བོད་ཀྱི་རྩོམ་རིག་ལོ་རྒྱུས་རགས་ཙམ་ངོ་སྤྲོད།

发布时间:2017-06-15 03:21:45

ཁག་དང་པོ།ས་སྐྱ་ནས་གཙང་རྒྱལ་བར།

༡རྗེ་བཙུན་མི་ལ་རས་པ་ནི་སྤྱི་ལོ1040ནས1123ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་མང་ཡུལ་གུང་ཐང་སྐྱང་རྔ་རྩར་སྐུ་འཁྲུངས། ཁོང་གིས་ཉམས་མགུར་མང་དུ་བརྩམས་ཏེ་རྗེས་རབས་པས 《རྗེ་མཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བའི་མགུར་འབུམ》བསྒྲིགས། ཉམས་མགུར་མང་དུ་བཞེངས།

༢ཞང་ཞུང་ཆོས་དབང་གྲགས་པ་ནི་ཤིང་སྤྲེལ1404ནས1469ལོར་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུལ་དུ་ཕྱིན་པའི་རྒྱུད་དུ་ཞང་ཞུང་དུ་འཁྲུངས། དགུང་ལོ35སྟེང《རྒྱལ་བོ་ར་མ་ཎའི་རྟོགས་བརྗོད》མཛད།《རྣམ་ངེས་འཐད་ལྡན》གྱི་འགྲིལ་བཤད་དང་《དུས་འཁོར་བསྐྱེད་རྫོགས》མཛདམཁས་གྲུབ་རིན་པོ་ཆེས་དུས་འཁོར་ཊིཀ་ཆེན་རྩོམ་འཕྲོ་ལུས་པ་མཇུག་རྫོགས་པར་མཛད། ཡང་སྙན་ངག་གིས་ཡོངས་སུ་སྤུད་པའི་ལྷ་དང་བླ་མའི་བསྟོད་པ་སོགས་བཀའ་རྩོམ་མང་བོ་མཛད།

༣ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ནི་ཆུ་སྟག་ལོར1182ནས1251ལོར་ཡབ་འཁོན་དཔལ་ཆེན་འོད་པོ་ཆེ་དང་ཡུམ་གར་ཕུན་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ70ཐོག་ལང་ཅུར་སྐུ་གཤེགས།གསུང་རྩོམ་ལ《ཐུབ་པའི་དགོངས་པ་་རབ་གསལ》《ས་སྐྱ་ལེགས་བཤད》《ས་པཎ་མཁས་འཇུག》《རོལ་མོའི་བསྟན་བཅོས》《ཚད་མ་རིགས་གཏེར》《སྡོམ་གསུམ་རབ་དབྱེ》སོགས་མང་དུ་མཛད།

༤འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ཤིང་ལུག་ལོར1235ནས1280ལོར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ཡུམ་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་ས་སྐྱར་འཁྲུངས།གསུང་འབུམ་ལ་པོད་གསུམ་ཡོད།

༥ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ནི་མཆོག་ནི་བོད་སྤྲེལ་ལོའི1308ནས1363ལོར་ཡབ་བསྟན་པ་སྲུང་དང་ཡུམ་འབྲོག་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་འཁྲུངས། དཔལ་བསམ་ཡས་མཆིམས་ཕུ་རུ་སྐུ་གཤེགས། གསུང་ཆོས་ལ་ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་བཅུ་སྟེ་གསུང་ཆོས་ཉིས་བརྒྱ་ལྔ་བཅུ་ང་གསུམ་བཞུགས་པར་གྲགས།

༦རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་རྒྱལ་མཚན་མཆོག་ནི་བོད་མེ་བྱ་ལོར་སྤྱི་ལོ1357ནས1419བར་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས།གསུང་རབ་ལ་མདོ་སྔགས་རྒྱ་མཚོ་ལྟ་བུའི་བཅུད་བསྡུས་པ་ལམ་སྔགས་གཉིས་དང༌།ལྟ་བའི་ལེགས་བཤད་ཆེན་པོ་ལྔ། བསྟོད་ཆེན་བཞི་སོགས་པོ་ཏི་བཅུ་དགུ་བཞུགས།རྗེ་བླ་མའི་རྣམ་ཐར་གྱི་འགངས་སོགས་བཀའ་རྩོམ་བྱང་ཆུབ་ལ་ལམ་གྱི་རིམ་པའི་བསྟན་བཅོས་ཆེ་ཆུང་སོགས་ཡོད། དགའ་ལྡན་རྣམ་པར་རྒྱལ་བའིགླིང་དུ་སྐུ་གཤེགས།

