སྐད་གཉིས་གསར་འགྱུར་ལས་མཚོ་སྔོན་གྱིས་་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྔོ་རེངས་དང་སྐྱ་རེངས་ཀྱི་ན་འདམ་ལ་སྲུང་སྐྱོང་ཆེན་པོ་བྱ་རྒྱུ།

发布时间:2017-06-16 05:56:39

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ནགས་ལས་ཐིང་ནས་ཤེས་གསལ་ལྟར་ན། ད་ལོར་རང་ཞིང་གིས་མ་དངུལ་སྒོར་ཁྲི༧༥༠༠བཏང་ནས་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས་། མཚོ་སྔོ་རེངས་གསུམ་དུ་ཡོད་པའི་རྒྱལ་སྤྱིའི་ན་འདམ་གལ་ཆེན་གསུམ་སྲུང་སྐྱོབ་བྱ་རྒྱུ་དང་། སྲུང་སྐྱོར་བྱ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་༡༥༤༡༨༨ཡོད་པ་རེད།

      

       སའི་གོ་ལའི་མཁལ་མ་ཞེས་འབོད་པའི་ན་འདམ་ནི་གོ་ལ་ཟླུམ་པོའི་སྟེང་སྐྱེ་དངོས་སྣ་འཛོམས་ཀྱི་གཏེར་མཛོད་ལྟ་བུར་ཆགས་པས་གནམ་གཤིས་སྙོམ་སྒྲིག་དང་སྣོད་བཅུད་དོ་མཉམ་སྲུང་སྐྱོབ་ལ་ཕན་ཆེན་པོ་བསྐྲུན་གྱིན་ཡོད། ད་སྔའི་བར་དུ་རང་ཞིང་གི་ན་འདམ་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི༨༡༤.༣༦ཡོད་ཅིང་། རྒྱལ་ནང་གི་ན་འདམ་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་༡༥.༡༩ཟིན་ནས་རྒྱལ་ཡོངས་ཀྱི་ཡང་རྩེར་ཆགས་ཡོད་པ་དང་། འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་ཐེབས་པའི་སྣོད་བཅུད་སྙོམ་སྒྲིག་ཁུལ་ཆེ་ཤོས་རེད།

      

        ཉེ་ལམ་རང་ཞིང་གིས་མཚོ་སྔོན་གྱི་མཚོ་སྔོན་པོ་རྒྱལ་སྤྱིའི་ན་འདམ་གལ་ཆེན་སྲུང་སྐྱོབ་དང་སླར་གསོ་ལས་གཞི་ཞེས་པ་དང་མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་རྒྱལ་སྤྱིའི་ན་འདམ་གལ་ཆེན་སྲུང་སྐྱོང་དང་སླར་གསོ་ལས་གཞི་ཞེས་པ་གཉིས་ཡར་ཞུ་ཞུས་པར་ཆོག་མཆན་ཐོབ་ནས་མ་དངུལ་གཏོང་སྤྲོད་ཀྱི་འཆར་གཞི་གྲས་སུ་བཞག རྣམ་གྲངས་འདི་གཉིས་ལ་༢༠༡༧ལོ་ནས་༢༠༡༩ལོའི་བར་ཁྱོན་སྡོམ་མ་དངུལ་སྒོར་ཁྲི༡༧༥༢༧བཏང་ནས་འཛུགས་སྐྲུན་བྱེད་རྒྱུ་བཀའ་ཁྲོལ་བྱུང་འདུག དེ་ལས་༢༠༡༧ལོར་མ་དངུལ་སྒོར་ཁྲི༧༥༠༠བཏང་ཡོད་ཅིང་། ཀྲུང་དབྱང་གི་སྔོན་རྩིས་ལས་མ་དངུལ་སྒོར་ཁྲི༦༠༠༠དང་།ས་གནས་ཀྱིས་མ་དངུལ་སྒོར་ཁྲི༡༥༠༠བཅས་ཡོད། མ་དངུལ་དེ་གཙོ་བོ་ན་འདམ་གྱི་སྣོད་བཅུད་སླར་གསོ་དང་སྐྱེ་དངོས་སླར་གསོའི་ལས་གཞི། འདབ་ཆགས་རྒྱུད་སྤེལ་ཁོར་ཡུག་ལེགས་བཅོས་དང་བསྐྱར་གསོ། ནད་ཡམས་ནད་ཁོངས་ལྟ་ཞིབ་ཚད་འཇལ། བྱ་རིགས་ལ་རྟགས་བརྒྱབ་ནས་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཚུགས། ཟུར་གཏོགས་སྒྲིག་ཆས་སྒྲིག་བཀོད་སོགས་ལ་སྤྱོད་རྒྱུ་རེད།ད་སྔ་རང་རྒྱལ་དུ་རྒྱལ་སྤྱིའི་ན་འདམ་གལ་ཆེན་༤༩ཡོད་པ་དང་། དེ་ལས་མཚོ་སྔོན་དུ་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས་དང་སྔོ་རེངས་གསུམ་ཡོད་པ་རེད།




    མཚོ་སྔོན་སྲིད་གཞུང་དྲ་བ།

http://tibetan.qh.gov.cn/system/2017/06/16/010269185.shtml


                    青海省今年将投资7500万元保护3处国际重要湿地

       记者从省林业厅了解到,今年我省将投资7500万元资金保护青海湖鸟岛、扎陵湖、鄂陵湖3处国际重要湿地,涉及湿地保护面积为154188公顷。

  被誉为“地球之肾”的湿地是地球上生物多样性富集之地,发挥着调节气候和维护生态平衡的巨大作用。截至目前,我省湿地面积为814.36万公顷,占国内湿地总面积的15.19%,居全国首位。我省湿地资源丰富、类型多样,是全球影响力最大的生态调节区。

  近日,我省申报的《青海青海湖国际重要湿地保护与恢复工程》《青海扎陵湖-鄂陵湖国际重要湿地保护与恢复工程》获得立项批复并纳入投资计划。这两个项目批复总投资17527万元,建设期限为2017年至2019年。2017年将下达投资7500万元,其中,中央预算内投资6000万元、地方配套资金1500万元。资金主要用于实施湿地生态修复、植物恢复工程、改善鸟类繁殖环境、恢复鸟类繁殖地、疫源疫情监测、鸟类环志监测站和附属设施建设等。

      目前,我国现有49处国际重要湿地,其中我省有青海湖鸟岛、扎陵湖、鄂陵湖3处国际重要湿地。


青海省人民政府网

http://www.qh.gov.cn/zwgk/system/2017/06/16/010269114.shtml


上一篇:​གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་སྒྲོག་འགྲེལ་གང་ལེགས་བྱས་པ།

下一篇:བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1867723 位访客