒོལ་ཐེབས་པ་རེད། ང་ཚོས་མཉམ་གཅིག་ཏུ་སྔོན་ཆད་དང་འདྲ་བར་དྲག་ཤུགས་བྱ་སྤྱོད་དེ་རིགས་ལ་རྒོལ་གཏམ་གཏོང་དགོས། ང་ཚོས་སྤྱོད་ངན་དང་འཁོན་སེམས་ཀྱི་དམིགས་ཡུལ་གཏན་ནས་འགྲུབ་མི་སྲིད་པ་ཡང་བསྐྱར་བདེན་དཔང་བྱེད་དགོས། ངས་གཟའ་འཁོར་གཉིས་ཀྱི་སྔོན་བཤད་པ་ནང་བཞིན། དབྱིན་ཇི་ཡིས་ལོ་མང་བོའི་རིང་ཐལ་སྤྱོད་རིང་ལུགས་དང་བཅས་པའི་རྣམ་པ་གང་རུང་གི་ཐལ་སྤྱོད་རིང་ལུགས་ལ་བཟོད་སྒོམ་བྱས་པ་ཚད་ལས་བརྒལ་ཡོད་ཟེར། ཁོ་མོས་བསྟན་དོན། དབྱིན་ཇིའི་སྲིད་གཞུང་གིས་འགུལ་སྐྱོད་སྤེལ་ཏེ་སྤྱི་ཚོགས་དང་དྲ་རྒྱའི་སྟེང་གི་ཐལ་སྤྱོད་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཡོད་ཚད་མེད་པར་བཏང་སྟེ། ཐལ་སྤྱོད་རིང་ལུགས་ཀྱི་བསམ་བློ་དྲིལ་སྒྲོག་བྱེད་པར་གོ་སྐབས་ཕྲ་མོ་ཙམ་ཡང་སྟེར་མི་སྲིད་ཟེར།

གྲོས་ཚོགས་གྲོལ་རྗེས་ཐི་ལོས་ཧྲ་མཱེ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སར་སོང་ནས་འབྲེལ་ཡོད་ལས་དོན་ལ་རྟོག་ཞིབ་བྱས།

མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་འདས་པོ་དང་རྨས་མའི་ཐོབ་ཐང་གསལ་བོར་བསྒྲགས་མེད་ཀྱང་། ཡུལ་དངོས་གནས་ཚུལ་མཐོང་མཁན་གྱིས་བཤད་རྒྱུར། འཇབ་རྒོལ་ཐེབས་མཁན་ཚང་མ་མུའུ་སི་ལིན་མང་ཚོགས་ཡིན་པ་དང་། འཇབ་རྒོལ་མཁན་དེ་འཛིན་བཟུང་བྱེད་སྐབས་མུའུ་སི་ལིན་ཚང་མ་གསོད་དགོས་ཞེས་ཁ་གཡང་མཐོན་པོར་སྒྲོག་བཞིན་ཡོད་ཟེར། ལོན་ཏོན་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཏིས་ཁི་ཡིས་བསྟན་དོན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ནི་མུའུ་སི་ལིན་ལ་དམིགས་པའི་འཇབ་རྒོལ་ཞིག་ཡིན་པ་མངོན་གསལ་རེད་ཟེར།   །


མཚོ་སྔོན་བོད་སྐད་རླུང་འཕྲིན། ཀྲུང་གོ་བོད་ཀྱི་དྲ་བ།

http://www.tibet3.cn/news/international/2017-06-20/20272.html



          英国首相召开紧急会议 谴责针对穆斯林恐袭行为

中新社伦敦6月19日电 (记者 周兆军)伦敦北部一座清真寺附近19日凌晨发生货车冲撞行人事件,这一事件随后被警方定性为“恐怖袭击”。英国首相特雷莎·梅当天主持召开内阁紧急会议,商讨应对策略。

      图为警方在事发现场拉起封锁线。   

         据警方通报,这一事件造成1人死亡,10人受伤。一名48岁的白人男子在事件中被捕。

  特雷莎·梅在会议结束后发表声明。她表示,伦敦再次发生恐怖袭击的消息令人震惊,这是又一次针对普通民众的攻击,这一次受到伤害的是无辜的穆斯林民众,他们在结束祷告离开清真寺时遭到攻击。

  “我们要站在一起,像以前一样共同谴责这种暴力行为。我们要再次表明,邪恶和仇恨的目的永远不会得逞。”特雷莎·梅说。

  “正如我两周前所说的,英国多年来对极端主义太过宽容了,对包括恐怖主义在内的任何形式的极端主义都太过宽容。”她表示,政府将采取行动消除社会上和互联网上的极端主义意识形态,不能给极端主义思想提供散播空间。

  她表示,英国将重新审查国家反恐战略,确保警方和安全部门拥有足够的权力。同时,英国将成立一个专门负责打击极端主义的委员会,要像过去反对种族主义一样反对极端主义。

  会议结束后,特雷莎·梅前往恐怖袭击事发地,现场部署善后及调查事宜。

  目前警方尚未公布这起事件的遇难者和受伤者身份,但有现场目击者称,被袭击者都是当地穆斯林民众,袭击者被抓捕时高喊“杀死所有穆斯林”。伦敦警察局局长克瑞西达·迪克表示,这起事件“显然是一次针对穆斯林的袭击”。

  最近3个月来,英国已多次发生恐怖袭击事件。6月3日晚,伦敦桥附近发生恐怖袭击事件,造成7人死亡、48人受伤。5月22日,曼彻斯特体育馆发生自杀式炸弹袭击,导致23人死亡、119人受伤。3月22日,英国议会大厦外发生恐怖袭击事件,造成包括一名警察在内的5人死亡、40人受伤。


上一篇:《ཟླ་ཟེར》དུས་དེབ་རྒྱལ་ཡོངས་ན་ཆུང་དགའ་བའི་ཕུལ་བྱུང་དུས་དེབ་སྣ་བརྒྱའི་གྲས་སུ་བདམས་པ།

下一篇:བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1872322 位访客