༧བོ་དོང་པན་ཆེན་འཇིགས་མེད་གྲགས་པ་ནི་མེ་ཕོ་འབྲུག་ལོ1376ནས1451བར་ཡབ་སྟོན་པ་ཆོས་དབྱངས་རྒྱ་མཚོ་དང་ཡུམ་བྱང་ཆུབ་སྒྲོན་གཡི་སྲས་སུ་གཙང་གི་དབྱིག་གུ་ཞེས་པའི་སར་འཁྲུངས།བཀའ་རྩོམ་མང་དུ་མཛད་ཅིང་དེང་དུས་ཕྱི་རྒྱལ་དུ་པར་སྐྲུན་བྱས་པའང་པོ་ཏི་ཆིག་བརྒྱ་སོ་བདུན་བཞུགས།

༨མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་ཤིང་གླང་ལོ1385ནས1438བར་ཡབ་བཀྲ་ཤིས་བཔལ་བཟང་དང་ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་གཙབ་ལ་སྟོད་བྱང་གི་སའི་ཆ་ལྡོག་གཞུང་དུ་འཁྲུངས།གསུང་ཆོས《འགྲེལ་བ་དོན་གསལ་གྱི་རྣམ་བཤད་རྟོག་དཀའི་སྣང་བ》《དབུ་མའི་རྣམ་བཤད་སྟོང་ཐུན་སྐལ་བཟང་མི་འབྱེད》 སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》《རྗེའི་རྣམ་ཐར་ཐུན་མོང་བ་དད་པའི་འཇུག་ངོགས》 《ཐུན་མོང་མ་ཡིན་པ་གསང་བའི་རྣམ་ཐར》《རྣམ་ཐར་བསྟོད་པ་དད་པའི་རོལ་མཚོ》དཔལ་ལྡན་ས་གསུམ་མ་སོགས་པོད་ཙཟབཞུགས།

༩སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ནི་བོད་ཤིང་བྱ་ལོར་ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས་ཤིང་གསུང་རྩོམ་ལ་དུས་འཁོར་སྤྱི་དོན་དང་གྲུབ་མཐའ་ཀུན་ཤེས།རིག་གནས་ཀུན་ཤེས། བསྒྱུར་རྩོམ་ལ་བསྟན་འགྱུར་ལས་སྡེབ་སྦྱོར་གྱི་བསྟན་བཅོས་སོགས་དང༌། ད་དུང་གསོ་དཔྱད་བྱུང་ཚུལ་གྱི་ལོ་རྒྱུས་དང་སྨན་གྱི་སྤྱི་དོན་དང་བཅས་པ་མཁས་བའི་ཡིད་འཕྲོག་སོགས་མང་དུ་བཞུགས།

༡༠པཎ་ཆེན་བློ་བཟང་ཆོས་རྒྱལ་མཆོག་ནི་བོད་ལྕགས་རྟ་ལོར་སྤྱི་ལོ1567ལོར་སྐུ་འཁྲུངས་ཤིང་་སྤྱི་ལོ1662ལོར་ཡབ་ཚེ་རིང་དཔལ་འབྱོར་དང་ཡུམ་མཚོ་རྒྱལ་གཤིས་ཀྱི་སྲས་སུ་གཙང་ལྷུན་དྲུག་རྒྱ་བའི་སྤེའུ་ཉེས་པའིཡུལ་དུ་འཁྲུངས། གསུང་རྩོམ་ལ་གསུང་འདུས་རིན་ལྔའི་་ཌཱི་ཀྐ་དང་བླ་མཆོད་ཕྱག་ཆེན་རྩ་འགྲེལ་སོགས་པོད་ལྔ་བཞུགས།

༡༡པཎ་ཆེན་ཤཱཀྱ་མཆོག་ལྡན་ནི་སྤྱི་ལོ1425ལོ་ནས་སྤྱི་ལོ1506ཡབ་ནམ་མཁའ་དཔལ་བཟང་དང་ཡུམ་ཡུན་ཤཱཀྱ་བཟང་མོ་གཉིས་ཀྱི་སྲས་སུ་གསང་ཕུ་གསང་བདའ་ང་རིམ་ཞེས་པར་འཁྲུངས། གསུམ་འབུམ་རིགས་གཏེར་དགོངས་རྒྱན་དང་ཕར་ཕྱིན་ལུང་རིགས་རོལ་མཚོ་སོགས་གཞུང་འགྲེལ་དང་བསྟོད་ཚོགས། རྣམ་ཐར། རྟོགས་བརྗོད།སྙན་འགྲེལ་སོགས་པོད་ཉེར་བཞི་བཞུགས།

༡༢རིན་སྤུངས་ངག་དབང་འཇིགས་གྲགས་ནི་བོད་ཆུ་སྟག་ལོར་འཁྲུངས་ཤིང་གསུང་རྩོམ་ལ་ས་པཎ་རྟོགས་བརྗོད་བསྐལ་བཟང་ལེགས་ལམ་དང་སྙན་འགྲེལ་མི་འཇིགས་སེང་གེ་ང་རོ།མངོན་བརྗོད་མཁས་བའི་རྣ་རྒྱན་སོགས་བཞུགས།

༡༣ཀརྨ་བ་རང་བྱུང་རྡོ་རྗེ་ནི་སྤྱི་ལོ1284ནས་སྤྱི་ལོ1339ལོར་ཡབ་ཆོས་དཔལ་དང་ཡུམ་ཇོ་མོ་གཡང་འདྲེན་གཉིས་ཀྱི་སྲས་སུ་གཙང་སྟོད་སྐྱིད་གྲོང་འཕགས་པ་ལྦ་ཏེའི་ལྷ་ཁང་གི་ལྷོ་ཕྱོགས་གངས་ཞུར་མོ་ཞེས་པའི་སར་སྐུ་འཁྲུངས། གསེར་དངུལ་གྱིས་བསྟན་འགྱུར་པོ་ཏི་བརྒྱ་དང་དྲུག་ཅུ་བཞེངས། གསུང་རབ་ལ་སྟོན་པའི་སྐྱེས་རབས་སོགས་བཞུགས།

༡༤བུ་སྟོན་རིན་ཆེན་གྲུབ་ནི་བོད་ལྕགས་པོ་སྟག1290ནས1364ལོར་ཡབ་རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང་ཡུམ་བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་གཙང་སྟོད་ཁྲོ་ཕུ་ཕྱོགས་ཀྱི་ཤ་སྨད་སྒོམ་གནས་སྒོན་པ་རུ་སྐུ་འཁྲུངས་གསུང་འབུམ་ལ་ཕང་ཕྱིན་གྱི་ཊཱིཀྐ་ལུང་གི་སྙེ་མ་དང་མཐོང་ལམ་སྟོང་ཐུན། ལྟ་བ་ངན་སེལ།བུ་སྟོན་ཆོས་འབྱུང་་སོགས་པོད27བཞུགས།

༡༥པཎ་ཆེན་བསོད་ནམས་གྲགས་པ་ནི་སྤྱི་ལོ1478ནས་སྤྱི་ལོ1554བར་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས། གསུང་རྩོམ་ལ་རྒྱུད་སྡེ་སྤྱིའི་རྣམ་བཤད་དང་ཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད།དབུ་མའི་སྤྱི་དོན་དང་མཐའ་དཔྱོད་སོགས་ཆོས་ཚན14བཞུགས

༡༦གཏེར་སྟོན་ཨུ་རྒྱལ་གླིང་བ་ནི་སྤྱི་ལོ1323ལོར་གཡོ་རུ་གྲྭ་ནང་གི་ཡར་རྗེ་ཞེས་པར་འཁྲུངས། བསྐྱེད་རིམ་བླ་མ་བསྟན་གཉིས་སྐོར་གསུམ་ཞི་དྲག ཐུགས་རྗེ་ཆེན་པོ་པདྨ་སྙིང་ཐིག་རྫོགས་ཆེན་ཚེ་སྒྲུབ་སོགས་རྫོགས་པ་ཆེན་པོ་སྐོར་དང༌། པདྨ་བཀའ་ཡི་ཐང་ཡིག་ཆེན་མོ་སོགས་བརྡོལ།

༡༧འབྲུག་པ་ཀུན་ལེགས་ནི་སྤྱི་ལོ1455ལོ་ནས་སྤྱི་ལོ1428ལོར་ཡབ་ནང་སོ་རིན་ཆེན་བཟང་པོ་དང་ཡུམ་དཔོན་མོ་མགོན་མོ་སྐྱིད་གཉིས་སྐྱི་སྲས་སུ་སྐྱིད་ཤོད་དུ་སྐུ་འཁྲུངས། ཉམས་བཞེས་བཟང་མོ་མཛད།

༡༨ཤར་སྐལ་ལྡན་རྒྱ་མཚོ་ནི་སྤྱི་ལོ1607ལོ་ནས་སྤྱི་ལོ1677ལོར་ཡབ་མཁར་འབུམ་རྒྱལ་དང་ཡུམ་སྙིང་མོ་གཉིས་ཀྱི་སྲས་སུ་མདོ་སྨད་རེབ་གོང་དུ་སྐུ་འཁྲུངས། གསུང་ཆོས་ལ་གཞུང་འགྲེལ་དང་རྣམ་ཐར།མགུར་མ་སོགས་པོད་ལྔ་བཞུགས།

༡༩རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ་མཆོག་ནི་བོད་མེ་སྦྲུལ་སྟེ་སྤྱི་ལོ1617ལོར་ཡབ་ཧོར་བདུད་འདུལ་རབ་བརྟན་དང་ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་འཕྱོང་རྒྱས་འཕྱིང་བ་སྟག་རྩེ་རུ་སྐུ་བསྟམས། གསུང་རྩོམ་ལ་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་འཇམ་དཔལ་ཞལ་ལུང་དང་ཕར་ཕྱིན་བློ་བཟང་དགོངས་རྒྱན།དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། སྙན་འགྲེལ་དབྱངས་ཅན་ལྷ་མོའི་དགྱེས་གླུ་སོགས་མང་དུ་མཛད།

༢༠བོད་མཁས་བ་མི་ཕམ་དགེ་ལེགས་རྣམ་རྒྱལ་ནི་བོད་ས་རྟ་ལོ་སྟེ་སྤྱི་ལོ1618ལོར་སྐུ་འཁྲུངས་ཤིང༌། གསུང་རྩོམ་ལ་སྙན་འགྲེལ་དཎྟིའི་དགོངས་རྒྱན་དང་སྙན་ངག་དཔེ་བརྗོད་ལེགས་པར་བཤད་པ་སྒྲ་དབྱངས་རྒྱ་མཚོ་འཇུག་ངོགས། སྙན་ངག་མེ་ལོང་མའི་ལེའུ་གཉིས་བའི་དཔེ་རྒྱན་གྱི་རྣམ་གྲངས་མཚུངས་གསལ་གྱི་སྒྲ་དྲུག་ཅུ་རེ་ལྔའི་དཔེ་བརྗོད་རང་བྱུང་དབྱངས་ཀྱི་རྒྱལ་མོའི་མགྲིན་སྒྲ་སོགས་མཛད།

༢༡རྒྱལ་བ་དགེ་འདུན་གྲུབ་ནི་སྤྱི་ལོ1391ལོར་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་ཇོ་མོ་གནམ་སྐྱིད་གཉིས་ཀྱི་སྲས་སུ་གཙང་ཕྱོགས་གུར་མའི་ཡུལ་དུ་འཁྲུངས། གསུང་རབ་ལ་འདུལ་བའི་གླེང་འབུམ་ཆེན་མོ་དང་ཚད་མའི་བསྟན་བཅོས་ཆེན་པོ་རིགས་པའི་རྒྱན། མདོ་རྩདང་སོ་ཐར། རྣམ་འགྲེལ་དང་རྩ་ཤེ། འཇུག་ངོགས་རྣམས་ཀྱི་ཊཱིཀྐ་བདུད་དཔུང་ཕྱེར་འཐག་མ་སོགས་བསྟན་བཅོས་ཚན་པ་༢༥དང་སྒྲུབ་ཐབས་དང་སྨོན་ལམ།དྲིས་ལན་བཅས་པོད་དྲུག་ཙམ་བཞུགས།

ཇོ་ནང་ཏཱ་ར་ནཱ་ཐ་ནི་བོད་ཤིང་མི་ཕག་ལོ་སྟེ་སྤྱི་ལོ1575ལོར་ཡབ་རྣམ་རྒྱལ་ཕུན་ཚོགས་དང་ཡུམ་རྡོ་རྗེ་ཀུན་དགའ་གཉིས་ཀྱི་སྲས་སུ་དབུས་གཙང་གཉིས་ཀྱི་མཚམས་དབུས་ཀྱི་ཁོངས་གཏོགསའབྲང་ཡུལ་དུ་འཁྲུངས།སྐུ་འཁྲུངས། སྤྱི་ལོ1634ལོར་རྟག་བརྟན་དམ་ཆོས་གླིང་དུ་སྐུ་གཤེགས། གསུང་རྩོམ་ལ་རྒྱ་གར་ཆོས་འབྱུང་དང་འཇིགས་བྱེད་ཆོས་འབྱུང་སོགས་ཇོ་ནང་བའི་ལུགས་ཡི་གསུངས་ཆོས་པོད་བཞི་བཞུགས།

༢༣ག་ཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་ནི་སྤྱི་ལོ1452ནས1507ལོར་ཡབ་སངས་རྒྱས་དཔལ་ལྡན་དང་ཡུམ་སངས་རྒྱས་འདྲེན་གཉིས་ཀྱི་སྲས་སུ་གཙང་མྱང་སྟོད་སྟག་ཚལ་དུ་འཁྲུངས། གསུང་རྩོམ་ལ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང་མར་པའི་རྣམ་ཐར་སོགས་ཡོད།

༢༤ དཔལ་ལྡན་དགའ་བའི་ལྷ་ནི་སྤྱི་ལོ510ནས648ལོའི་རྒྱ་གར་གྱི་མི་ཡིན།

༢༦ཆོས་རྒྱལ་དགེ་བའི་དབང་པོའི་གསུང་རྩོམ་ནི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་བཅས་ཡོད།

༢༧ཤིང་སྟོན་རྡོ་རྗེ་རྒྱལ་མཚན་ནི་རབ་བྱུང་བཞི་བའི་ཕྱེད་སྔ་མར་ད་ལྟའི་དེང་རི་རྫོང་ཁོངས་ལ་སྟོད་སྤྱང་ལུང་ཤར་ཁར་བོང་ར་ཞེས་པར་འཁྲུངས། ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་མེ་ལོང་དང་དུས་འཁོར་འགྲེལ་བ་བཅས་པ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་བསྟོད་པ་བརྒྱ་བ་སོགས་བསྒྱུར།བྱང་ཆུབ་སེམས་དཔའི་རྟོགས་བརྗོད་ཡལ་འདབ་བརྒྱ་རྩ་བརྒྱད་ཀྱི་བདག་ཉིད་ཅན་དཔག་བསམ་འཁྲི་ཤིང་དེ་རྒྱ་གར་གྱི་པཎ་ཊི་ཏ་ལམྐྴ་ཀ་ར་དང་མཉམ་དུ་བསྒྱུར།

༢༨ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེ་ནི་ས་བྱ་ལོ་སྟེ་སྤྱི་ལོ309ཡབ་དྲུང་ཆེན་སྨོན་ལམ་རྡོ་རྗེ་དང་ཡུམ་ཆེན་གྱི་སྲས་སུ་སྐུ་འཁྲུངས་ཤིང་བརྩམས་ཆོས་ལ་ཚལ་པ་བཀའ་འགྱུར་གྱི་དཀར་ཆགས་དང་དེབ་ཐེར་དམར་པོ། དེའི་ལྷན་ཐབས་དེབ་ཐེར་མཁས་པའི་ཡིད་འཕྲོག།དེབ་ཐེར་ཁྲ་བོ་གུང་ཐང་བླ་མ་ཞང་གི་རྣམ་ཐར་དང་རང་ཉིད་ཀྱི་ཡབ་སྨོན་ལམ་རྡོ་རྗེའི་རྣམ་ཐར་སོགས་མཛད།

༢༩མཁས་བའི་དབང་བོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ནི་སྤྱི་ལོ1322ལོར་ནས་སྤྱི་ལོ1481ལོར་ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་ཡུམ་སྲི་ཐར་སྐྱིད་གཉིས་ཀྱི་སྲས་སུབོད་ཡུལ་དབུས་ལྷོ་ཁ་འཕྱོང་རྒྱས་ཁོངས་བ་རའི་གྲོང་ནག་མེ་དགུ་ཞེས་པའི་ས་ཆར་འཁྲུངས། གསུང་རྩོམ་ལ་དུས་འཁོར་དང་རྩིས་ཀྱི་སྐོར། རྒྱུད་བླ་མའི་འགྲེལ་བཤད་དང་མངོན་རྟོགས་རྒྱན་གྱི་འགྲེལ་བ། དེབ་ཐེར་སྔོན་པོ་སོགས་ཁྱོན་སྡོམ་པོད་བཅུ་ཙམ་ཡོད།




ཚྭ་འདམ་བོད་ཡིག་དྲ་བ།

http://www.zw.haixi.gov.cn/info/1018/2915.htm


上一篇:ཞུ་འཕྲིན་ཕོ་ཉ་གཞོན་ནུ་དོན་གྲུབ།

下一篇:བོད་ཅེས་བྱ་བའི་མིང་གི་བྱུང་ཚུལ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790148 位访客